[facetwp facet="keyword_filter"]
[facetwp facet="content_types"]
[facetwp facet="tags"]
[facetwp sort="true"]
  • བོད་མདོ་སྨད་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་བོད་པའི་བུད་མེད་གཅིག་གིས་རང་ལུས་མེར་སྲེག་བཏང་རྗེས་འདས་གྲོངས་སུ་གྱུར་བ།
    ཟླ་བ་ ༥ ཚེས ༢༧ ༢༠༡༥
     •   གསར་ལས་ཁང་གི་གསར་འགོད་པས།
     
    ༢༠༡༥ ཟླ་ ༥ ཚེས་ ༢༧ རེས་གཟའ་ལྷག་པ། ༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༢༧ ཉིན་གྱི་སྔ་དྲོ་བོད་མདོ་སྨད་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཅོ་ནེ་རྫོང་གི་བོད་རིགས་བུད་མེད་སངས་རྒྱས་མཚོ་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་བཞིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་བཏངསྟེ་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག སངས་རྒྱས་མཚོ་ལགས་ནི་རང་ལོ་ ༣༦ ཡིན་ཞིང་། ཁོང་ལ་བུ་ཕྲུག་… རྒྱས་པ་འདིར་གཟིགས་རོགས་གནང་།
  • རང་ལུས་མེར་སྲེག་གནང་མཁན་བསྟན་འཛིན་རྒྱ་མཚོ་ལགས་འདས་གྲོངས་སུ་གྱུར་བ།
    ཟླ་བ་ ༥ ཚེས ༢༢ ༢༠༡༥
     •   གསར་ལས་ཁང་གི་གསར་འགོད་པས།
     
    ༢༠༡༥ ཟླ་ ༥ ཚེས་ ༢༢ རེས་གཟའ་པ་སངས། ༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་དོན་ལྟར་ན། ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༢༠ ཉིན་བོད་ནང་གི་ཕྱི་དྲོ་ཆུ་ཚོད་ ༨ ཙམ་ལ་ཁམས་རྟའུ་རྫོང་ཁང་གསར་ཡུལ་ཚོའི་ཟམ་པ་དང་། ས་གནས་རྒྱ་ནག་གི་ཡུལ་ཚོའི་ལས་ཁུངས་ཉེ་འགྲམ་དུ་བསྟན་འཛིན་རྒྱ་མཚོ་ལགས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་གནང་ཡོད་འདུག་པ་དང་། དེ་མ་ཐག་རྒྱ་ནག་གཞུང་གི་ཉེན་རྟོག་པ་འབྱོར་ནས་ཁོང་བཙན་འཁྱེར་བྱས་རྗེས།… རྒྱས་པ་འདིར་གཟིགས་རོགས་གནང་།
  • བསྟན་འཛིན་རྒྱ་མཚོ་ལགས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ།
    ཟླ་བ་ ༥ ཚེས ༢༢ ༢༠༡༥
     •   གསར་ལས་ཁང་གི་གསར་འགོད་པས།
     
    ༢༠༡༥ ཟླ་ ༥ ཚེས་ ༢༢ རེས་གཟའ་པ་སངས། ༄༅། །བོད་རབ་བྱུང་བཅུ་བདུན་པའི་ཤིང་མོ་ལུག་ས་ག་ཟླ་བའི་ཚེས་ ༢ ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༢༠ ཉིན་གྱི་དགོང་དྲོ་ཆུ་ཚོད་ ༨ པ་ཙམ་དུ་བོད་ཁམས་རྟའུ་རྫོང་ཁང་སར་ཡུལ་ཚོ་ཁུ་ནན་གྲོང་ནས་ཡིན་ཞིང་། རང་ལོ་… རྒྱས་པ་འདིར་གཟིགས་རོགས་གནང་།
  • ཁམས་རྟའུ་རྫོང་ཁང་གསར་ཡུལ་ཚོ་རུ་བསྟན་འཛིན་རྒྱ་མཚོ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་བ།
    ཟླ་བ་ ༥ ཚེས ༢༡ ༢༠༡༥
     •   གསར་ལས་ཁང་གི་གསར་འགོད་པས།
     
    ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༢༡ རེས་གཟའ་ཕུར་བུ། ༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་དོན་ལྟར་ན། ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༢༠ ཉིན་བོད་ནང་གི་ཕྱི་དྲོ་ཆུ་ཚོད་ ༨ ཙམ་ལ་ཁམས་རྟའུ་རྫོང་ཁང་གསར་ཡུལ་ཚོའི་ཟམ་པ་དང་། ས་གནས་རྒྱ་ནག་གི་ཡུལ་ཚོའི་ལས་ཁུངས་ཉེ་འགྲམ་དུ་བསྟན་འཛིན་རྒྱ་མཚོ་ལགས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་གནང་ཡོད་འདུག་པ་དང་།… རྒྱས་པ་འདིར་གཟིགས་རོགས་གནང་།
  • ཁམས་འབྲི་རུའི་གཞས་པ་མགོན་པོ་བསྟན་འཛིན་ལགས་ལ་ལོ་གསུམ་དང་ཟླ་བ་དྲུག་གི་ཁྲིམས་ཐག་བཅད་པ།
    ཟླ་བ་ ༥ ཚེས ༡༩ ༢༠༡༥
     •   གསར་ལས་ཁང་གི་གསར་འགོད་པས།
     
    ༢༠༡༥ ཟླ་ ༥ ཚེས་ ༡༩ རེས་གཟའ་མིག་དམར། ༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་དོན་ནང་གསལ།   བོད་ནས་གསར་དུ་གནས་ཚུལ་ཐོན་པ་ལྟར་ན། མདོ་ཁམས་ནགས་ཤོད་འབྲི་རུའི་ནང་གྲགས་ཆེ་བའི་གཞས་པ་མགོན་པོ་བསྟན་འཛིན་ལགས་ཕྱི་ལོ་  ༢༠༡༣ ལོའི་ཟླ་བ་ ༡༡ པའི་ནང་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཏེ་ཕྱི་ལོ་  ༢༠༡༥  ལོའི་ཟླ་བ་ ༤ ཚེས་ ༡༥… རྒྱས་པ་འདིར་གཟིགས་རོགས་གནང་།
  • རྒྱ་གཞུང་ས་གནས་ཉེན་རྟོག་པས་འབྲི་རུའི་མི་སེར་གཉིས་ལ་དོན་མེད་རྡུང་རྡེག་བཏང་ནས་རྨས་སྐྱོན་ཚབས་ཆེ་བཟོས་པ།
    ཟླ་བ་ ༥ ཚེས ༡༡ ༢༠༡༥
     •   གསར་ལས་ཁང་གི་གསར་འགོད་པས།
     
    ༢༠༡༥ ཟླ་ ༥ ཚེས་ ༡༡ རེས་གཟའ་ཟླ་བ། ༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཁམས་ནགས་ཤོད་འབྲི་རུ་རྫོང་གི་བོད་མི་གཉིས་ལ་རྒྱ་གཞུང་ཉེན་རྟོག་པས་དོན་མེད་རྡུང་རྡེག་བཏང་ནས་རྨས་སྐྱོན་ཚབས་ཆེན་བཟོས་སྟབས། ད་ལྟ་ལྷ་སའི་བོད་ལྗོངས་མི་མང་སྨན་ཁང་ཟེར་བར་སྨན་བཅོས་བྱེད་བཞིན་ཡོད་འདུག  དྲ་ལམ་ཁག་ནས་གནས་བཏང་བ་ལྟར། ཟླ་འདིའི་ཕྱི་ཚེས་ ༧ ཉིན་གྱི་བོད་ནང་གི་མཚན་མོའི་ཆུ་ཚོད་ ༡༡ ཡས་མས་སུ། འབྲི་རུ་རྫོང་ཁོངས་ནས་ཡིན་པའི་བོད་མི་རང་ལོ་ ༥༣ ཅན་རྣམ་རྒྱལ་བསྟན་འཛིན་ཟེར་བ་ཞིག་དང་།… རྒྱས་པ་འདིར་གཟིགས་རོགས་གནང་།
  • གནས་སྐྱབས་ལགས་སམ་དམ་དཀར་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་འདུག
    ཟླ་བ་ ༤ ཚེས ༡༧ ༢༠༡༥
     •   གསར་ལས་ཁང་གི་གསར་འགོད་པས།
     
    ༢༠༡༥ ཟླ་ ༤ ཚེས་ ༡༧ རེས་གཟའ་པ་སངས། ༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༡༦ རེས་གཟའ་ཕུར་བུའི་ཞོགས་པ། ཕ་ཚེ་འདས་གནས་མོ་དང་། མ་ཚེ་འདས་དཀར་སྐྲིས་ལགས་གཉིས་ཀྱི་བུ་རང་ལོ་ ༤༥ སོན་པ་གནས་སྐྱབས་སམ་དམ་དཀར་ལགས་ཀྱིས་ཨ་མདོ་རྔ་པ་རྫོང་མཐའ་བ་གོང་མའི་བཞུགས་གནས་སུ་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་འདུག… རྒྱས་པ་འདིར་གཟིགས་རོགས་གནང་།
  • བཙུན་མ་ཡེ་ཤེས་མཁའ་འགྲོ་ལཌ་འདས་གྲོངས་སུ་གྱུར་བ།
    ཟླ་བ་ ༤ ཚེས ༡༧ ༢༠༡༥
     •   གསར་ལས་ཁང་གི་གསར་འགོད་པས།
     
