[facetwp counts="true"]
[facetwp facet="keyword_filter"]
[facetwp facet="content_types"]
[facetwp facet="tags"]
[facetwp sort="true"]
  • ཁམས་སོག་རྫོང་གི་དགེ་འདུན་པ་ཚངས་དབྱངས་རྒྱ་མཚོ་ལགས་ལ་བཙོན་འཇུག་ཁྲིམས་ཆད་བཏང་བ
    ཟླ་བ་ ༡༠ ཚེས ༢༨ ༢༠༡༤
     •   གསར་ལས་ཁང་གི་གསར་འགོད་པས།
     
    ༢༠༡༤ ཟླ་ ༡༠ ཚེས་ ༢༨ རེས་གཟའ་མིག་དམར། ༄༅། །འདི་གར་ངག་དབང་ཐར་པ་ལགས་ཀྱིས་བཏང་གནས་ནང་འཁོད་དོན། ཁམས་སོག་རྫོང་ཁྲི་རུ་དྲིལ་མདའ་དགོན་པའི་དགེ་འདུན་པ་ཚངས་དབྱངས་རྒྱ་མཚོ་ལགས་ལ་རྒྱ་གཞུང་གིས་རྒྱ་ནག་ལ་ངོ་རྒོལ་བྱ་དགོས་པའི་སྐུལ་སློང་བྱས་པའི་ཉེས་མིང་འོག་ཁྲིམས་ཐག་ལོ་ ༡༢ བཅད་ཡོད་པ་དང་། ད་ལྟ་ལྷ་ས་ཆུ་ཤུལ་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་འདུག དེ་ཡང་ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༢༧ ཉིན་ཁོང་ལ་ཁྲིམས་ཐག་བཅད་ནས་ཉིན་… རྒྱས་པ་འདིར་གཟིགས་རོགས་གནང་།
  • རྒྱ་ནག་གཞུང་གིས་ཇ་པ་དགོན་པའི་མཁན་པོ་ཀརྨ་ཚེ་དབང་ལགས་ལ་ལོ་གཉིས་དང་ཟླ་བ་དྲུག་གི་ཁྲིམས་ཐག་བཅད་པ།
    ཟླ་བ་ ༡༠ ཚེས ༢༠ ༢༠༡༤
     •   གསར་ལས་ཁང་གི་གསར་འགོད་པས།
     
    ༢༠༡༤ ཟླ་ ༡༠ ཚེས་ ༢༠ རེས་གཟའ་ཟླ་བ། ༄༅། ། །ཁམས་ནང་ཆེན་རྫོང་ཇ་པ་དགོན་པའི་མཁན་པོ་ཀརྨ་ཚེ་དབང་ལགས་ལ་ཆབ་མདོ་ས་གནས་ཁྲིམས་ཁང་གིས་སྦས་སྲུང་གི་ཉེས་བཙུགས་འོག་ལོ་གཉིས་དང་ཕྱེད་ཀའི་ཁྲིམས་ཐག་བཅད་ཡོད་འདུག དེ་ཡང་བརྒྱུད་ལམ་ཁག་གཅིག་གི་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཟླ་བ་གཉིས་གསུམ་ཙམ་སྔོན་ཆབ་མདོ་ས་གནས་ཁྲིམས་ཁང་ནས་གསང་བའི་ངང་ཁྲིམས་རྭ་ཚུགས་ཏེ་ཁྲིམས་བཤེར་བྱས་པ་བརྒྱུད། ཁམས་ནང་ཆེན་རྫོང་ཇ་པ་དགོན་པའི་མཁན་པོ་ཀརྨ་ཚེ་དབང་ལགས་ལ་ཉེས་ཅན་སྦས་སྲུང་གི་ཉེས་པ་ཟེར་བའི་མིང་ཐོག་ནས་ལོ་གཉིས་དང་ཟླ་བ་དྲུག་གི་ཁྲིམས་ཐག་བཅད་ཡོད་འདུག མཁན་པོ་ཀརྨ་ཚེ་དབང་ལགས་ནི། ཕྱི་ལོ་ ༡༩༧༥ ལོར་འཁྲུངས་ཤིང་། ཁམས་ནང་ཆེན་ནས་ཡིན་པ་དང་། ཇ་པ་དགོན་པར་རབ་ཏུ་བྱུང་ནས་ལོ་མང་སོང་ཡོད་ལ། དེ་སྔ་གསེར་རྟ་བླ་རུང་ཆོས་སྒར་ལ་སློབ་སྦྱོང་གནང་མྱོང་འདུག  … རྒྱས་པ་འདིར་གཟིགས་རོགས་གནང་།
  • རྒྱ་ནག་གཞུང་གིས་རྡོ་རྗེ་རིན་ཆེན་ལགས་འཛིན་བཟུང་བྱས་པ།
    ཟླ་བ་ ༡༠ ཚེས ༢༠ ༢༠༡༤
     •   གསར་ལས་ཁང་གི་གསར་འགོད་པས།
     
    ༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡༦ ཉིན་གྱི་བོད་ནང་གི་ཕྱེད་ཡོལ་ཆུ་ཚོད་ ༢ ཙམ་ལ་དཀར་མཛེས་ཁུལ། གསེར་རྟ་རྫོང་། གསེར་རྟའི་ཉེ་འགྲམ་གྱི་ཁྲོམ་གཞུང་དུ་བོད་མི་རྡོ་རྗེ་རིན་ཆེན་ལགས་ཀྱིས་རླུང་རྟ་གཏོར་བཞིན་རྒྱ་གཞུང་ལ་ངོ་རྒོལ་གྱི་ཁྲོམ་སྐོར་བྱེད་སྐབས་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག དེ་ཡང་བརྒྱུད་ལམ་ཁག་གཅིག་གི་ནང་གནས་ཚུལ་ཐོན་གསལ་ལྟར་ན། རྡོ་རྗེ་རིན་ཆེན་ལགས་ཀྱིས་ངོ་རྒོལ་སྐབས་རླུང་རྟ་གཏོར་ནས་བོད་ལ་རང་དབང་ཐོབ་པར་ཤོག་ཅེས་སྐད་འབོད་བྱས་པར་བརྟེན རྒྱ་ནག་གི་ཉེན་རྟོག་པས་ཁོང་གི་སྐྲ་ནས་འཇུས་ཏེ་བཙན་ཁྲིད་བྱས་ཡོད་འདུག སྐབས་དེར་བོད་མི་ཁག་གཅིག་གིས་ཀི་བརྒྱབ་སྟེ། ཕྲན་བུ་འགོག་ཐབས་བྱས་ཡོད་ནའང་། ཕན་ཐོགས་བྱུང་མི་འདུག རྒྱ་ནག་སྲིད་གཞུང་གིས་བོད་མི་མང་ལ་བརྙས་བཅོས་ཀྱིས་མཚོན་ཚད་ལས་བརྒལ་བའི་བཙན་གནོན་དང་དབང་བསྒྱུར་བྱས་དང་བྱེད་མུས་ལ་བརྟེན།… རྒྱས་པ་འདིར་གཟིགས་རོགས་གནང་།
  • དཀོན་མཆོག་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་ལ་ཞི་རྒོལ་གནང་བ།
    ཟླ་བ་ ༡༠ ཚེས ༨ ༢༠༡༤
     •   གསར་ལས་ཁང་གི་གསར་འགོད་པས།
     
