[facetwp facet="keyword_filter"]
[facetwp facet="content_types"]
[facetwp facet="categories"]
[facetwp facet="tags"]
[facetwp sort="true"]
  • སྔ་ལོར་ཕྱི་རྒྱལ་གསར་འགོད་པའི་མདུན་སྐད་འབོད་བྱ་མཁན་གྲས་བླ་བྲང་གི་དགེ་འདུན་པ་ཞིག་འཛིན་བཟུང་བྱས་པ།
    ཟླ་བ་ ༥ ཚེས ༡༢ ༢༠༠༩
     •   གསར་ལས་ཁང་གི་གསར་འགོད་པས།
     
    ༢༠༠༩ ཕྱི་ཟླ་ ༥ ཚེས་ ༡༢ རེས་གཟའ་མིག་དམར། ༄༅། །འདི་གར་ཁུངས་ལྡན་གྱི་གནས་ཚུལ་འབྱོར་བར་གཞིགས་ན། ཟླ་ ༤ ཚེས་ ༡༣ ཉིན་བླ་བྲང་དགོན་ཐོས་བསམ་གླིང་གྲྭ་ཚང་གི་དགེ་འདུན་པ་རང་ལོ་ ༣༦ ལ་སོན་པའི་སྐལ་བཟང་རྒྱ་མཚོ་ལགས་བསངས་ཆུ་རྫོང་སྤྱི་བདེ་ཉེན་རྟོག་པས་བླ་བྲང་ནས་གཙོས་གྲོང་ཁྱེར་དུ་བསྐྱོད་སྐབས་ལམ་བར་རླངས་འཁོར་ནང་ནས་འཛིན་བཟུང་བྱས་ཏེ་བསངས་ཆུ་རྫོང་བཙོན་ཁང་དུ་བཀག་ཉར་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག ཁོང་ནི་སྔ་ལོའི་ཟླ་ ༤ ཚེས་ ༩… རྒྱས་པ་འདིར་གཟིགས་རོགས་གནང་།
  • འཇོ་མདའ་རྫོང་ཁོངས་སུ་བོད་མི་ཚོས་ས་ཞིང་འདེབས་ལས་མ་བྱས་པ།
    ཟླ་བ་ ༥ ཚེས ༡༢ ༢༠༠༩
     •   གསར་ལས་ཁང་གི་གསར་འགོད་པས།
     
    ༢༠༠༩ ཕྱི་ཟླ་ ༥ ཚེས་ ༡༢ རེས་གཟའ་མིག་དམར། ༄༅། །འདི་གར་ཁུངས་ལྡན་གྱི་གནས་ཚུལ་འབྱོར་བར་གཞིགས་ན། ཆབ་མདོ་ས་ཁུལ་འཇོ་མདའ་རྫོང་ཁོངས་ཁ་སྒང་ཤང་དང་། རོང་གསུམ་ཤང་། འཇོ་མདའ་གྲོང་རྡལ་བཅས་ཀྱི་ཁོངས་གཏོགས་ལྗི་བ་རུ་བ་དང་། འདྲ་རྒན། མཚན་འབའ། ཨམ་འབའ། མགོ་མདའ། རྡོ་ཕྲེང་མདའ། སྐེད་ཧྲེང་། འཇོ་མདའ། ཝ་ཤུལ།… རྒྱས་པ་འདིར་གཟིགས་རོགས་གནང་།
  • སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནིའུ་ཡོཀ་གྲོས་ཚོགས་གོང་མར་ཆིབས་སྒྱུར་བསྐྱངས་པ།
    ཟླ་བ་ ༥ ཚེས ༡༢ ༢༠༠༩
     •   གསར་ལས་ཁང་གི་གསར་འགོད་པས།
     