    ༢༠༡༥ ཟླ་ ༤ ཚེས་ ༡༧ རེས་གཟའ་པ་སངས། ༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༨ རེས་གཟའ་ལྷག་པའི་སྔ་དྲོ་ཆུ་ཚོད་ ༩ ཙམ་ལ་ཁམས་བྲག་འགོ་རྫོང་བྲག་ཟུར་གྲོང་ཚོའི་བྲག་ཟུར་ཚང་གི་ཕ་ཤེས་རབ་དང༌། མ་བསོད་ནམས་སྒྲོལ་མ་གཉིས་ཀྱི་བུ་མོ། ངང་སྒང་བཙུན་དགོན་གྱི་བཙུན་མ་རང་ལོ་… རྒྱས་པ་འདིར་གཟིགས་རོགས་གནང་།
  • བཙུན་མ་ཡེ་ཤེས་མཁའ་འགྲོ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་བ།
    ཟླ་བ་ ༤ ཚེས ༡༠ ༢༠༡༥
     •   གསར་ལས་ཁང་གི་གསར་འགོད་པས།
     
    ༢༠༡༥ ཟླ་ ༤ ཚེས་ ༡༠ རེས་གཟའ་པ་སངས། ༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༨ རེས་གཟའ་ལྷག་པའི་སྔ་དྲོ་ཆུ་ཚོད་ ༩ ཙམ་ལ་ཁམས་བྲག་འགོ་རྫོང་བྲག་ཟུར་གྲོང་ཚོའི་བྲག་ཟུར་ཚང་གི་ཕ་ཤེས་རབ་དང༌། མ་བསོད་ནམས་སྒྲོལ་མ་གཉིས་ཀྱི་བུ་མོ། ངང་སྒང་བཙུན་དགོན་གྱི་བཙུན་མ་རང་ལོ་… རྒྱས་པ་འདིར་གཟིགས་རོགས་གནང་།
  • སོག་ཙན་དན་དགོན་པའི་དགེ་འདུན་པ་བདུན་འཛིན་བཟུང་།
    ཟླ་བ་ ༣ ཚེས ༡༩ ༢༠༡༥
     •   གསར་ལས་ཁང་གི་གསར་འགོད་པས།
     
    ༢༠༡༥ ཟླ་ ༣ ཚེས་ ༡༩ རེས་གཟའ་ཕུར་བུ། ༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོོ་ ༢༠༡༥ ཟླ་ ༣ ཚེས་ ༡༤ དགོང་མོ་སོག་རྫོང་ཙན་དན་དགོན་པའི་དགེ་འདུན་པ་བདུན་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག དེ་ཡང་འཛིན་བཟུང་བྱས་པའི་སོག་རྫོང་ཙན་དན་དགོན་པའི་གྲྭ་རྣམ་རྒྱལ་ཚུལ་ཁྲིམས་ལགས་དང་། གྲྭ་བློ་གྲོས་བསྟན་འཛིན་ལགས། གྲྭ་ཚུལ་ཁྲིམས་སྒོ་འབྱེད་ལགས། གྲྭ་ཚུལ་ཁྲིམས་རྣམ་རྒྱལ་ལགས།… རྒྱས་པ་འདིར་གཟིགས་རོགས་གནང་།
  • རྔ་བ་ཀིརྟི་དགོན་པའི་གྲྭ་དགེ་འདུན་ཕུན་ཚོགས་ལགས་ཀྱིས་རྔ་པ་རྫོང་མཁར་གྱི་གཞུང་ལམ་སྟེང་ཞི་བའི་རྔམ་སྟོན་གནང་བ།
    ཟླ་བ་ ༣ ཚེས ༩ ༢༠༡༥
     •   གསར་ལས་ཁང་གི་གསར་འགོད་པས།
     
