[facetwp facet="keyword_filter"]
[facetwp facet="content_types"]
[facetwp facet="tags"]
[facetwp sort="true"]
  • རྟའུ་ཉ་མཚོ་དགོན་པའི་དགེ་འདུན་པ་སྐལ་བཟང་ཡེ་ཤེས་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བ།
    ཟླ་བ་ ༡༢ ཚེས ༢༤ ༢༠༡༤
     •   གསར་ལས་ཁང་གི་གསར་འགོད་པས།
     
    ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༤ རེས་གཟའ་ལྷག་པ། ༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༣ ཉིན་གྱི་བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༡༡།༣༠ ཙམ་ལ་རྟའུ་ཉ་མཚོ་དགོན་པའི་དགེ་འདུན་པ་སྐལ་བཟང་ཡེ་ཤེས་ལགས་ཀྱིས་རྟའུ་ཉ་མཚོ་དགོན་པར་ཡོད་པའི་རྒྱ་ནག་གི་ཉེན་རྟོག་པ་དང་ལས་དོན་རུ་ཁག་གི་ལས་ཁུངས་མདུན། ༸གོང་ས་མཆོག་བོད་ནང་གདན་འདྲེན་ཞུ་དགོས། བོད་མི་རིགས་ལ་རང་དབང་སྤྲོད་དགོས།… རྒྱས་པ་འདིར་གཟིགས་རོགས་གནང་།
  • ཚེ་པེ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བ།
    ཟླ་བ་ ༡༢ ཚེས ༢༣ ༢༠༡༤
     •   གསར་ལས་ཁང་གི་གསར་འགོད་པས།
     
    ༢༠༡༤ ཟླ་ ༡༢ ཚེས་ ༢༣ རེས་གཟའ་མིག་དམར། ༄༅། །འདི་གར་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ལགས་དང་ཀ་ཉག་ཚེ་རིང་ལགས་གཉིས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་༢༢ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༤ པ་ཡོལ་ཙམ་ལ་རྔ་བ་རྫོང་རྨེའུ་རུ་མ་ཡུལ་ཚོའི་སྲང་ལམ་སྨད་ཕྱོགས་ནས་རང་ལོ་ ༡༩ ཡིན་པའི་བུ་མོ་ཚེ་པེ་ལགས་ཀྱིས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་ཆེད་རང་ལུས་མེར་སྲེག་བཏང་སྟེ་ས་གནས་དེ་ག་རང་དུ་འདས་གྲོངས་སུ་གྱུར་ཡོད་ཅིང་། དེ་མ་ཐག་ཉེན་རྟོག་པས་ཁོང་མོའི་སྐུ་ཕུང་བཙན་འཁྱེར་བྱས་ཡོད་འདུག… རྒྱས་པ་འདིར་གཟིགས་རོགས་གནང་།
  • རྒྱ་གཞུང་གིས་དབུ་ཡག་སྤྲུལ་སྐུ་བློ་བཟང་བསྟན་འཛིན་ལགས་སུ་ལོ་བཅུའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་པ།
    ཟླ་བ་ ༡༢ ཚེས ༡༧ ༢༠༡༤
     •   གསར་ལས་ཁང་གི་གསར་འགོད་པས།
     
    ༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ཤར་ཙམ་ལ་བོད་ཆབ་མདོ་ས་ཁུལ་ཚ་བ་མཛོ་སྒང་དགོན་པའི་ལོ་ན་ ༦༠ ཙམ་ཡིན་པའི་དབུ་ཡག་སྤྲུལ་སྐུའམ་བློ་བཟང་བསྟན་འཛིན་ལགས་སུ་ཆབ་མདོ་ས་ཁུལ་ཚ་བ་མཛོ་སྒང་མི་དམངས་ཁྲིམས་ཁང་གིས་ཏཱ་བླའི་རུ་ཚོགས་པའི་རྗེས་འབྲང་དང་མི་མང་ལ་དོལ་རྒྱལ་བསྟེན་རྒྱུ་མེད་པའི་ངན་བསྐུལ་བྱས་པའི་ཉེས་མིང་འོག་མི་ལོ་བཅུའི་བཙོན་འཇུག་ཁྲིམས་ཐག་བཅད་འདུག དབུ་ཡག་སྤྲུལ་སྐུ་བློ་བཟང་བསྟན་འཛིན་ལགས་ནི། ཆུང་དུས་ནས་གཞུང་གི་ཕྱག་ལས་གནང་སྟེ། སྟོད་མངའ་རིས་ཕྱོགས་སུ་ཡུལ་སྐོར་སྤྲོ་འཆམ་པའི་སྣེ་ཤན་པ་དང་། ཁ་ལོ་བའི་ཕྱག་ལས་གནང་ཡོད་པ་དང་། ལོ་ཤས་རྗེས་བགྲེས་ཡོལ་ཞུས་ཏེ་ལྷ་སར་གནས་སྡོད་བྱས་ཏེ། མཛོ་སྒང་དགོན་དུ་ཕེབས་ནས་དགོན་གྲོང་གཉིས་ཀྱི་སེར་སྐྱ་མི་མང་རྣམས་ལ་༸གོང་ས་མཆོག་གི་བཀའ་དགོངས་ལྟར་དོལ་རྒྱལ་བསྟེན་གསོལ་བྱས་པ་ཡིན་ན། བོད་ཀྱི་རྩ་དོན་ལ་འཕྲལ་ཕུགས་རྒྱང་གསུམ་གནོད་ཀྱི་ཡོད་པ་མ་ཟད། ༸གོང་ས་མཆོག་གི་སྐུ་ཚེ་ལ་གནོད་པ། རང་གཞན་སུ་ལའང་གནོད་པ་མ་གཏོགས་ཕན་པ་རྩ་བ་ཉིད་ནས་མེད་པའི་སྐོར་ལམ་སྟོན་གནང་བ་དང་། ལྷག་པར་རང་རང་སོ་སོའི་མི་རིགས་རིག་གཞུང་དང་། ཡུལ་སྲོལ་གོམས་གཤིས་སོགས་མ་བརླག་པ་བྱེད་དགོས་པའི་ལམ་སྟོན་གསུང་བཤད་གནང་བཞིན་ཡོད་པར་བརྟེན།… རྒྱས་པ་འདིར་གཟིགས་རོགས་གནང་།
  • སངས་རྒྱས་མཁར་ལགས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བ།
    ཟླ་བ་ ༡༢ ཚེས ༡༧ ༢༠༡༤
     •   གསར་ལས་ཁང་གི་གསར་འགོད་པས།
     
    ༢༠༡༤ ཟླ་ ༡༢ ཚེས་ ༡༧ རེས་གཟའ་ལྷག་པ། ༄༅། ། ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༡༦ ཉིན་བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༩ པ་ཙམ་ལ་བོད་མདོ་སྨད་ཨ་མདོ་བླ་བྲང་ཨ་མཆོག་ཡུལ་ཚོའི་རྒྱ་གཞུང་ཉེན་རྟོག་ཁང་གི་སྒོ་མདུན་དུ་བོད་མི་སངས་རྒྱས་མཁར་ལགས་ཞུ་བ་ཞིག་གིས་རྒྱ་གཞུང་ལ་ཞི་རྒོལ་གྱིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་འདུག འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་… རྒྱས་པ་འདིར་གཟིགས་རོགས་གནང་།
  • བསྟན་འཛིན་ཆོས་གྲགས་ལགས་བཙོན་འོག་ཏུ་མནར་གཅོད་མྱངས་པར་བརྟེན་འདས་གྲོངས་སུ་གྱུར་བ།
    ཟླ་བ་ ༡༢ ཚེས ༦ ༢༠༡༤
     •   གསར་ལས་ཁང་གི་གསར་འགོད་པས།
     