    ༢༠༠༩ ཕྱི་ཟླ་ ༥ ཚེས་ ༡༢ རེས་གཟའ་མིག་དམར། ༢༠༠༩ ཕྱི་ཟླ་ ༥ ཚེས་ ༦ ཉིན་བོད་མིའི་ཆོས་སྲིད་གཉིས་ཀྱི་མངའ་བདག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ ནིའུ་ཡོཀ་མངའ་སྡེའི་རྒྱལ་ས་ཨལ་བྷ་ནི་(Albany)གྲོས་ཚོགས་གོང་མར་གདན་ཞུས་ལྟར་མར་ཆིབས་སྒྱུར་དང་སྦྲགས་གྲོས་ཚོགས་ཀྱི་འཐུས་མི་རྣམས་དང་མཇལ་འཕྲད་ཀྱིས་ཨ་རིའི་མང་གཙོའི་ལམ་ལུགས་ལ་བསྔགས་བརྗོད་དང་ཆབ་སྲིད་པ་ཡག་པོ་ཞིག་གནང་ཕྱོགས་བཅས་ཀྱི་ཐོག་ལ་ལམ་སྟོན་བཀའ་སློབ་སྩལ་ཡོད། དེ་ཡང་ཐེངས་འདིའི་ཆིབས་སྒྱུར་ཐོག་གཞུང་འཛིན་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མལ་ཁོ་ལོམ་ཨེ་སེ་མི་ཐ་(Malcolm A. Smith)མཆོག་གིས་གྲོས་ཚོགས་ཚོགས་ཁང་གི་ཕྱིར་ཕེབས་བསུར་བཅར་བ་ཡོད་པ་མ་ཟད་གྲོས་ཚོགས་ཀྱི་ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་སྐུ་ཞབས་ཌིན་ཀི་ལོ་སེ་(Dean Skelos)མཆོག་ནས་ཀྱང་ལྷན་དུ་ཕེབས་བསུ་ཞུས་ཏེ་གྲོས་ཚོགས་ཁང་དུ་གདན་འདྲེན་ཞུས་ཡོད། མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་ ༦༢… རྒྱས་པ་འདིར་གཟིགས་རོགས་གནང་།
  • ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ནིའུ་ཡོཀ་དུ་རྒྱ་གར་གཞུང་མང་ལ་ཐུགས་རྗེ་ཆེ་ཞུའི་མཛད་འཆར་བསྐྱངས་པ།
    ཟླ་བ་ ༥ ཚེས ༨ ༢༠༠༩
     •   གསར་ལས་ཁང་གི་གསར་འགོད་པས།
     
    ༢༠༠༩ ཕྱི་ཟླ་ ༥ ཚེས་ ༨ རེས་གཟའ་པ་སངས། ༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ལོ་ ༢༠༠༩ ཟླ་ ༥ ཚེས་ ༥ ཉིན་ཨ་རི་བོད་གཞུང་སྐུ་ཚབ་དོན་ཁང་ནས་གོ་སྒྲིག་འོག་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་གོ་སྒྲིག་ཞུས་ཡོད་པར་ཆིབས་སྒྱུར་བསྐྱངས་ཏེ་བཀའ་སློབ་བཀའ་དྲིན་ཆེ་བ་ཕེབས་ཡོད་པ་རེད། མཛད་སྒོ་དེར་ཨ་རིའི་ནིའུ་ཡོཀ་དང་ནིའུ་ཇར་སིའི་ཁུལ་དུ་བཞུགས་པའི་རྒྱ་གར་མི་མང་གི་འཐུས་མི་སྐུ་ཚབ་བརྒྱ་ལྷག་ཙམ་གདན་ཞུས་ཀྱིས་འདུ་ཚོགས་ལ་ཐོག་མར་སྐུ་ཚབ་དོན་གཅོད་ནས་རྒྱ་གར་གཞུང་མང་གཉིས་ཀྱིས་བཙན་བྱོལ་བོད་མི་རྣམས་ལ་འདས་པའི་ལོ་ངོ་ལྔ་བཅུའི་རིང་གང་ཅིའི་རོགས་སྐྱོར་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབས་ཕེབས་དོན། རྒྱ་གར་དང་བོད་མིའི་འབྲེལ་བ་དེ་ནི་ལོ་ངོ་ལྔ་བཅུའི་ནང་གི་འབྲེལ་བ་ཞིག་མིན་པར་འདས་པའི་ལོ་ངོ་སྟོང་ཕྲག་མང་པོ་ནས་ཡོད་པའི་འབྲེལ་བ་ཞིག་ཡིན་སྐོར་དང་། དེ་མིན་༸གོང་ས་མཆོག་ནས་དེ་སྔོན་རྒྱ་གར་གྱི་སྲིད་བློན་དམ་པ་མོ་ར་ཇི་ཌེ་སའི་མཆོག་གིས་རྒྱ་གར་དང་བོད་གཉིས་ནི་བྱང་ཆུབ་ལྗོན་ཤིང་གཅིག་གི་ཡན་ལག་གཉིས་པོ་དེ་ཡིན་པ་གསུངས་མྱོང་ཡོད་པ་ངོ་སྤྲོད་མཛད་ཡོད་ཅིང་མགོན་པོ་གང་ཉིད་ནས་ཀྱང་ད་ལྟ་རྒྱལ་སྤྱིའི་ནང་རྒྱ་གར་གྱི་གཞི་རིམ་འཚེ་བ་མེད་པའི་ལྟ་གྲུབ་ཁྱབ་སྤེལ་བྱེད་མཁན་གྱི་བང་ཆེན་ཡིན་པ་ངོས་འཛིན་མཛད་ཀྱི་ཡོད་ཅེས་དང་མགོན་པོ་གང་ཉིད་ཀྱི་རྒྱ་གར་ལ་ངའི་སྦྱིན་བདག་ཅེས་ད་ཆ་ངའི་སྦྱིན་བདག་གི་ངོས་ནས་རྒྱལ་སྤྱིའི་ནང་འཚེ་བ་མེད་པའི་ཞི་བདེའི་ལྟ་གྲུབ་སྤེལ་ཐབས་ལ་འགན་ཁུར་ཆེ་ཙམ་བཞེས་དགོས་ཀྱི་ཡོད་པ་གཟིགས་ཀྱི་ཡོད། ཅེས་སོགས་ཀྱི་བཀའ་སློབ་ཕེབས་ཡོད།… རྒྱས་པ་འདིར་གཟིགས་རོགས་གནང་།
  • སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་རིགས་མཁས་དབང་དང་མང་གཙོ་དོན་གཉེར་བ་ཁག་གཅིག་ལ་མཇལ་འཕྲད་མཛད་པ།
    ཟླ་བ་ ༥ ཚེས ༨ ༢༠༠༩
     •   གསར་ལས་ཁང་གི་གསར་འགོད་པས།
     
