[facetwp facet="keyword_filter"]
[facetwp facet="content_types"]
[facetwp facet="tags"]
[facetwp sort="true"]
  • རྒྱ་ནག་གཞུང་གིས་ཀིརྟི་དགོན་པའི་དགེ་འདུན་པ་མུ་མཐུད་འཛིན་བཟུང་བྱེད་བཞིན་པ།
    ཟླ་བ་ ༤ ཚེས ༣༠ ༢༠༡༡
     •   གསར་ལས་ཁང་གི་གསར་འགོད་པས།
     
    ༢༠༡༡ ཟླ་ ༤ ཚེས་ ༣༠ རེས་གཟའ་སྤེན་པ། ༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༢༩ ཉིན་བཞུགས་སྒར་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་ལགས་གཉིས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་… རྒྱས་པ་འདིར་གཟིགས་རོགས་གནང་།
  • རྔ་པ་ཀིརྟི་དགོན་པའི་གནས་སྟངས།
    ཟླ་བ་ ༤ ཚེས ༢༨ ༢༠༡༡
     •   གསར་ལས་ཁང་གི་གསར་འགོད་པས།
     
    ༢༠༡༡ ཟླ་ ༤ ཚེས་ ༢༨ རེས་གཟའ་ཕུར་བུ། ༄༅། །འདི་གར་བཞུགས་སྒར་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ལགས་དང་ཀ་ཉག་ཚེ་རིང་ལགས་གཉིས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༢༣ ཙམ་ནས་རྔ་པ་ཀིརྟི་དགོན་པའི་ནང་གི་དེ་སྔའི་དྲག་ཆས་དམག་དཔུང་རྣམས་ཕྱི་ཚུལ་དུ་ཕྱིར་འཐེན་བྱས་ཏེ་དགོན་པའི་ཉེ་འགྲམ་གཡས་གཡོན་དུ་སྤྱི་སྤྱོད་རླངས་འཁོར་སོགས་ཀྱི་ནང་ཡིབ་སྡོད་བྱས་ནས་ཡོད་པ་དེའི་ཚབ་ཏུ་དམིགས་བསལ་ཉེན་རྟོག་པ་མང་དུ་བཏང་ནས་ད་སྔར་ལས་ཀྱང་ཉེན་རྟོག་པ་དང་། དམིགས་བསལ་ཉེན་རྟོག་པ་ཧ་ཅང་མང་པོས་མངོན་གསུམ་འཛེམས་མེད་ཐོག་དམ་བསྒྲགས་བཀག་སྡོམ་བྱེད་མུས་སུ་ཡོད་པར་མ་ཟད། དགོན་པའི་ཕྱི་ནང་ཀུན་ཏུ་པར་ལེན་འཕྲུལ་ཆས་དང་སྒྲ་ལེན་འཕྲུལ་ཆས་བཞག་སྟེ། དགེ་འདུན་པ་རྣམས་ཀྱི་ཉིན་ཞག་ཕྲུག་གཅིག་གི་འགྲོ་འདུག་ཡོངས་རྫོགས་ལ་བྱ་ར་བྱས་ནས་གནས་འདུག དེ་བཞིན་དགེ་འདུན་པ་… རྒྱས་པ་འདིར་གཟིགས་རོགས་གནང་།
  • རྒྱ་ནག་གཞུང་གིས་ཨ་མདོ་རེབ་གོང་ནང་གཏེར་ཁ་མུ་མཐུད་སྔོག་འདོན་བྱེད་རྐྱེན་མི་ཕྱུགས་ཀུན་ལ་གནོད་པ་ཚབས་ཆེ་བཟོ་བཞིན་པ།
    ཟླ་བ་ ༤ ཚེས ༢༢ ༢༠༡༡
     •   གསར་ལས་ཁང་གི་གསར་འགོད་པས།
     
    ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༢༡ རེས་གཟའ་ཕུར་བུ། ༄༅། །འདི་གར་འབྲེལ་ཡོད་ལས་ཁུངས་ནས་ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༢༡ ཉིན་གནས་ཚུལ་འབྱོར་གསལ།  ཨ་མདོ་རེབ་གོང་ཞེས་པའི་ཡུལ་ཕྱོགས་འདིའི་སྟོད་སྨད་བར་གསུམ་གྱི་མང་ཚོགས་ཚང་མས་རེབ་གོང་དགུ་ཆུ་ཞེས་པའི་ཆུ་བོ་ཆེན་པོ་འདི་མི་ཕྱུགས་ཚང་མས་འཐུང་བཞིན་ཡོད། ཆུ་བོ་འདིའི་འགོ་ཁུངས་ནི་གདར་ཙང་རྣམ་སྨན་ཕྱུགས་མོ་གཙོ་བོར་ཐུག་ཡོད། རྒྱ་ནག་སྲིད་གཞུང་ནས་རི་བོ་འདིའི་ཁོངས་ནས་གསེར་གྱི་གཏེར་ཁ་སྔོག་འདོན་ལོ་ ༡༠… རྒྱས་པ་འདིར་གཟིགས་རོགས་གནང་།
  • རྔ་བ་ཀིརྟི་དགོན་པར་རྒྱ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་མུ་མཐུད་སྤེལ་བཞིན་པ།
    ཟླ་བ་ ༤ ཚེས ༢༠ ༢༠༡༡
     •   གསར་ལས་ཁང་གི་གསར་འགོད་པས།
     
    ༢༠༡༡ ཟླ་ ༤ ཚེས་ ༢༠ རེས་གཟའ་ལྷག་པ། ༄༅། །འདི་གར་བཞུགས་སྒར་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་ལགས་གཉིས་ཀྱིས་བཏང་གནས་ནང་འཁོད་དོན།   ་ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༡༩ ཉིན་འབྱོར་བའི་བོད་ཨ་མདོ་རྔ་བའི་གནས་ཚུལ་ཁག་ཅིག་དང་།  ཕྱི་ཚེས་ ༡༨ ཉིན་ཡང་ཉིན་ཤས་སྔོན་དང་འདྲ་བར་རྔ་བ་རྫོང་དང་མཛོད་དགེ་རྫོང་གི་ལས་བྱེད་པ་ཧ་ཅང་མང་པོ་ཞིག་རྔ་བ་ཀིརྟི་དགོན་པའི་ནང་ལ་ཡོང་ནས་དགེ་འདུན་པ་རྣམས་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བའི་ལས་འགུལ་མུ་མཐུད་སྤེལ་ཡོད།  ཕྱི་ཚེས་… རྒྱས་པ་འདིར་གཟིགས་རོགས་གནང་།
  • རྔ་པ་ཀིརྟི་དགོན་པར་རྒྱ་གཞུང་གིས་དམ་བསྒྲགས་མུ་མཐུད་བྱེད་བཞིན་པ།
    ཟླ་བ་ ༤ ཚེས ༡༩ ༢༠༡༡
     •   གསར་ལས་ཁང་གི་གསར་འགོད་པས།
     
    ༢༠༡༡ ཟླ་ ༤ ཚེས་ ༡༩ རེས་གཟའ་མིག་དམར། ༄༅། །འདི་གར་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་ ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༡༦ ཉིན་བཏང་བའི་གནས་ཚུལ་ནང་འཁོད་དོན། ཕྱི་ལོ་ ༢༠༡༡ ཟླ་ ༤… རྒྱས་པ་འདིར་གཟིགས་རོགས་གནང་།
  • ཕྱི་ཟླ་ ༤ ཚེས་ ༡༠ བར་ཛ་དྲག་གི་གནས་སྟངས་ཇེ་སྡུག་སོང་བའི་བརྒྱུད་རིམ་མདོར་བསྡུས།
    ཟླ་བ་ ༤ ཚེས ༡༤ ༢༠༡༡
     •   གསར་ལས་ཁང་གི་གསར་འགོད་པས།
     