    ༢༠༡༤ ཟླ་ ༡༢ ཚེས་ ༦ རེས་གཟའ་སྤེན་པ། ༄༅། །དྷ་རམ་ས་ལའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། རྒྱ་གཞུང་གིས་ཟླ་འདིའི་ཕྱི་ཚེས་ ༢ ཉིན་ཆབ་སྲིད་བཙོན་པ་བསྟན་འཛིན་ཆོས་གྲགས་ལགས་ཕྱིར་ནང་མིར་རྩིས་སྤྲོད་བྱས་ཡོད་ཀྱང་། ཕྱི་ཚེས་ ༥ ཉིན་གྱི་བོད་ནང་གི་ཆུ་ཚོད་ ༡ ཙམ་ལ་ཁོང་འདས་གྲོངས་སུ་གྱུར་འདུག དེ་ཡང་རྒྱ་ནག་གཞུང་གིས་བསྟན་འཛིན་ཆོས་གྲགས་ལགས་སུ་ཆབ་སྲིད་ཀྱི་ཉེས་མིང་འོག་ལོ་ ༡༥ བཙོན་འཇུག་ཁྲིམས་ཐག་བཅད་རྗེས་ལྷ་སའི་ཆུ་ཤུར་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད།… རྒྱས་པ་འདིར་གཟིགས་རོགས་གནང་།
  • གླུ་བ་སྐལ་བཟང་ཡར་འཕེལ་ལ་ཁྲིམས་ཐག་བཅད་པ།
    ཟླ་བ་ ༡༢ ཚེས ༤ ༢༠༡༤
     •   གསར་ལས་ཁང་གི་གསར་འགོད་པས།
     
    ༢༠༡༤ ཟླ་ ༡༢ ཚེས་ ༤ རེས་གཟའ་ཕུར་བུ། ༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༢༦ ཉིན་རྒྱ་ནག་གཞུང་གིས་རྨ་ཆུའི་གླུ་བ་སྐལ་བཟང་ཡར་འཕེལ་ལགས་ཀྱིས་གླུ་གཞས་ནང་ཆབ་སྲིད་ཀྱི་གནད་དོན་ཡོད་པའི་ཉེས་མིང་འོག་ལོ་ ༤ ཡི་བཙོན་འཇུག་ཁྲིམས་ཐག་བཅད་འདུག དེ་ཡང་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༣… རྒྱས་པ་འདིར་གཟིགས་རོགས་གནང་།
  • རྔ་པའི་གླུ་པ་པདྨ་རིག་འཛིན་ལགས་ལ་ལོ་གཉིས་དང་ཕྱེད་ཀའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་པ།
    ཟླ་བ་ ༡༢ ཚེས ༡ ༢༠༡༤
     •   གསར་ལས་ཁང་གི་གསར་འགོད་པས།
     
    ༢༠༡༤ ཟླ་ ༡༢ ཚེས་ ༡ རེས་གཟའ་ཟླ་བ། ༄༅། །འདི་གར་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ལགས་དང་ཀ་ཉག་ཚེ་རིང་ལགས་གཉིས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༢༧ ཉིན་བོད་མདོ་སྨད་རྔ་བའི་གླུ་བ་རང་ལོ་ ༤༤ ཡིན་པ་པདྨ་རིག་འཛིན་ལགས་སུ་ཆབ་སྲིད་དང་འབྲེལ་བ་ཡོད་པའི་བོད་སྐད་གླུ་གཞས་འོད་སྡེར་སྒྲིག་སྦྱོར་དང་པར་སྐྲུན་བྱས་པའི་ཉེས་མིང་འོག་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་གྱི་ཅེན་ཉོས་ཆས་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་ལོ་༢ དང་ཟླ་༦ གི་བཙོན་འཇུག་ཁྲིམས་ཐག་དང་།… རྒྱས་པ་འདིར་གཟིགས་རོགས་གནང་།
  • ཁམས་དཀར་མཛེས་ཁུལ་སེར་ཤུལ་རྫོང་དུ་བསོད་ནམས་ཡར་འཕེལ་ལགས་ཀྱིས་བོད་ལ་རང་དབང་དང་༸གོང་ས་མཆོག་གདན་ཞུ་དགོས་པའི་སྐད་འབོད་གནང་རྗེས་འཛིན་བཟུང་བྱས་པ།
    ཟླ་བ་ ༡༡ ཚེས ༢༨ ༢༠༡༤
     •   གསར་ལས་ཁང་གི་གསར་འགོད་པས།
     