    ༢༠༡༤ ཟླ་ ༡༠ ཚེས་ ༨ རེས་གཟའ་ལྷག་པ། ༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༡༧ ཉིན་མགོ་ལོག་དགའ་བདེ་རྫོང་ཁོངས་གཙང་སྐོལ་བཤོལ་མ་གྲོང་བརྡལ་གྱི་ཉེན་རྟོག་ལས་ཁུངས་ཀྱི་ཉེ་འཁྲིས་སུ། རང་ལོ་ ༤༢ ཙམ་ཡིན་པའི་བོད་མི་དཀོན་མཆོག་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་གི་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ཞི་རྒོལ་བྱས་པའི་གནས་ཚུལ་ཐོན་འདུག འོན་ཀྱང་རྒྱུ་རྐྱེན་མང་པོ་ཞིག་ལ་བརྟེན་ནས་གནས་ཚུལ་འདི་ད་བར་བརྒྱུད་བསྒྲགས་བྱེད་ཐུབ་མེད། དེ་ཡང་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན།… རྒྱས་པ་འདིར་གཟིགས་རོགས་གནང་།
  • དཀར་མཛེས་རྫོང་དུ་པ་སངས་དབང་ཕྱུག་ལགས་ཀྱིས་རྒྱ་གཞུང་ལ་ཞི་ངོ་རྒོལ་གནང་བ།
    ཟླ་བ་ ༡༠ ཚེས ༦ ༢༠༡༤
     •   གསར་ལས་ཁང་གི་གསར་འགོད་པས།
     
    ༢༠༡༤ ཟླ་ ༡༠ ཚེས་ ༦ རེས་གཟའ་ཟླ་བ། ༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༤ ཉིན་བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༡༠།༥༠ ཡས་མས་ཤིག་ལ་ཁམས་ཏྲེ་ཧོར་དཀར་མཛེས་རྫོང་གི་ཁྲོམ་དཀྱིལ་དུ། ཚོང་པ་པ་སངས་དབང་ཕྱུག་ (མིང་གཞན། སྔོ་འབྲུ།)… རྒྱས་པ་འདིར་གཟིགས་རོགས་གནང་།
  • རྒྱ་ནག་གཞུང་གིས་འབྲི་རུ་ནས་དགེ་འདུན་པ་དྲུག་འཛིན་བཟུང་བྱས་འདུག
    ཟླ་བ་ ༡༠ ཚེས ༡ ༢༠༡༤
     •   གསར་ལས་ཁང་གི་གསར་འགོད་པས།
     
    ༢༠༡༤ ཟླ་ ༡༠ ཚེས་ ༡ རེས་གཟའ་ལྷག་པ། ༄༅། །ཕྱི་ཟླ་ ༩ ཟླ་མཇུག་ཙམ་ལ་འབྲི་རུ་རྫོང་། ཁུལ་ཤག་ཆུ་གྲོང་རྡལ་གྱི་ཝ་ཐང་འབྲོང་ངུར་བཀའ་བརྒྱུད་འཕེལ་རྒྱས་གླིང་དགོན་པའི་དགེ་འདུན་པ་དྲུག་རྒྱ་གཞུང་གིས་འཛིན་བཟུང་བྱས་པ་དང། ད་ལྟ་དགོན་པ་དམག་གིས་བསྐོར་ཞིང་དམ་བསྒྲགས་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་འདུག དེ་ཡང་ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༣༠ ཉིན་བརྒྱུད་ལམ་ཁག་གཅིག་ནང་གནས་ཚུལ་ཐོན་གསལ་ལྟར་ན།… རྒྱས་པ་འདིར་གཟིགས་རོགས་གནང་།
  • རྒྱ་ནག་གཞུང་གི་ཉེན་རྟོག་པས་བོད་མི་ཚོར་གང་བྱུང་གཅར་རྡུང་བཏང་བ།
    ཟླ་བ་ ༩ ཚེས ༢༦ ༢༠༡༤
     •   གསར་ལས་ཁང་གི་གསར་འགོད་པས།
     