    ༢༠༡༡ ཟླ་ ༤ ཚེས་ ༡༤ རེས་གཟའ་ཕུར་བུ། ༄༅། །འདི་གར་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་དགེ་འདུན་པ་བློ་བཟང་ཡེ་ཤེས་ལགས་དང་ཀ་ཉག་ཚེ་རིང་ལགས་ཀྱིས་ཁུངས་ལྡན་གནས་ཚུལ་བཏང་གནས་ནང་འཁོད་དོན། ཀུན་གྱིས་དགོངས་པར་མངའ་གསལ་ལྟར་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༦ ཉིན་མདོ་སྨད་་ཨ་མདོ་རྔ་པ་ཀིརྟི་དགོན་གྱི་དགེ་འདུན་པ་ཕུན་ཚོགས་ལགས་ཀྱིས་རང་ལུས་ལ་མེ་སྤར་ནས་རྒྱ་གཞུང་ལ་ཞི་རྒོལ་བྱས་རྐྱེན་རྒྱལ་གཅེས་དཔའ་བོ་ཁོང་འདས་གྲོངས་སུ་གྱུར་པ་དང་། དེ་བཞིན་རྔ་པ་རྫོང་གི་སེར་སྐྱ་མི་མང་རྣམས་ཀྱིས་ཞི་རྒོལ་སྐད་འབོད་དང་ཁྲོམ་སྐོར་བྱས་ཡོད། ཕྱི་ཚེས་ ༡༧ ཙམ་ནས་རྔ་པ་རྫོང་མི་མང་ལ་གདུང་སེམས་མཉམ་སྐྱེ་ཆེད་རྔ་པ་ཁུལ་མཐོ་འབྲིང་སློབ་གྲྭའི་ནང་སློབ་མ་རྣམས་ཀྱིས་ཟས་བཅད་ངོ་རྒོལ་བྱས་པ་མ་ཟད།… རྒྱས་པ་འདིར་གཟིགས་རོགས་གནང་།
  • བོད་མདོ་སྨད་རྔ་པ་ཀིརྟི་དགོན་དུ་ཛ་དྲག་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པ།
    ཟླ་བ་ ༤ ཚེས ༡༤ ༢༠༡༡
     •   གསར་ལས་ཁང་གི་གསར་འགོད་པས།
     
    ༢༠༡༡ ཟླ་ ༤ ཚེས་ ༡༤ རེས་གཟའ་ཕུར་བུ། ༄༅། །འདི་གར་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་དགེ་འདུན་པ་བློ་བཟང་ཡེ་ཤེས་ལགས་དང་ཀ་ཉག་ཚེ་རིང་ལགས་ཀྱིས་ཁུངས་ལྡན་གནས་ཚུལ་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༡༢ ཉིན་ཤས་སྔོན་ནས་རྒྱ་གཞུང་གིས་བོད་ཨ་མདོ་རྔ་པའི་ནང་དགེ་འདུན་པ་རང་ལོ་ ༡༨ ནས་ ༤༠ བར་ཚང་མ་ས་གནས་གཞན་ཞིག་ལ་སློབ་སྦྱོང་གི་མིང་ཐོག་ནས་འགྲོ་དགོས་ཚུལ་བཤད་དེ་ཕྱི་ཚེས་… རྒྱས་པ་འདིར་གཟིགས་རོགས་གནང་།
  • རྔ་པ་ཁུལ་གྱི་ཛ་དྲག་གནས་ཚུལ་ཁག་གཅིག
    ཟླ་བ་ ༤ ཚེས ༡༣ ༢༠༡༡
     •   གསར་ལས་ཁང་གི་གསར་འགོད་པས།
     