    ༢༠༡༤ ཟླ་ ༡༡ ཚེས་ ༢༨ རེས་གཟའ་པ་སངས། ༄༅། །བརྒྱུད་ལམ་ཁག་ནང་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༢༦ རེས་གཟའ་ལྷག་པའི་ཉིན་རྒྱབ་བོད་ནང་གི་ཆུ་ཚོད་༣:༥༠ཡས་མས་ཙམ་ལ་ད་ལྟའི་རྒྱ་གཞུང་གིས་ཆ་བགོས་ལྟར་ན། ཟི་ཁྲོན་ཞིང་ཆེན། དཀར་མཛེས་ཁུལ། སེར་ཤུལ་རྫོང་། རྫ་ཆུ་ཁ།… རྒྱས་པ་འདིར་གཟིགས་རོགས་གནང་།
  • བོད་ཁམས་དཀར་མཛེས་བོད་རིགས་རང་སྐྱོང་ནང་ས་ཡོམ་ཤུགས་ཆེ་བརྒྱབ་པ།
    ཟླ་བ་ ༡༡ ཚེས ༢༥ ༢༠༡༤
     •   གསར་ལས་ཁང་གི་གསར་འགོད་པས།
     
    ༢༠༡༤ ཟླ་ ༡༡ ཚེས་ ༢༥ རེས་གཟའ་མིག་དམར། ༄༅། །བརྒྱུད་ལམ་ཁག་ནས་གནས་ཚུལ་ཐོན་གསལ་ལྟར་ན།  ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༢༢ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༤ ཙམ་ལ་སི་ཁྲོན་ཞིང་ཆེན་ Sichuan Province… རྒྱས་པ་འདིར་གཟིགས་རོགས་གནང་།
  • བཙུན་མ་ ༢༦ རྒྱ་གཞུང་གིས་བཙུན་དགོན་ནས་ཕྱིར་འབུད་བཏང་བ།
    ཟླ་བ་ ༡༡ ཚེས ༡༧ ༢༠༡༤
     •   གསར་ལས་ཁང་གི་གསར་འགོད་པས།
     
    ༢༠༡༤ ཟླ་ ༡༡ ཚེས་ ༡༧ རེས་གཟའ་ཟླ་བ། ༄༅། །བྱ་མདའ་དགོན་པ་ནི་བོད་ས་མ་ཤོར་གོང་ཁམས་རྒྱལ་སྟོན་རྫོང་གི་ཁོངས་གཏོགས་ཡིན་འདུག་ལ། ད་ལྟ་འབྲི་རུ་རྫོང་ཁོངས་སུ་ཡོད་པ་དང་། རྒྱ་གཞུང་གི་ཆོག་མཆན་ཡོད་པའི་བཙུན་མ་ ༡༤༠ ཡོད་འདུག དེ་བཞིན་དགོན་དེར་ཆོག་མཆན་མ་རག་པའི་བཙུན་མ་མང་པོས་སློབ་གཉེར་བྱེད་ཀྱི་ཡོད་པ་དང་། རྒྱུན་དུ་རྒྱ་གཞུང་གི་ལས་དོན་རུ་ཁག་ཡོང་སྐབས་ཐོ་དེབ་ནང་མ་འཁོད་པའི་བཙུན་མ་དེ་དག་རི་མགོར་སོགས་ལ་གབ་དགོས་པའི་གནས་སྟངས་བྱུང་འདུག ད་ལོའི་ཕྱི་ཟླ་ ༩ ནས་བཟུང་ལས་དོན་རུ་ཁག་ཆེས་མང་པོ་དགོན་དུ་ཡོང་ནས། ༸གོང་ས་མཆོག་ལ་མཚན་སྨད་བྱེད་དགོས་པའི་བཙན་བཀའ་བཏང་ཡང་། བཙུན་མ་དེ་དག་གི་ཁ་གཅིག་གྲག་གིས་ཁས་ལེན་མ་བྱས་པས།… རྒྱས་པ་འདིར་གཟིགས་རོགས་གནང་།
  • གྲྭ་བློ་བཟང་བསྟན་པ་ལགས་ལ་ལོ་གཉིས་ཀྱི་ཁྲིམས་ཆད་བཏང་བ།
    ཟླ་བ་ ༡༡ ཚེས ༡༠ ༢༠༡༤
     •   གསར་ལས་ཁང་གི་གསར་འགོད་པས།
     