    ༢༠༡༤ ཟླ་ ༩ ཚེས་ ༢༦ རེས་གཟའ་པ་སངས། ༄༅། །རྒྱ་ནག་གཞུང་གི་ཉེན་རྟོག་པས་མཚོ་སྔོན་ཞིང་ཆེན་མདོ་སྨད་གཅན་ཚ་རྫོང་མར་ཁུ་ཐང་གྲོང་བརྡལ་དུ་བོད་མི་གསུམ་ལ་དོན་མེད་གཅར་རྡུང་ཚད་མེད་བཏང་སྟེ། བོད་མི་གཅིག་གི་རྩིབ་རུས་དྲུག་བཅགས་ཏེ་ཚེ་སྲོག་གི་ཉེན་ཁར་ཐུག་ཡོད་འདུག དེ་ཡང་བརྒྱུད་ལམ་ཁག་གི་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༡༠ ཉིན་ནས་ཉིན་གྲངས་གསུམ་རིང་མཚོ་སྔོན་ཞིང་ཆེན་མདོ་སྨད་གཅན་ཚ་རྫོང་མར་ཁུ་ཐང་གྲོང་བརྡལ་དུ་ཕྱི་ལོ་ ༢༠༡༤ ལོའི་གཅན་ཚའི་མདའ་རྩེད་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་རྩལ་འགྲན་ཚོགས་དང་།… རྒྱས་པ་འདིར་གཟིགས་རོགས་གནང་།
  • གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར།
    ཟླ་བ་ ༩ ཚེས ༢༢ ༢༠༡༤
     •   གསར་ལས་ཁང་གི་གསར་འགོད་པས།
     
    ༢༠༡༤ ཟླ་ ༩ ཚེས་ ༢༢ རེས་གཟའ་ཟླ་བ། སྔོན་གླེང་། ༄༅། །ཉེ་ལམ་ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༡༧ རེས་གཟའ་ལྷག་པ་ཉིན་གྱི་མཚན་དཀྱིལ་དུ་ཨ་མདོ་ཀན་ལྷོ་ཁུལ་གཙོད་གྲོང་ཁྱེར་ཉེན་རྟོག་ཁང་གི་སྒོ་ཁ་རུ། གཙོད་གྲོང་ཁྱེར་དུ་སློབ་གྲྭར་འགྲོ་བཞིན་པའི་རང་ལོ་ ༢༢ ཡིན་པའི་སློབ་བུ་ལྷ་མོ་བཀྲ་ཤིས་ལགས་ནས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་སྟེ་འདས་གྲོངས་སུ་གྱུར་འདུག གནས་ཚུལ་དེ་བྱུང་མ་ཐག་རྒྱ་གཞུང་གི་ཉེན་རྟོག་པས་ཁོང་གི་སྐུ་ཕུང་འཁྱེར་ཡོད་པ་དང་།… རྒྱས་པ་འདིར་གཟིགས་རོགས་གནང་།
  • གྲྭ་བློ་བཟང་དགེ་འདུན་ལགས་སུ་ལོ་བཅུ་ཁྲིམས་ཐག་བཅད་པ།
    ཟླ་བ་ ༩ ཚེས ༢༢ ༢༠༡༤
     •   གསར་ལས་ཁང་གི་གསར་འགོད་པས།
     
    ༢༠༡༤ ཟླ་ ༩ ཚེས་ ༢༢ རེས་གཟའ་ཟླ་བ། ༄༅། །མདོ་སྟོད་ཁམས་ཆབ་མདོ་ཚ་བ་དཔའ་ཞོད་རྫོང་དཀྱིལ་དག་ཤང་གྲོང་གསར་སྡེ་པའི་གྲོང་གསར་དགོན་གྱི་རང་ལོ་ ༢༡ སོན་པའི་གྲྭ་བློ་བཟང་དགེ་འདུན་ལགས་སུ་ལོ་བཅུ་གསང་བའི་ཐོག་ནས་ཁྲིམས་ཐག་བཅད་ཡོད་འདུག དེ་ཡང་བརྒྱུད་ལམ་ཁག་གཅིག་གི་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༡ ཉིན་ཆབ་མདོ་རྫོང་དུ་རྒྱ་ནག་དམར་ཤོག་ཚོགས་པ་དབུ་བརྙེས་པའི་ཉིན་མོ་སྲུང་བརྩི་མཛད་སྒོའི་ཐོག་གྲྭ་བློ་བཟང་དགེ་འདུན་ལགས་ཀྱིས་ ༼༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག… རྒྱས་པ་འདིར་གཟིགས་རོགས་གནང་།
  • ལྷ་མོ་བཀྲ་ཤིས་ལགས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བ།
    ཟླ་བ་ ༩ ཚེས ༢༢ ༢༠༡༤
     •   གསར་ལས་ཁང་གི་གསར་འགོད་པས།
     