    ༄༅། །འདི་གར་བཞུགས་སྒར་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༡༣ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ཚེས་ ༡༢ ཉིན་མི་མང་དང་དམག་དཔུང་གདོང་ཐུག་བྱུང་བ་དང་། ཉིན་དེར་སྤྱི་སྤྱོད་རླངས་འཁོར་འབྲིང་བ་བཞི་བཅུ་ལྷག་དགོན་པའི་མཐར་འབྱོར་ཡོད་ཀྱང་མི་མང་གིས་མདུན་བཀག་སྟབས་ནང་ལ་འགྲོ་ཐུབ་མི་འདུག དེའི་མཚན་མོ་མི་མང་མང་པོ་ཞིག་གིས་དགོན་པའི་སྒོ་ཆེན་དང་ཐག་ཉེ་སའི་ལམ་གཞུང་དུ་ཉལ་ཡོད་པ་དང་། རྒྱ་གཞུང་གིས་ཉེན་རྟོག་མི་སྣ་དང་དམག་མི་འབོར་ཆེན་བཏང་ནས་རྔ་པ་རྫོང་དང་ཉེ་འདབས་སུ་ཡོད་པའི་མཐའ་བ་འགབ་མའི་སྡེ་བའི་ཁྱིམ་ཚང་རེ་རེ་བཞིན་ཞིབ་བཤེར་བྱས་འདུག་ལ་སྐབས་དེར་ཁྱིམ་ཚང་རེ་རེའི་ནང་དུ་མི་ག་ཚོད་ཡོད་མེད་དང་། དེ་དག་ད་ལྟ་ས་གནས་གང་གང་དུ་ཡོད་མེད། སྐབས་དེར་ཡོད་པའི་མི་རྣམས་ཁྱིམ་ཚང་དེའི་ནང་མི་ཡིན་མིན་སོགས་ཞིབ་བཤེར་བྱེད་སྐབས་ཀྱི་དམིགས་འབེན་གཙོ་བོར་བཟུང་འདུག་ཀྱང་གྲོང་སྡེ་དེར་མི་ལྷག་མ་ཡོད་པ་འཛིན་བཟུང་བཀག་ཉར་བྱས་ཡོད་མེད་སོགས་སྡེ་བ་ཡོངས་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མ་བྱུང་། ཕྱི་ཚེས་ ༡༢ ཉིན་མི་མང་དང་དམག་དཔུང་གདོང་ཐུག་སྐབས་ལོ་ན་… རྒྱས་པ་འདིར་གཟིགས་རོགས་གནང་།
  • རྒྱལ་གཅེས་དཔའ་བོ་གྲྭ་འཇམ་དབྱངས་སྦྱིན་པ་ལགས་འདས་གྲོངས་སུ་གྱུར་བ།
    ཟླ་བ་ ༤ ཚེས ༤ ༢༠༡༡
     •   གསར་ལས་ཁང་གི་གསར་འགོད་པས།
     
    ༢༠༡༡ ཟླ་ ༤ ཚེས་ ༤ རེས་གཟའ་ཟླ་བ། ༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༠༨ ལོར་བོད་ནང་ཞི་བའི་ངོ་རྒོལ་སྒེར་ལངས་བྱུང་སྐབས་རྒྱལ་སྤྱིའི་གསར་འགོད་པ་བླ་བྲང་དགོན་པར་འབྱོར་རྗེས་རྒྱ་ནག་གཞུང་གི་དམ་བསྒྲགས་ཤུགས་ཆེ་ཡོད་མིན་ལ་མ་ལྟོས་པར་བོད་ཀྱི་བདེན་དོན་ཆེད། བོད་མིར་འགྲོ་བ་མིའི་ཐོབ་ཐང་མེད་པ་དང་།  ཆོས་ལུགས་དད་མོས་ལ་རང་དབང་མེད་སྐོར་འཛེམས་ཟོན་མེད་པར་གསལ་བཤད་དང་སྐད་འབོད་གནང་མཁན་གྲས་སུ་ཡོད་པའི་བླ་བྲང་དགོན་པའི་གྲྭ་འཇམ་དབྱངས་སྦྱིན་པ་ལགས་ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༣ ཉིན་སྔ་དྲོའི་ཆུ་ཚོད་… རྒྱས་པ་འདིར་གཟིགས་རོགས་གནང་།
  • འབར་རྫས་གཡུགས་པའི་ཉེས་མིང་འོག་རྡོ་དཀར་ལགས་འཛིན་བཟུང་བྱས་པ།
    ཟླ་བ་ ༤ ཚེས ༤ ༢༠༡༡
     •   གསར་ལས་ཁང་གི་གསར་འགོད་པས།
     