    ༢༠༡༤ ཟླ་ ༡༡ ཚེས་ ༡༠ རེས་གཟའ་ཟླ་བ། ༄༅། །བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ལགས་དང་ཀ་ཉག་ཚེ་རིང་ལགས་གཉིས་ཀྱིས་ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༨ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ལོ་༢༠༡༤ ཟླ་ ༡༡ ཚེས་༧ ཉིན་གྱི་བོད་ནང་གི་སྔ་དྲོའི་ཆུ་ཚོད་༡༡… རྒྱས་པ་འདིར་གཟིགས་རོགས་གནང་།
  • རྒྱ་གཞུང་གིས་རྔ་པ་རྨེའུ་རུ་མའི་བོད་མི་གསུམ་ལ་མི་བསད་པའི་ནག་ཉེས་གཡོགས་ཏེ་ཁྲིམས་ཐག་བཅད་པ།
    ཟླ་བ་ ༡༡ ཚེས ༧ ༢༠༡༤
     •   གསར་ལས་ཁང་གི་གསར་འགོད་པས།
     
    ༢༠༡༤ ཟླ་ ༡༡ ཚེས་ ༧ རེས་གཟའ་པ་སངས། ༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༣ ཉིན་རྔ་པ་རྫོང་མི་དམངས་ཁྲིམས་ཁང་གིས་རྔ་པ་རྫོང་རྨེའུ་རུ་མའི་རུ་ཆེན་གསུམ་པའི་དགེ་རིག་ཚང་གི་སྒྲོལ་མ་མཚོ་ལགས་སུ་ལོ་གསུམ་དང་། རྨེའུ་རུ་མའི་རུ་ཆེན་གཉིས་པའི་གོ་ཚེ་ཚང་གི་དཀོན་མེ་ལགས་སུ་ལོ་གསུམ། རྨེའུ་རུ་མའི་རུ་ཆེན་བཞི་པའི་མར་ལི་ཚང་གི་དགེ་འཕེལ་ལགས་སུ་ལོ་གཉིས་བཅས་ཀྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག  དེ་ཡང་ཕྱི་ལོ་ ༢༠༡༤ ཟླ་… རྒྱས་པ་འདིར་གཟིགས་རོགས་གནང་།
  • མདོ་སྨད་རྔ་བ་ཕྱོགས་ཀྱི་སློབ་མ་ཚོས་ངོ་རྒོལ་སྐད་འབོད་བྱས་འདུག
    ཟླ་བ་ ༡༡ ཚེས ༤ ༢༠༡༤
     •   གསར་ལས་ཁང་གི་གསར་འགོད་པས།
     
    ༢༠༡༤ ཟླ་ ༡༡ ཚེས་ ༤ རེས་གཟའ་མིག་དམར། ༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་དོན་ལྟར་ན། ཕྱི་ལོ་ ༢༠༡༤ ཟླ་ ༡༠ བའི་ཚེས ༢༩ ཉིན། ༢༠༡༤ ལོའི་རྔ་བ་ཁུལ་འབྲོག་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་སློབ་གཙོའི་དོ་དམ་ནུས་པ་ཇེ་བཟང་ཏུ་གཏོང་བའི་ཟབ་སྦྱོང་ཚོགས་འདུ་འཚོགས། རྔ་བ་ཁུལ་སློབ་གསོ་ཅུས་ཀྱི་ཧྲུའུ་ཅིའམ་ཅུས་ཀྲང་ཐན་ཁེ་དང་། རྔ་བ་ཁུལ་སློབ་གསོ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་ཧྲུའུ་ཆོན།… རྒྱས་པ་འདིར་གཟིགས་རོགས་གནང་།
  • ཁམས་སོག་རྫོང་གི་དགེ་འདུན་པ་ཚངས་དབྱངས་རྒྱ་མཚོ་ལགས་ལ་བཙོན་འཇུག་ཁྲིམས་ཆད་བཏང་བ
    ཟླ་བ་ ༡༠ ཚེས ༢༨ ༢༠༡༤
     •   གསར་ལས་ཁང་གི་གསར་འགོད་པས།
     