    ༢༠༠༩ ཕྱི་ཟླ་ ༥ ཚེས་ ༨ རེས་གཟའ་པ་སངས། ༄༅། །ཕྱི་ལོ་ ༢༠༠༩ ཟླ་ ༥ ཚེས་ ༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བྱང་ཨ་རི་ཁུལ་དུ་གནས་སྡོད་རྒྱ་མི་རིགས་ཀྱི་རྩོམ་པ་པོ་དང་། མང་གཙོ་དོན་གཉེར་བའི་མི་སྣ་གྲགས་ཅན། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ། རང་དབང་ལྡན་པའི་རིག་གཞུང་མཁས་ཅན་བཅས་ལ་དམིགས་བསལ་མཇལ་འཕྲད་མཛད་ཡོད། ཐེངས་འདིར་༸གོང་ས་མཆོག་ཨ་རིར་ཆིབས་སྒྱུར་བསྐྱངས་ཡོད་པ་དང་བསྟུན་གོང་གསལ་རྒྱ་རིགས་ཁོང་རྣམས་ནས་མགོན་པོ་གང་ཉིད་ཀྱི་ཞལ་མཇལ་ཞུ་རྒྱུར་རེ་འབོད་ཤུགས་ཆེ་ཞུས་ཡོད་པ་བཞིན། སྤྱི་ནོར་༸གོང་ས་མཆོག་ནས་ཀྱང་རྒྱ་མི་རིགས་དེ་རྣམས་དང་མཇལ་འཕྲད་དང་ཁོང་རྣམ་པའི་བསམ་ཚུལ་ཇི་ཡོད་ཐུགས་ཞིབ་མཛད་རྒྱུར་ཐུགས་ཧ་ཅང་མཉེས་པོ་མཛད་ཀྱི་ཡོད་པ་ལྟར་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ནང་ཡོད་པའི་ལ་ཌོཕ་ཨེས་ཌོ་རི་ཡ་ཞེས་པའི་བཞུགས་གནས་མགྲོན་ཁང་ཆེན་མོའི་ཚོམས་ཆེན་ནང་དུ་གོང་གསལ་ལས་རིགས་ཁག་གི་རྒྱ་རིགས་མི་སྣ་གྲངས་… རྒྱས་པ་འདིར་གཟིགས་རོགས་གནང་།
  • སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཧི་མ་ལ་ཡའི་རི་རྒྱུད་ནས་ཡིན་པའི་མི་སྣ་ཁག་གཅིག་དང་ལྔ་དགུའི་སྔོན་གྱི་བོད་ནང་ཕེབས་མྱོང་མཁན་ཕྱི་རྒྱལ་གནད་ཡོད་མི་སྣ་ཁག་དང་མཇལ་འཕྲད་མཛད་པ།
    ཟླ་བ་ ༥ ཚེས ༨ ༢༠༠༩
     •   གསར་ལས་ཁང་གི་གསར་འགོད་པས།
     
