[facetwp counts="true"]
[facetwp facet="keyword_filter"]
[facetwp facet="announcement_categories"]
[facetwp facet="tags"]
[facetwp sort="true"]
  •    གསལ་སྒྲགས།
    སྲིད་སྐྱོང་གཟེངས་བསྟོད་ཀྱི་ལག་འཁྱེར་དང་ལེགས་སྐྱེས་གནང་རྒྱུའི་གསལ་བསྒྲགས།
    ཟླ་བ་ ༡ ཚེས ༡༥ ༢༠༢༠
     
    ཕྱི་ལོ་  ༢༠༢༠ ཟླ་ ༡ ཚེས་ ༡༥ རེས་གཟའ་ལྷག་པ།  ༄༅། །ཕྱི་ལོ་ ༢༠༢༠ ནས་བཟུང་འཛིན་རིམ་བཅུ་པའི་རྒྱལ་ཡོངས་ཡིག་རྒྱུགས་ཀྱི་གྲུབ་འབྲས་བརྒྱ་ཆ་ ༩༥ ལོན་པ་དང་། བོད་ཡིག་སློབ་ཚན་ཐོག་ཉུང་མཐར་བརྒྱ་ཆ་ ༧༥ ལོན་པའི་བོད་རིགས་རྩེ་ཕུད་སློབ་མ་གྲངས་བཅུ་ལ་སྲིད་སྐྱོང་གཟེངས་བསྟོད་ཀྱི་ལག་འཁྱེར་དང་ལེགས་སྐྱེས་ཧིན་སྒོར་ ༢༥,༠༠༠།༠༠ གནང་རྒྱུ་ཡིན་པས། དེ་དོན་བརྒྱ་ཆ་སོན་པའི་སློབ་མ་རྣམས་ནས་གཤམ་འཁོད་དགོས་ངེས་ཡིག་ཆ་ཁག་ལ་དག་མཆན་བཀོད་དེ་ཕྱི་ལོ་… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ཆོད་གན་ལས་བྱེད་གསར་འདེམས་གསལ་བསྒྲགས།
    ཟླ་བ་ ༡ ཚེས ༡༤ ༢༠༢༠
     
    ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༡༤ རེས་གཟའ་མིག་དམར།  ༄༅། །བོད་མིའི་སྒྲིག་འཛུགས་ནང་སྲིད་ཁྱབ་ཁོངས་རྡ་ས་བྱམས་པ་གླིང་རྒས་གསོ་ཁང་དུ་གཉེར་པ་ ༡ ཆོད་གན་ངོ་བོའི་ཐོག་བསྐོ་གཞག་ཞུ་རྒྱུར་སོང་ཆ་རྐྱེན་དང་དགོས་མཁོའི་ཡིག་ཆ་ཁག་གཤམ་གསལ་ལྟར་ཚང་དགོས་རྒྱུ། ཆ་རྐྱེན་དང་དགོས་མཁོའི་ཡིག་ཆ། ༡། ནང་སྲིད་སྐོུ་དྲུང་ཆེ་མཆོག་གི་མཚན་ཐོག་རང་ཉིད་ལས་དོན་དེར་དོ་དབྱིངས་ཡོད་པའི་ཞུ་སྙན་འབུལ་དགོས་རྒྱུ། ༢། ཉུང་མཐའ་འཛིན་རིམ་བརྒྱད་པ་ཐོན་པའི་ལག་འཁྱེར་ཡོད་པ་དེ་དང་མཚུངས་པའི་ཤེས་ཚད་ལག་འཁྱེར་ཡོད་ན་འཐུས་རྒྱུ། འཛིན་རིམ་བཅུ་པ་དང་བཅུ་གཉིས་དེ་ལས་འགལ་བའི་ལག་འཁྱེར་ཡོད་པ་དང་དེ་མཚུངས་གཉེར་པ་ལ་སོགས་པའི་ལས་ཀའི་ཉམས་མྱོང་ཡོད་ཚེ་དམིགས་བསལ་དགོངས་བཞེས་གནང་རྒྱུ། ༣ བོད་དབྱིན་གཉིས་བྲིས་ཀློག་ཐུབ་པ་དང་ཧིན་དི་དང་དབྱིན་ཇི་གཉིས་ཀྱི་སྐད་རང་སྐྱ་འཕེར་བ་དགོས་རྒྱུ།… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ལས་བྱེད་ས་སྟོང་གསལ་བསྒྲགས།
    ཟླ་བ་ ༡༢ ཚེས ༣༡ ༢༠༡༩
     
    ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༣༡ རེས་གཟའ་མིག་དམར།  ༄། །བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་སྡེ་ར་ལྡུན་མངོན་དགའ་བོད་ཕྲུག་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་གྲྭའི་ནངདགེ་ཆེ་ས་མིག་གཅིག་སྟོང་པ་ཡོད་ན། རང་རེའི་སྤྱི་ཚོགས་ཁྲོད་གོང་གསལ་ས་མིག་ཐོག་ཞུགས་འདོད་ཡོད་རིགས་ནས་གཤམ་གསལ་ཆ་རྐྱེན་ཚང་ཐོག་འཚང་སྙན་འབུལ་དགོས། དགོས་མཁོའི་ཆ་རྐྱེན་ཁག ༡༽ ངོས་འཛིན་ཡོད་པའི་མཐོ་རིམ་གཙུག་ལག་སློབ་གཉེར་ཁང་གང་རུང་ནས Graduate ཐོན་པ། ཡང་ན་ TGT ལག་འཁྱེར་ཐོག་ཉུང་མཐར་ཉམས་མྱོང་ལོ་ ༡… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ས་མིག་གསལ་བསྒྲགས།
    ཟླ་བ་ ༡༢ ཚེས ༡༨ ༢༠༡༩
     
    ༢༠༡༩ ཟླ་ ༡༢ ཚེས་ ༡༨ རེས་གཟའ་ལྷག་པ། ༄༅། །བོད་མིའི་དྭང་བླངས་འཕྲོད་བསྟེན་ཚོཌ་པའི་སྐོར་བསྐྱོད་ལས་གཞིའི་ཆེད་རྡ་སར་ཆོད་གན་སྨན་ཞབས་གཅིག་གི་ས་སྟོང་ཡོད་ན། རང་རེའི་སྤྱི་ཚོཌ་ཁྲོད་ཞུགས་འདོད་ཡོད་མཁན་རྣམས་ནས་འཚང་སྙན་ཕུལ་སྐབས་ཚང་དགོས་པའི་ཆ་རྐྱེན་གཤམ་གསལ། དགོས་ངེས་ཆ་རྐྱེན་གཞན། ༡། སྨན་ཞབས་ General Nursing or B.Sc. Nursing ཐོག་ལོ་གཉིས་ལས་མྱོང་ཅན། ༢།… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ལས་བྱེད་ཀྱི་དམིགས་སྒོར་སྔོན་འགྲོའི་འོས་སྦྱོང་གསར་བསྡུའི་གསལ་བསྒྲགས། ༼  བསྐྱར་བཅོས་  ༽
    ཟླ་བ་ ༡༢ ཚེས ༡༨ ༢༠༡༩
     
    ༢༠༡༩ ཟླ་ ༡༢ ཚེས་ ༡༨ རེས་གཟའ་ལྷག་པ། ༄༅། །ས་རཱ་བོད་ཀྱི་མཐོ་སློབ་ཏུ་དུས་ཡུན་རིང་ཐུང་འདྲ་མིན་ཐོག་ལས་བྱེད་འོས་སྦྱོང་དང་ཟབ་སྦྱོང་སྔ་རྗེས་ཕུལ་བའི་སྲི་ཞུའི་ལས་བྱེད་དུ་ཚུད་མིན་ལ་མ་ལྟོས་པར་དོན་དངོས་ཕན་ཐོགས་གང་ལེགས་བྱུང་ཡོད་ཅིང་། སྐབས་ ༡༥ པའི་བཀའ་ཤག་གི་དགོངས་གཞི་དང་བསྟུན་ཏེ་ཨ་རི་ (USAID) ལས་གཞིའི་རོགས་སྐྱོར་འོག་བོད་མིའི་སྒྲིག་འཛུགས་མ་ལག་དང་བཅས་པའི་ལས་བྱེད་ཀྱི་དམིགས་སྒོར་དུས་ཐུང་ཐེངས་བཞི་པའི་དུམ་བུ་གཉིས་པའི་འོས་སྦྱོང་དེ་ས་རཱ་བོད་ཀྱི་མཐོ་སློབ་ཏུ་ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༡ ནས་འགོ་འཛུགས་ཀྱིས་ཟླ་གྲངས་… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ཕྱི་ལོ་ ༢༠༢༡ ལོའི་ཨ་རི་བོད་མིའི་སློབ་ཡོན་ TSP  གྱི་གསལ་བསྒྲགས།
    ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡༦ རེས་གཟའ་ཟླ་བ། ༄༅། །ཕྱི་ལོ་ ༢༠༢༡ ལོའི་ཨ་རི་བོད་མིའི་སློབ་ཡོན་ TSP  གྱི་གསལ་བསྒྲགས་དང་འགེངས་ཤོག་འདི་གར་མཉམ་སྦྱར་ཞུས་ཡོད་ན་ཐུགས་ཞིབ་ཀྱིས་དེ་གའི་ཁྱབ་ཁོངས་མང་ཚོགས་ལ་མ་གོ་མ་ཐོས་མེད་པའི་གསལ་བསྒྲགས་ནན་འདྲོངས་ཡོང་བ་དང་། གློག་འཕྲིན་འདི་འབྱོར་རྗེས་འདི་ལས་སུ་འབྱོར་ལན་ངེས་གནང་ཡོང་བ་དེ་དོན་དགོངས་འཇགས་ཞུ། ཤེས་རིག་སློབ་ཡོན་ཚན་པ་ནས། ། གསལ་བསྒྲགས་ངོ་མ།  འགེངས་ཤོག་ཕབ་ལེན།  འབྲེལ་གཏུགས་བྱ་ཡུལ། … རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    སོ་ནམ་སློབ་སྟོན་པའི་ས་མིག་གསལ་བསྒྲགས།
    ཟླ་བ་ ༡༢ ཚེས ༤ ༢༠༡༩
     
    ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༤ རེས་གཟའ་ལྷག་པ།  ༄༅། །བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་སྦེལ་ཀོབ་དང་། ཏི་ཛུ། ཨོ་ཌི་ཤ་བཅས་ཀྱི་ས་གནས་སུ་སོ་ནམ་སློབ་སྟོན་པའི་ས་མིག་གྲངས་ ༤ ཁ་སྐོང་ཆེད་ཆོད་གན་གྱི་ངོ་བོའི་ཐོག་བསྐོ་གཞག་གནང་རྒྱུ་ལགས་ན་གཤམ་གསལ་གྱི་ཆ་རྐྱེན་ཚང་རིགས་ནས་འཚང་སྙན་འབུལ་འཐུས། ཀ༽         དགོས་མཁོའི་ཆ་རྐྱེན། ༡།      ཤེས་ཚད།      ཉུང་མཐར་འཛིན་རིམ་བཅུ་གཉིས་ཐོན་པའམ།… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    སྙན་ངག་འགྲན་བསྡུར་གྱི་གྲུབ་འབྲས་གསལ་བསྒྲགས།
    ཟླ་བ་ ༡༡ ཚེས ༢༡ ༢༠༡༩
     
    ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༡ རེས་གཟའ་ཕུར་བུ།  ༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་སྨྱུག་དཔེ་སྐྲུན་ཁང་དང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་མཉམ་འབྲེལ་གྱིས་བོད་ཀྱི་ཁོར་ཡུག་ཐོག་སྙན་ངག་འགྲན་བསྡུར་གོ་སྒྲིག་ཞུས་པའི་གྲུབ་འབྲས་གཤམ་གསལ། རྩོམ་ཡིག་དཔྱད་ཞིབ་པ། ༡༽ ན་ག་སངས་རྒྱས་བསྟན་དར་ལགས། ༼ བོད་ཀྱི་དཔེ་མཛོད་ཁང་གི་རིག་གཞུང་ཉམས་ཞིབ་པ། ༽ ༢༽ བསྟན་འཛིན་བདེ་སྐྱིད་ལགས། ༼… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ས་མིག་གསལ་བསྒྲགས།
    ཟླ་བ་ ༡༡ ཚེས ༡༨ ༢༠༡༩
     
    ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡༨ རེས་གཟའ་ཟླ་བ།  ༄༅། །བོད་མིའི་དྭང་བླངས་འཕྲོད་བསྟེན་ཚོགས་པའི་ལས་ཁུངས་སུ་རྩིས་པ་གཅིག་གི་ས་སྟོང་ཡོད་ན། རང་རེའི་སྤྱི་ཚོགས་ཁྲོད་གོང་གསལ་ས་མིག་ཐོག་ཞུགས་འདོད་ཡོད་རིགས་ནས་འཚང་སྙན་འབུལ་སྐབས་ཚང་དགོས་པའི་ཆ་རྐྱེན་གཤམ་གསལ། དགོས་ངེས་ཆ་རྐྱེན་གཞན། ༡།  ཉུང་མཐར་ B.Com ཐོན་པའི་ལག་འཁྱེར། ༢།  དང་བླངས་དཔྱ་དངུལ་ཕྱི་ལོ་ ༢༠༡༩ ཟླ་… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ལྡི་ལི་ཤེས་རིག་དཔར་ཁང་དབུས་ལ་སྤྱི་ཁྱབ་རྩིས་པ་གཅིག་གི་ས་སྟོང་གསལ་བསྒྲགས།
    ཟླ་བ་ ༡༠ ཚེས ༣༡ ༢༠༡༩
     
    ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༣༡ རེས་གཟའ་ཕུར་བུ།  ༄༅། །ལྡི་ལི་ཤེས་རིག་དཔར་ཁང་དབུས་ཡིག་ཚང་དུ་སྤྱི་ཁྱབ་རྩིས་པ་ཛ་དྲག་དགོས་གལ་གྱིས་ལས་བྱེད་ངོ་མ་ཐོག་ས་མིག་སྟོང་པ་ཡོད་པའི་ཆ་རྐྱེན་ཚང་ཞིང་ཞུགས་བློ་ཡོད་རིགས་སོ་སོའི་ལག་འཁྱེར་ཡིག་ཆ་ཁག་དང་སྦྲགས་གཤམ་གསལ་ཁ་བྱང་ཐོག་ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡༥ འགྱངས་མེད་སྙན་ཞུ་དང་མི་ཚེའི་ལོ་རྒྱུས་མདོར་བསྡུས་ཞིག་ Curriculum Vitae སྦྲག་ཐོག་གམ་གློག་འཕྲིན་བརྒྱུད་ཡང་ན་ལྡི་ལི་ཤེས་དཔར་དབུས་ལས་ཁུངས་ལ་ཐད་ཀར་འབུལ་དགོས་རྒྱུ། སྙན་ཞུ་ནང་སོ་སོའི་ཁ་བྱང༌།… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ལས་བྱེད་གསར་འདེམས་གསལ་བསྒྲགས། ( བསྐྱར་བཅོས། )
    ༢༠༡༩ ཟླ་ ༡༠ ཚེས་ ༡༤ རེས་གཟའ་ཟླ་བ། ༄༅། །བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་གི་ལས་བྱེད་ས་མིག་སྟོང་པ་ཐོན་པར་ཁ་སྐོང་ཆེད་གསར་འདེམས་བསྐོ་གཞག་གནང་རྒྱུ་ཡིན་ན། གཤམ་གསལ་ས་མིག་སོ་སོའི་ཆ་རྐྱེན་ཚང་ཞིང་དོན་དམ་སྲི་ཞུའི་ལས་བྱེད་ཞབས་འདེགས་ཞུ་ འདོད་ཡོད་རིགས་ནས་འཚང་སྙན་འབུལ་འཐུས། སྤྱིར་བཏང་ལས་བྱའི་སྡེ་ཚན་ཁོངས་ལས་ཁུངས་དོ་དམ་པ་ ༠༡ དང་གཞོན་དྲུང་ ༠༡ བཅས་བསྡོམས་ལས་བྱེད་གསར་བསྐོ་ ༠༢ བྱ་རྒྱུའི་དགོས་ངེས་ཆ་རྐྱེན། ཀ༽ ལས་ཁུངས་དོ་དོམ་པའི་ས་མིག་… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ཕྱི་དྲིལ་རྒྱ་སྐད་ཚན་པའི་ཆེད་དམིགས་བཀར་ལས་དྲུང་ ༡ དང་རྒན་དྲུང་ ༡ གསར་འདེམས་གསལ་བསྒྲགས།
    ༢༠༡༩ ཟླ་ ༡༠ ཚེས་ ༡༤ རེས་གཟའ་ཟླ་བ། ༄༅། །བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་རྒྱ་སྐད་ཚན་པའི་ཆེད་དམིགས་བཀར་ལས་དྲུང་ ༡ དང་རྒན་དྲུང་ ༡ བཅས་ལས་བྱེད་ས་མིག་ཁ་སྐོང་ཆེད་གསར་འདེམས་བསྐོ་གཞག་གནང་རྒྱུ་ཡིན་ན། གཤམ་གསལ་ས་མིག་སོ་སོའི་ཆ་རྐྱེན་ཚང་ཞིང་དོན་དམ་སྲི་ཞུའི་ལས་བྱེད་ཞབས་འདེགས་ཞུ་འདོད་ཡོད་རིགས་ནས་འཚང་སྙན་འབུལ་གནང་ཡོང་བ་ཞུ།  ག༽    ཕྱི་དྲིལ་རྒྱ་སྐད་ཚན་པའི་ཆེད་དམིགས་བཀར་ལས་དྲུང་ ༡ དང། རྒན་དྲུང་ ༡… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ས་མིག་གསལ་བསྒྲགས།
    ཟླ་བ་ ༩ ཚེས ༢༤ ༢༠༡༩
     
    ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢༤ རེས་གཟའ་མིག་དམར།  ༄༅། །བོད་མིའི་དང་བླངས་འཕྲོད་བསྟེན་ཚོགས་པའི་ཁྱབ་ཁོངས་ལྡི་ལི་ས་གནས་འཕྲོད་བསྟེན་སྨན་ཁང་དུ་ཆོད་གན་སྨན་ཞབས་གཅིག་གི་ས་མིག་ཡོད་ན། རང་རེའི་སྤྱི་ཚོགས་ཁྲོད་གོང་གསལ་ས་མིག་ཐོག་ཞུགས་འདོད་ཡོད་རི༊གས་ནས་གཤམ་གསལ་ཆ་རྐྱེན་ཚང་ཐོག་འཚང་སྙན་འབུལ་དགོས། དགོས་མཁོའི་ཆ་རྐྱེན་ཁག ༡། སྨན་ཞབས་ GNM/B.Sc སློབ་ཐོན་ལག་འཁྱེར་ངོ་བཤུས། ༢། དང་བླངས་དཔྱ་དངུལ་ཕྱི་ལོ་ ༢༠༢༠ ཟླ་… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ལུགས་སྦྱོང་བརྡར་ཐེངས་དགུ་པའི་ཚོགས་བརྡ།
    ཟླ་བ་ ༩ ཚེས ༩ ༢༠༡༩
     
    ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༩ རེས་གཟའ་ཟླ་བ།   ༄༅། །བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་བསྐྱར་བཅོས་ཐེངས་ ༥ པ་གཏན་འབེབས་གནང་བའི་ནང་དོན་ཁག་ངོ་སྤྲོད་དང་། ཁྲིམས་ལུགས་རིག་པ་བ་རྣམས་བོད་མིའི་སྒྲིག་འཛུགས་ཁོངས་སྲི་ཞུ་ཞབས་འདེགས་ཞུ་རྒྱུ་སྐུལ་སློང་དང་། སྤྱི་སྒེར་ཁ་མཆུ་ཞུ་གཏུག་ཐོག་ཁྲིམས་རྩོད་པའི་ལས་འགན་ལེན་མཁན་སྐྱེད་སྲིང་ཡོང་ཐབས་སུ། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁྲིམས་ལུགས་སློབ་གཉེར་བ་དང་། ཁྲིམས་ལུགས་སློབ་ཐོན་ཟིན་པ་མི་གྲངས་ ༢༥ ལ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་སྦྱོང་བརྡར་ཐེངས་དགུ་པ་འཚོགས་གཏན་འཁེལ་བ་ལྟར། སྦྱོང་བརྡར་གྱི་ལས་རིམ་རགས་ཟིན་དང་། ཐོ་འགོད་ཞུ་སྒོའི་ཆ་རྐྱེན་ཁག་གཤམ་གསལ།… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    གསར་འགོད་གསལ་བསྒྲགས།
    ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༩ རེས་གཟའ་ཟླ་བ།  ༄༅། །༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་འཛམ་གླིང་ཡུལ་གྲུ་གང་ས་ནས་འགྲེམས་སྟོན་ལས་རིགས་རྗེས་འབྲེལ་ཚོགས་བཅར་བ་རྣམས་ལ། ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༢༧ ཉིན་གསུང་བཤད་གནང་སྐབས། — “ང་ཚོའི་འཛམ་གླིང་འདིར་སྔར་ལྷག་མི་ཕན་ཚུན་གཅིག་གིས་གཅིག་ལ་བདེ་སྡུག་གི་ཚོར་བ་མཉམ་མྱོང་དང་བྱམས་བརྩེའི་འདུ་ཤེས་གོང་སྤེལ་ཆེད།   ཤེས་བྱ་སྤེལ་རེས་ངེས་པར་བྱེད་དགོས་པ་དང་།… རྒྱས་པ་འདིར་གཟིགས་རོགས་གནང་།