    ༢༠༡༤ ཟླ་ ༡༠ ཚེས་ ༢༨ རེས་གཟའ་མིག་དམར། ༄༅། །འདི་གར་ངག་དབང་ཐར་པ་ལགས་ཀྱིས་བཏང་གནས་ནང་འཁོད་དོན། ཁམས་སོག་རྫོང་ཁྲི་རུ་དྲིལ་མདའ་དགོན་པའི་དགེ་འདུན་པ་ཚངས་དབྱངས་རྒྱ་མཚོ་ལགས་ལ་རྒྱ་གཞུང་གིས་རྒྱ་ནག་ལ་ངོ་རྒོལ་བྱ་དགོས་པའི་སྐུལ་སློང་བྱས་པའི་ཉེས་མིང་འོག་ཁྲིམས་ཐག་ལོ་ ༡༢ བཅད་ཡོད་པ་དང་། ད་ལྟ་ལྷ་ས་ཆུ་ཤུལ་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་འདུག དེ་ཡང་ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༢༧ ཉིན་ཁོང་ལ་ཁྲིམས་ཐག་བཅད་ནས་ཉིན་… རྒྱས་པ་འདིར་གཟིགས་རོགས་གནང་།
  • རྒྱ་ནག་གཞུང་གིས་ཇ་པ་དགོན་པའི་མཁན་པོ་ཀརྨ་ཚེ་དབང་ལགས་ལ་ལོ་གཉིས་དང་ཟླ་བ་དྲུག་གི་ཁྲིམས་ཐག་བཅད་པ།
    ཟླ་བ་ ༡༠ ཚེས ༢༠ ༢༠༡༤
     •   གསར་ལས་ཁང་གི་གསར་འགོད་པས།
     
    ༢༠༡༤ ཟླ་ ༡༠ ཚེས་ ༢༠ རེས་གཟའ་ཟླ་བ། ༄༅། ། །ཁམས་ནང་ཆེན་རྫོང་ཇ་པ་དགོན་པའི་མཁན་པོ་ཀརྨ་ཚེ་དབང་ལགས་ལ་ཆབ་མདོ་ས་གནས་ཁྲིམས་ཁང་གིས་སྦས་སྲུང་གི་ཉེས་བཙུགས་འོག་ལོ་གཉིས་དང་ཕྱེད་ཀའི་ཁྲིམས་ཐག་བཅད་ཡོད་འདུག དེ་ཡང་བརྒྱུད་ལམ་ཁག་གཅིག་གི་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཟླ་བ་གཉིས་གསུམ་ཙམ་སྔོན་ཆབ་མདོ་ས་གནས་ཁྲིམས་ཁང་ནས་གསང་བའི་ངང་ཁྲིམས་རྭ་ཚུགས་ཏེ་ཁྲིམས་བཤེར་བྱས་པ་བརྒྱུད། ཁམས་ནང་ཆེན་རྫོང་ཇ་པ་དགོན་པའི་མཁན་པོ་ཀརྨ་ཚེ་དབང་ལགས་ལ་ཉེས་ཅན་སྦས་སྲུང་གི་ཉེས་པ་ཟེར་བའི་མིང་ཐོག་ནས་ལོ་གཉིས་དང་ཟླ་བ་དྲུག་གི་ཁྲིམས་ཐག་བཅད་ཡོད་འདུག མཁན་པོ་ཀརྨ་ཚེ་དབང་ལགས་ནི། ཕྱི་ལོ་ ༡༩༧༥ ལོར་འཁྲུངས་ཤིང་། ཁམས་ནང་ཆེན་ནས་ཡིན་པ་དང་། ཇ་པ་དགོན་པར་རབ་ཏུ་བྱུང་ནས་ལོ་མང་སོང་ཡོད་ལ། དེ་སྔ་གསེར་རྟ་བླ་རུང་ཆོས་སྒར་ལ་སློབ་སྦྱོང་གནང་མྱོང་འདུག  … རྒྱས་པ་འདིར་གཟིགས་རོགས་གནང་།