    ༢༠༡༡ ཟླ་ ༤ ཚེས་ ༤ རེས་གཟའ་ཟླ་བ། ༄༅། །འདི་གར་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཆབ་སྲིད་སྡེ་ཚན་གྱི་སྤྱི་འཐུས་འབའ་པ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ཁུངས་ལྡན་གནས་ཚུལ་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༠༨ ལོར་མདོ་ཁམས་འབའ་ཐང་རྫོང་སྒང་རི་ལུང་པའི་རི་འགོར་བོད་རང་བཙན་གྱི་སྦྱར་ཡིག་འཕྲེད་དར་བོད་རྒྱ་ཡིག་རིགས་གཉིས་ཐོག་འཛུགས་མཁན་དང༌། འབའ་ཐང་སྤོ་གུར་གཤིས་ཤང་ཉེན་རྟོག་ལས་ཁུངས་ལ་འབར་རྫས་གཡུགས་པའི་ཉེས་མིང་འོག   བར་སྒང་རི་ལུང་པའི་རི་འགོ་དང་ཤིང་ནགས་ཁྲོད་དུ་གབ་ཡིབ་བྱེད་བཞིན་པའི་ན་གཞོན་རྡོ་དཀར་ལགས། ཁ་སྔོན་ ༢༠༡༡  ཟླ་ ༣ ཚེས་ ༢༢… རྒྱས་པ་འདིར་གཟིགས་རོགས་གནང་།
  • ཡུལ་ཤུལ་གྲོང་ཁྱེར་དུ་བོད་མི་བརྒྱ་ཕྲག་ཁ་ཤས་ཀྱི་ངོ་རྒོལ་བྱས་པ།
    ཟླ་བ་ ༤ ཚེས ༤ ༢༠༡༡
     •   གསར་ལས་ཁང་གི་གསར་འགོད་པས།
     
    ༢༠༡༡ ཟླ་ ༤ ཚེས་ ༤ རེས་གཟའ་ཟླ་བ། ༄༅། འདི་གར་ཁུངས་སྡན་གནས་ཚུལ་འབྱོར་གསལ་ལྟར་ན།  ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༡ ཉིན་བོད་མི་ཉིས་བརྒྱ་ལྷག་གིས་ཡུལ་ཤུལ་གྲོང་ཁྱེར་དུ་འདུ་འཛོམས་ཀྱིས་ རང་གི་ས་ཆ་རང་ལ་བདག་དབང་དགོས་སོགས་བྲིས་པའི་འབོད་ཚིག་ཕྲེད་དར་འཁྱེར་ཏེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པའི་གནས་ཚུལ་ཐོན་འདུག  ངོ་རྒོལ་བྱེད་མཁན་དེ་དག་གིས་ཚེས་ ༡ ནས་ཚེས་… རྒྱས་པ་འདིར་གཟིགས་རོགས་གནང་།
  • ཁམས་འབའ་ཐང་ནས་ངོ་རྒོལ་སྐད་འབོད།
    ཟླ་བ་ ༤ ཚེས ༡ ༢༠༡༡
     •   གསར་ལས་ཁང་གི་གསར་འགོད་པས།
     
    ༢༠༡༡ ཟླ་ ༤ ཚེས་ ༡ རེས་གཟའ་པ་སངས། ༄༅། །འདི་གར་བོན་པོའི་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་ཁུངས་ལྡན་གནས་ཚུལ་བཏང་བའི་ནང་འཁོད་དོན་ལྟར་ན། ཕྱི་ལོ་ ༢༠༡༡ ལོའི་གསུམ་བཅུའི་དུས་དྲན་ཉིན་ཁམས་འབའ་ཐང་རྫོང་གི་གྲོང་ཁྱེར་ནས་སློབ་ཕྲུག་གཉིས་ཀྱིས་བོད་ལ་རང་དབང་རང་བཙན་དགོས་པ་དང་། ༸རྒྱལ་དབང་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་ཟེར་ནས་སྐད་འབོད་བྱེད་སྐབས་དུས་ཡུན་སྐར་མ་བཅུ་ཡས་མས་ཀྱི་མཚམས་སུ་ཉེན་རྟོག་མི་སྣས་འཛིན་བཟུང་བྱས་ཡོད་པ་མ་ཟད། དེ་མ་ཐག་དྲག་ཆས་གྱོན་པའི་དམག་མི་འབོར་ཆེན་བཀྲམས་ནས་ལམ་གྱི་སུམ་མདོ་ཡོད་ཚད་བཀག་སྡོམ་བྱས་ཡོད་འདུག དེ་བཞིན་བོད་ཟླ་དང་པོའི་ཚེས་བཅུ་བདུན་དང།  ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་… རྒྱས་པ་འདིར་གཟིགས་རོགས་གནང་།
  • མདོ་སྨད་རྔ་པ་རྗོང་ཁུལ་དུ་མི་སྣ་གང་བྱུང་འཛིན་བཟུང་དང་དམ་བསྒྲགས་བྱེད་བཞིན་པའི་གནས་ཚུལ་ཐོན་པ།
    ཟླ་བ་ ༣ ཚེས ༣༠ ༢༠༡༡
     •   གསར་ལས་ཁང་གི་གསར་འགོད་པས།
     