    ༢༠༡༥ ཟླ་ ༣ ཚེས་ ༩ རེས་གཟའ་ཟླ་བ། ༄༅། །འདི་གར་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ལགས་དང་ཀ་ཉག་ཚེ་རིང་ལགས་གཉིས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༨ ཉིན་བོད་ནང་གི་ཕྱེད་ཡོལ་ཆུ་ཚོད་དང་པོ་དང་ཕྱེད་ཀའི་སྟེང་བོད་མདོ་སྨད་རྔ་བ་ཀིརྟི་དགོན་པའི་རང་ལོ་ ༡༨ ལ་སོན་པའི་གྲྭ་དགེ་འདུན་ཕུན་ཚོགས་ལགས་ཀྱིས་༸གོང་ས་མཆོག་གི་སྐུ་པར་ཆེན་པོ་ཞིག་ཁ་བཏགས་སེར་པོ་ཞིག་བསྒྲོན་ཏེ་མགོ་ཐོག་ཏུ་འཕྱར་ནས་"༸རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས། བོད་ལ་རང་དབང་དང་འདྲ་མཉམ་དགོས།“ ཞེས་སྐད་འབོད་གནང་བཞིན་རྔ་བ་རྫོང་མཁར་གྱི་གཞུང་ལམ་སྟེང་གོམ་འགྲོས་གནང་ཡོད་ཅིང་།… རྒྱས་པ་འདིར་གཟིགས་རོགས་གནང་།
  • རྔ་བ་རྫོང་དུ་བུད་མེད་གཅིག་གིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བ།
    ཟླ་བ་ ༣ ཚེས ༩ ༢༠༡༥
     •   གསར་ལས་ཁང་གི་གསར་འགོད་པས།
     
    ༢༠༡༥ ཟླ་ ༣ ཚེས་ ༩ རེས་གཟའ་ཟླ་བ། ༄༅། །འདི་གར་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ལགས་དང་ཀ་ཉག་ཚེ་རིང་ལགས་གཉིས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༥ སྟེ་ཆོ་འཕྲུལ་དུས་ཆེན་ཉིན་གྱི་མཚན་མོར་བོད་མདོ་སྨད་རྔ་བ་རྫོང་སྤྲོ་ཚིགས་ཡུལ་ཚོའི་རྡོ་བ་སྡེ་བའི་བུད་མེད་ནོར་ཕྱུག་ལགས་ཀྱིས་བོད་བསྟན་སྲིད་རང་དབང་ཆེད་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་འདུག ཁོང་མོ་རང་ལོ་ ༤༧ ཡིན་ཞིང་། དྷི་ཕུ་དགོན་གྱི་ལྷ་སྡེ་མ་ཎི་སྐྱབས་ཚང་གི་ཕ་ཚེ་བདག་དང་།… རྒྱས་པ་འདིར་གཟིགས་རོགས་གནང་།
  • རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བཙན་ཁྲིད་བྱས་པ།
    ཟླ་བ་ ༡༢ ཚེས ༢༧ ༢༠༡༤
     •   གསར་ལས་ཁང་གི་གསར་འགོད་པས།
     
    ༢༠༡༤ ཟླ་ ༡༢ ཚེས་ ༢༧ རེས་གཟའ་སྤེན་པ། ༄༅། །འདི་གར་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ལགས་དང་ཀ་ཉག་ཚེ་རིང་ལགས་གཉིས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་དོན། ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༧ ཉིན་ཤེས་རྟོགས་བྱུང་བར། ཕྱི་ཚེས་ ༢༦ ཉིན་བོད་ནང་གི་དགོང་མོའི་དུས་ཚོད་ལ་རྔ་བ་ཀིརྟི་དགོན་པའི་རང་ལོ་ ༢༠… རྒྱས་པ་འདིར་གཟིགས་རོགས་གནང་།
  • རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་འཕྲིན་ལས་ལགས་འཛིན་བཟུང་བཙན་ཁྲིད་བྱས་པ།
    ཟླ་བ་ ༡༢ ཚེས ༢༧ ༢༠༡༤
     •   གསར་ལས་ཁང་གི་གསར་འགོད་པས།
     