    ༢༠༡༤ ཟླ་ ༩ ཚེས་ ༢༢ རེས་གཟའ་ཟླ་བ། ༄༅། །འདི་གར་ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༢༠ ཉིན་ཁུངས་ལྡན་གནས་ཚུལ་འབྱོར་དོན་ལྟར་ན། བོད་མདོ་སྨད་ཨ་མདོ་ཀན་ལྷོ་ཁུལ་གཙོད་གྲོང་ཁྱེར་དུ་རང་ལོ་ ༢༢ སོན་པའི་སློབ་བུ་ལྷ་མོ་བཀྲ་ཤིས་ལགས་ཀྱིས་ཕྱི་ལོ་ ༢༠༡༤ ཟླ་… རྒྱས་པ་འདིར་གཟིགས་རོགས་གནང་།
  • རྒྱ་ནག་གཞུང་གིས་རྡུང་རྡེག་མནར་གཅོད་འོག་འདས་གྲོངས་སུ་གྱུར་བའི་སྦྱིན་པ་མཐར་ཕྱིན་ལགས་ཀྱི་བཟའ་ཟླས་རང་ཤི་བརྒྱབ་པ།
    ཟླ་བ་ ༨ ཚེས ༢༧ ༢༠༡༤
     •   གསར་ལས་ཁང་གི་གསར་འགོད་པས།
     
    ༢༠༡༤ ཟླ་ ༨ ཚེས་ ༢༧ རེས་གཟའ་ལྷག་པ། ༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༡༨ ཉིན་རྒྱ་ནག་གཞུང་གི་མནར་གཅོད་འོག་འདས་གྲོངས་སུ་གྱུར་བའི་སྦྱིན་པ་མཐར་ཕྱིན་ལགས་ཀྱི་བཟའ་ཟླས་རང་ཤི་བརྒྱབ་ཡོད་འདུག  དེ་ཡང་བརྒྱུད་ལམ་ཁག་གཅིག་གི་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་ནས་བཟུང་རྒྱ་གཞུང་གིས་འདན་མ་ཤུག་པ་སྡེ་བའི་ནང་དམག་མི་མང་པོ་འགྲེམས་འཇོག་གིས་དམ་བསྒྲགས་ཆེན་པོ་བྱེད་བཞིན་ཡོད་པ་མ་ཟད། སྡེ་བའི་སྐྱེས་པ་ཚང་མ་འཛིན་བཟུང་བྱས་ཏེ་བཙོན་ཁང་དུ་རྡུང་རྡེག་བཏང་ནས་ཉུང་མཐར་བོད་མི་… རྒྱས་པ་འདིར་གཟིགས་རོགས་གནང་།
  • དགེ་བཤེས་ཚུལ་ཁྲིམས་སྙན་གྲགས་ལགས་སུ་ལོ་དགུ་བཙོན་འཇུག་གི་ཁྲིམས་ཐག་བཅད་པ།
    ཟླ་བ་ ༨ ཚེས ༢༧ ༢༠༡༤
     •   གསར་ལས་ཁང་གི་གསར་འགོད་པས།
     
    ༢༠༡༤ ཟླ་ ༨ ཚེས་ ༢༧ རེས་གཟའ་ལྷག་པ། ༄༅། །རྒྱ་གཞུང་གིས་ནགས་ཤོད་འབྲི་རུ་རྫོང་རབ་བརྟན་དགོན་པའི་དགེ་བཤེས་ཚུལ་ཁྲིམས་སྙན་གྲགས་ལགས་སུ་ལོ་དགུ་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག དེ་ཡང་བརྒྱུད་ལམ་ཁག་གཅིག་ནང་གནས་ཚུལ་ཐོན་གསལ་ལྟར་ན། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༢ ཟླ་ ༡༢ ནང་ནགས་ཤོད་འབྲི་རུ་རྫོང་རབ་བརྟན་དགོན་པའི་དཔེ་ཁྲིད་དགེ་རྒན་དགེ་བཤེས་ཚུལ་ཁྲིམས་སྙན་གྲགས་ལགས་ལྷ་སར་འཛིན་བཟུང་བྱས་ཏེ། ལོ་གཅིག་དང་ཟླ་བདུན་ལྷག་གར་སོང་ཆ་མེད་གྱུར་ཡོད་འདུག འོན་ཀྱང་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༣༡… རྒྱས་པ་འདིར་གཟིགས་རོགས་གནང་།
  • ཕྱི་ལོ་ ༢༠༠༨ ལོའི་ལྷ་སའི་ཞི་རྒོལ་སྐབས་རྒྱ་གཞུང་གིས་སྦག་སྦག་མེ་མདའ་བརྒྱབས་ཏེ་བོད་མི་མང་པོ་དམར་གསོད་བྱས་པ་དང་གནས་ཚུལ་རྫུན་སྒྲོག་བྱས་ཡོད་པའི་དཔང་རྟགས།
    ཟླ་བ་ ༨ ཚེས ༢༥ ༢༠༡༤
     •   གསར་ལས་ཁང་གི་གསར་འགོད་པས།
     