    ༢༠༡༡ ཟླ་ ༣ ཚེས་ ༣༠ རེས་གཟའ་ལྷག་པ། ༅༅།ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༢༩ ཉིན་འདི་གར་ཁུངས་ལྡན་གྱི་གནས་ཚུལ་ངོ་སྤྲོད་གནང་བ་ལྟར། རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་ཕུན་ཚོགས་ལགས་བོད་བསྟན་པ་ཆབ་སྲིད་དོན་དུ་རང་ལུས་མེ་སྲེག་བཏང་བའི་རྗེས་ཕྱི་ཚེས་ ༡༧ ནས་རྔ་པ་འབར་ཁམས་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་འགོ་འཛུགས་བྱས་པར་བརྟེན་སློབ་གྲྭའི་ནང་འགྲོ་སྐྱོད་ལ་བཀག་སྡོམ་དང་། སློབ་ཕྲུག་རྣམས་ཀྱི་ལག་ཐོགས་ཁ་པར་ཚང་མ་བཙན་འཕྲོག་གི་ད་ལྟ་བར་ཅི་བྱས་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་དཀའ་བ་དང་། ཕྱི་ཚེས་ ༢༢… རྒྱས་པ་འདིར་གཟིགས་རོགས་གནང་།
  • གསུམ་པའི་བཅུ་དྲུག་ཉིན་ཨ་མདོ་རྔ་པར་རང་ལུས་མེ་སྲེག་བཏང་བ་དང་ངོ་རྒོལ་སྐད་འབོད་བྱས་པ།
    ཟླ་བ་ ༣ ཚེས ༡༤ ༢༠༡༡
     •   གསར་ལས་ཁང་གི་གསར་འགོད་པས།
     
    ༢༠༡༡ ཟླ་ ༣ ཚེས་ ༡༦ རེས་གཟའ་ལྷག་པ། ༄༅། །འདི་གར་ཁུངས་ལྡན་གྱི་གནས་ཚུལ་འབྱོར་གསལ། ཕ་མིང་ལ་ཚེ་རིང་བཀྲ་ཤིས་དང་མ་མིང་ལ་རྫོགས་དཀར་ཟེར་ཞིང་ཕ་ཡུལ་རྔ་པ་རྨེའུ་རུ་མའི་རུ་ཆེན་གཉིས་པའི་ཇ་རུ་ཚང་ནས་ཡིན་པའི་རང་ལོ་ ༢༡ ལ་སོན་པའི་རྔ་པ་ཀིརྟི་དགོན་གྱི་དགེ་འདུན་པ་ཕུན་ཚོགས་ལགས་ཀྱིས་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༦ ཉིན་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༤ པ་ཙམ་ལ་རྔ་པའི་ཁྲོམ་མགོ་ནས་རང་ལུས་ལ་མེ་སྤར་ཏེ་༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་སོགས་ཀྱི་རྒྱ་ནག་གཞུང་ལ་ཞི་རྒོལ་སྐད་འབོད་བྱས་འདུག་ལ་དེ་མ་ཉིད་དུ་ས་གནས་དེ་གའི་ཉེན་རྟོག་མི་སྣས་རྡུང་རྡེག་དང་བཅས་ཏེ་མེ་བསད་ཡོད་འདུག་མོད།… རྒྱས་པ་འདིར་གཟིགས་རོགས་གནང་།