    ༢༠༠༩ ཕྱི་ཟླ་ ༥ ཚེས་ ༨ རེས་གཟའ་པ་སངས། ༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ལོ་ ༢༠༠༩ ཟླ་ ༥ ཚེས་ ༥ ཉིན་གྱི་སྔ་དྲོ་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་དང་ནིའུ་ཇར་སིའི་མངའ་ཁུལ་དུ་གནས་པའི་ཧི་མ་ལ་ཡའི་རི་རྒྱུད་ནས་ཡིན་པའི་གནད་ཡོད་མི་སྣ་ཁག་གཅིག་དང་དེ་སྔ་ཕྱི་ལོ་ ༡༩༥༩ སྔོན་བོད་ནང་ཕེབས་མྱོང་བའི་ཕྱི་རྒྱལ་གནད་ཡོད་མི་སྣ་ཁག་གཅིག་དང་མཇལ་འཕྲད་མཛད་ཡོད། དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཧི་མ་ལ་ཡའི་རི་རྒྱུད་ནས་ཡིན་པ་ཤར་པ་དང་རྟ་མང་། དེ་བཞིན་ཡོལ་མོ་སོགས་དང་། འབྲུག་པ།… རྒྱས་པ་འདིར་གཟིགས་རོགས་གནང་།
  • སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ནིའུ་ཡོཀ་དུ་བྱམས་བརྩེའི་སྙིང་པོ་ཐོག་ལ་བཀའ་ཆོས་བཀའ་དྲིན་སྩལ་བ།
    ཟླ་བ་ ༥ ཚེས ༨ ༢༠༠༩
     •   གསར་ལས་ཁང་གི་གསར་འགོད་པས།
     
    ༢༠༠༩ ཕྱི་ཟླ་ ༥ ཚེས་ ༨ རེས་གཟའ་པ་སངས། ༄༅། །བོད་མིའི་ཆོས་སྲིད་གཉིས་ཀྱི་མངའ་བདག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ ༢༠༠༩ ཕྱི་ཟླ་ ༥ ཚེས་ ༤ ཉིན་ཨ་རིའི་གྲོང་ཁྲེར་ནིའུ་ཡོཀ་དུ་རྟེན་གཞི་བྱས་པའི་བོད་ཀྱི་ཁང་པས་གོ་སྒྲིག་ཞུས་ཐོག་བྱམས་བརྩེའི་སྙིང་པོའི་ཐོག་ལ་བཀའ་ཆོས་བཀའ་དྲིན་སྩལ་གནང་མཛད་ཡོད། དེ་ཡང་གསུང་དེ་ཡང་གསུང་ཆོས་ཀྱི་ཐོག་མར་དགེ་འདུན་པ་ཁག་གཅིག་ནས་དབྱིིན་སྐད་ཐོག་སེམས་ཀྱི་མདོ་འདོན་གྲུབ་མཚམས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གསུང་ཆོས་བཀའ་དྲིན་སྐྱོང་སྐབས་མགོན་པོ་གང་ཉིད་ནས་ཆོས་ལུགས་གཅིག་ནས་གཅིག་ལ་བསྒྱུར་རྒྱུར་མོས་པ་མེད་སྐོར་གྱི་བཀའ་སློབ་ཕེབས་ཡོད། དེ་ཉིན་སྔ་དྲོ་༸གོང་ས་མཆོག་ནས་མགོན་པོ་ཀླུ་སྒྲུབ་མཆོག་གིས་ལྗགས་རྩོམ་མཛད་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་གསུང་ཆོས་སྩལ་བ་མ་ཟད། མགོན་པོ་ཀླུ་སྒྲུབ་མཆོག་གིས་རྒྱ་གར་ནང་ནང་ཆོས་དར་འཕེལ་ཡོང་སླད་མཛད་རྗེས་བསྐྱངས་ཡོད་པ་སོགས་བཀའ་སློབ་སྩལ་ཡོད།  དེ་ནས་ཉིན་གུང་གི་ལྗགས་སྨིན་གྲུབ་རྗེས་༸གོང་ས་མཆོག་ནས་གསུང་ཆོས་མུ་མཐུད་བཀའ་དྲིན་སྩལ་གནང་མཛད་དེ་བྱམས་བརྩེ་ནི་སངས་རྒྱས་ཀྱིས་གསུངས་པའི་ནང་པའི་ཆོས་ཀྱི་རྩ་བ་ཡིན། ཞེས་སོགས་ཀྱི་བཀའ་སྩལ་ཡོད་འདུག རྒྱས་པ་འདིར་གཟིགས་རོགས་གནང་།
  • དཔལ་ས་སྐྱ་ཕུན་ཚོགས་ཕོ་བྲང་གི་གདུང་སྲས་ཨ་སངྒ་བཛྲ་རིན་པོ་ཆེ་དགུང་གྲངས་བཅུར་ཕེབས་པའི་འཁྲུངས་སྐར་སྲུང་བརྩི་ཞུས་པ།
    ཟླ་བ་ ༥ ཚེས ༨ ༢༠༠༩
     •   གསར་ལས་ཁང་གི་གསར་འགོད་པས།
     