    ༢༠༡༤ ཟླ་ ༨ ཚེས་ ༢༥ རེས་གཟའ་ཟླ་བ། ༄༅། །བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༢༡ རེས་གཟའ་ཕུར་བུའི་ཉིན་གནས་ཚུལ་སྤེལ་བ་ལྟར་ན། ཉེ་སྔོན་འདི་ག་ལྟེ་གནས་ཁང་ལ་ ༢༠༠༨ ལོའི་ཞི་རྒོལ་སྐབས། ལྷ་ས་གྲོང་ཁྱེར་ཞི་ཧྲན་རོ་ཁང་ནང་བཞག་ཡོད་པའི་འདས་པོ་མི་སྐོར་ཞིག་གི་ཐོ་གཞུང་དང་། སྐབས་དེར་རྐྱེན་འདས་ཕྱིན་པའི་བོད་མི་བཞིའི་ཕུང་པོ་ལ།… རྒྱས་པ་འདིར་གཟིགས་རོགས་གནང་།
  • བོད་མདོ་ཁམས་འདན་མའི་ཕྱོགས་ཀྱི་ཛ་དྲག་གནས་སྟངས་དང་འབྲེལ་བའི་སྐོར་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ།
    ཟླ་བ་ ༨ ཚེས ༡༩ ༢༠༡༤
     •   གསར་ལས་ཁང་གི་གསར་འགོད་པས།
     
    ༢༠༡༤ ཟླ་ ༨ ཚེས་ ༡༩ རེས་གཟའ་མིག་དམར། ༄༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༡༩ ཉིན་བཏང་གནས་ནང་འཁོད་དོན། འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༡༤ ཟླ་ ༨… རྒྱས་པ་འདིར་གཟིགས་རོགས་གནང་།
  • རྒྱ་གཞུང་གི་བཙན་གནོན་ལ་ངོ་རྒོལ་ཆེད་རང་སྲོག་བཅད།
    ཟླ་བ་ ༨ ཚེས ༡༨ ༢༠༡༤
     •   གསར་ལས་ཁང་གི་གསར་འགོད་པས།
     
    ༢༠༡༤ ཟླ་ ༨ ཚེས་ ༡༨ རེས་གཟའ་ཟླ་བ། ༄༅། །བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༡༧ ཉིན་སེར་ཤུལ་རྫོང་འདན་མ་ཤུག་པ་སྡེ་བའི་བློ་དཔལ་བཟང་ཞུ་བ་ཞིག་གིས་རྒྱ་གཞུང་གི་བཙན་གནོན་ལ་ངོ་རྒོལ་བྱས་ཏེ་བཀག་ཉར་ཁང་དུ་རང་ཤི་བརྒྱབ་ཡོད་པ་སོགས་འདན་མའི་གནས་སྟངས་ཛ་དྲག་ཆགས་ཡོད་འདུག ཕྱི་ཚེས་ ༡༦ ཉིན་རྒྱ་གཞུང་གིས་ཤུག་པ་སྡེ་པའི་སྐྱེས་པ་ལོ་ན་ ༡༢… རྒྱས་པ་འདིར་གཟིགས་རོགས་གནང་།