    ༄༅། །འདི་གར་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ལགས་དང་ཀ་ཉག་ཚེ་རིང་ལགས་གཉིས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༦ ཉིན་གྱི་བོད་ནང་གི་ཆུ་ཚོད་ ༤ ཙམ་ལ་བོད་མདོ་སྨད་རྔ་བ་ཀིརྟི་དགོན་པའི་རང་ལོ་ ༢༡ ཡས་མས་ལ་སོན་པའི་གྲྭ་བློ་བཟང་འཕྲིན་ལས་ལགས་ཀྱིས་༸གོང་ས་མཆོག་གི་སྐུ་པར་དང་བོད་ཀྱི་རྒྱལ་དར་མཉམ་སྦྱར་བྱས་པའི་འདྲ་པར་ཆེན་པོ་ཞིག་མཐོ་སར་བཏེགས་ཏེ་གཞུང་ལམ་དཀྱིལ་ནས། (རྒྱལ་དབང་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོར་བརྟན་པར་ཤོག བོད་ལ་རང་དབང་དགོས་) ཞེས་སྐད་འབོད་གནང་བཞིན་རྒྱ་ནག་གཞུང་གིས་བོད་ལ་འཛིན་པའི་སྲིད་བྱུས་ལ་ངོ་རྒོོལ་གནང་ཡོད་ཅིང་། སྐར་མ་ཁ་ཤས་ལས་མ་སོང་བར་ཉེན་རྟོག་པ་འབྱོར་ཏེ་གཅར་རྡུང་གཏོང་བཞིན་བཙན་ཁྲིད་བྱས་འདུག་ལ། གནས་ཚུལ་དེ་བྱུང་མ་ཐག་ས་གནས་དེ་གར་ཡོད་པའི་བོད་མི་རྣམས་ཀྱིས་དེར་མཐུད་ནས་སྐད་འབོད་བྱས་ཡོད་ཀྱང་དྲག་ཆས་དམག་དཔུང་སོགས་ཀྱིས་གང་བྱུང་གཅར་རྡུང་གཏོང་བཞིན་མི་མང་ཁ་གཏོར་བཏང་ཡོད་པར་མ་ཟད། མིང་སོགས་གསལ་པོ་ཤེས་རྟོགས་མ་བྱུང་ནའང་བོད་མི་རེ་ཟུང་ཉེན་རྟོག་པའི་ལག་ཏུ་ཤོར་ཏེ་བཙན་ཁྲིད་བྱས་ཚུལ་ཡང་འདུག… རྒྱས་པ་འདིར་གཟིགས་རོགས་གནང་།
  • བོད་མདོ་ཁམས་རྟའུ་ནང་རྒྱ་ནག་གཞུང་གི་ཉེན་རྟོག་པས་མེ་མདའ་བརྒྱབ་སྟེ་བོད་མིར་རྨས་སྐྱོན་བཟོས་པ།
    ཟླ་བ་ ༡༢ ཚེས ༢༥ ༢༠༡༤
     •   གསར་ལས་ཁང་གི་གསར་འགོད་པས།
     
    ༢༠༡༤ ཟླ་ ༡༢ ཚེས་ ༢༥ རེས་གཟའ་ཕུར་བུ། ༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༣ ཉིན་ཁམས་རྟའུ་ནང་རང་ལུས་མེར་སྲེག་གནང་མཁན་སྐལ་བཟང་ཡེ་ཤེས་ལགས་དགེ་འདུན་པ་དང་ས་གནས་བོད་མི་ཚོས་བདག་པོ་རྒྱག་རྩིས་བྱེད་སྐབས་རྒྱ་ནག་གཞུང་གི་ཉེན་རྟོག་པས་མེ་མདའ་བརྒྱབ་ནས་བོད་མིར་རྨས་སྐྱོན་བཟོས་པའི་གནས་ཚུལ་ཐོན་འདུག དེ་ཡང་བརྒྱུད་ལམ་ཁག་ནང་གནས་ཚུལ་སྤེལ་གསལ་ལྟར་ན།  སྐལ་བཟང་ཡེ་ཤེས་ལགས་ཀྱིས་རང་ལུས་མེར་སྲེག་གནང་སྐབས་ལག་པར་བོད་ཀྱི་རྒྱལ་དར་འཁྱེར་ཡོད་པ་དང་། ཁོང་གི་གཟིམ་ཤག་ཏུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ཆེན་པོ་ཞིག་གི་ཐོག་ལ་བོད་མི་ས་ཡ་དྲུག་གི་ཁྱེད་ལ་རེ་སྒུག་བྱས་ཡོད། ཅེས་འཁོད་འདུག རེས་གཟའ་མིག་དམར་ཉིན་རང་ལུས་མེར་སྲེག་གི་གནས་ཚུལ་དེ་བྱུང་སྐབས་དེ་མ་ཐག་ཉེན་རྟོག་པ་དང་དམག་མི་འབྱོར་ནས་བོད་མིའི་སྟེང་གང་བྱུང་མེ་མདའ་རྒྱག་སྐབས་ཉུང་མཐར་བོད་མི་གཉིས་ལ་རྨས་སྐྱོན་བཟོས་པ་དང་།… རྒྱས་པ་འདིར་གཟིགས་རོགས་གནང་།