    ༢༠༠༩ ཕྱི་ཟླ་ ༥ ཚེས་ ༨ རེས་གཟའ་པ་སངས། ༄༅། །བཞུགས་སྒར་གྱི་ཉེ་འཁྲིས་སུ་སྒ་རྗེ་ཁམས་སྤྲུལ་འཇམ་དབྱངས་དོན་གྲུབ་རིན་པོ་ཆེ་མཆོག་ནས་ཕྱག་བཏབ་པའི་འཆི་མེད་དགའ་ཚལ་གླིང་དགོན་དུ་བོད་རྒྱལ་ལོ་ ༢༡༣༦ རབ་བྱུང་བཅུ་བདུན་པའི་ས་གླང་ ༢༠༠༩ ཕྱི་ཟླ་ ༥ ཚེས་ ༡ ཉིན་དཔལ་ས་སྐྱ་ཕུན་ཚོགས་ཕོ་བྲང་གི་གདུང་སྲས་ཨ་སངྒ་བཛྲ་རིན་པོ་ཆེ་དགུང་གྲངས་བཅུར་ཕེབས་པའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད། དེ་ཡང་སྔ་དྲོ་ཆུ་ཚོད་ ༩ ཡོལ་ཙམ་ལ་སྐུ་ཉེ་ཁག་ལྷན་འཛོམས་ཀྱིས་བཞུགས་གནས་ནས་གདུང་སྲས་སྤོས་སྣེ་སྤྱན་རྒྱས་གདན་ཞུས་ཀྱིས་བཞུགས་ཁྲིར་འཁོད་རྗེས་༸གོང་ས་ལྔ་པ་ཆེན་པོའི་དག་སྣང་རྒྱ་ཅན་ཉེར་ལྔའི་ཆོས་སྡེའི་ནང་ཚན་འཆི་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་ག་བཏང་གྲུབ་མཚམས་བརྟན་བཞུགས་འབུལ་ལམ་ཞུས་ཡོད་འདུག… རྒྱས་པ་འདིར་གཟིགས་རོགས་གནང་།
  • ཨ་རིར་གནས་སྡོད་བོད་མི་ཞིག་ལ་ཨི་ལིསེ་མཚོ་གླིང་གི་ཆེ་བསྟོད་གཟེངས་རྟགས་འབུལ་འཆར་ཡོད་པ།
    ཟླ་བ་ ༥ ཚེས ༧ ༢༠༠༩
     •   གསར་ལས་ཁང་གི་གསར་འགོད་པས།
     
    ༢༠༠༩ ཕྱི་ཟླ་ ༥ ཚེས་ ༧ རེས་གཟའ་ཕུར་བུ། ༄༅། །ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་དཔལ་ས་སྐྱའི་ཆོས་ཚོགས་ཀྱི་ངེས་སྟོན་པ་དང་ཝིག་རམ་ཤཱི་ལ་རྨང་འཛུགས་གནང་མཁན་བླ་མ་པདྨ་དབང་གྲགས་ལགས་ལ་ཨ་རིའི་(National Ethics Coalition of Organization Foundation,Ins.)ཞེས་པའི་ཚོགས་པས་ཨི་ལིསེ་མཚོ་གླིང་གི་ཆེ་བསྟོད་གཟེངས་རྟགས་(Ellis Island Medal of Honor Award)ཞེས་པ་ཞིག་འབུལ་ལམ་ཞུ་འཆར་ཡོད་འདུག ཨི་ལིསེ་མཚོ་གླིང་གི་ཆེ་བསྟོད་ཀྱི་གཟེངས་རྟགས་དེ་བཞིན་ལོ་ལྟར་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ཨི་ལིསེ་མཚོ་གླིང་དེའི་ཐོག་ཕུལ་སྲོལ་ཡོད་པ་ཞིག་དང་།… རྒྱས་པ་འདིར་གཟིགས་རོགས་གནང་།
  • གཞི་རིམ་འོག་མའི་དགེ་འོས་དང་སྐབས་བརྒྱད་པའི་མཐོ་རིམ་རིག་གནས་རབ་འབྱམས་པའི་བསླབ་པ་མཐར་སོན་པའི་མཛད་སྒོ་གནང་བ།
    ཟླ་བ་ ༥ ཚེས ༦ ༢༠༠༩
     •   གསར་ལས་ཁང་གི་གསར་འགོད་པས།
     
    ༢༠༠༩ ཕྱི་ཟླ་ ༥ ཚེས་ ༦ རེས་གཟའ་ལྷག་པ། ༄༅། །བོད་གཞུང་ཤེས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་པའི་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་གཞི་རིམ་འོག་མའི་དགེ་འོས་དང་ས་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སྐབས་བརྒྱད་པའི་མཐོ་རིམ་རིག་གནས་རབ་འབྱམས་པའི་བསླབ་པ་མཐར་སོན་པའི་མཛད་སྒོ་ས་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ཚོགས་ཁང་དུ་ ༢༠༠༩ ཕྱི་ཟླ་ ༥ ཚེས་ ༡ སྔ་དྲོ་ཆུ་ཚོད་ ༡༠།༣༠ ཚོགས་གནང་བ་དང་། མཛད་སྒོར་མགྲོན་གྱི་གཙོ་བོ་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག་དང་རིགས་ལམ་སློབ་གཉེར་ཁང་གི་དབུ་འཛིན་གཞོན་པ་དགེ་བཤེས་སྐལ་བཟང་དགྲ་འདུལ་ལགས། ས་ར་མཐོ་སློབ་ཀྱི་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ་ལགས། ཤེས་རིག་གི་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས།… རྒྱས་པ་འདིར་གཟིགས་རོགས་གནང་།
  • བདེན་པ་ནི་ནམ་ཞིག་མཐའ་གསལ་རྒྱུ་ཡོད་པ་ཞིག་ཡིན།
    ཟླ་བ་ ༥ ཚེས ༦ ༢༠༠༩
     •   གསར་ལས་ཁང་གི་གསར་འགོད་པས།
     
    ༢༠༠༩ ཕྱི་ཟླ་ ༥ ཚེས་ ༦ རེས་གཟའ་ལྷག་པ། ༄༅། ཉེ་ཆར་རྒྱ་ནག་གཞུང་གི་ཀྲུང་གོའི་བོད་ལྗོངས་དྲ་བ་ཟེར་བའི་ཐོག ཕྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༢༠ ཉིན་བཙན་བྱོལ་བོད་གཞུང་ཕྱི་དྲིལ་ལས་ཁུངས་ནས་བོད་ནང་སྔ་ལོའི་ཟླ་ ༣ ཚེས་ ༡༤ ཉིན་ཞི་བའི་ལས་འགུལ་ནང་ཞུགས་མཁན་གྱི་བོད་མི་ཁག་གཅིག་ལ་རྒྱ་ནག་གཞུང་གི་སྤྱི་བདེ་ཉེན་རྟོག་པ་དང་དྲག་ཆས་དམག་མིས་མི་ཆོས་ལས་འདས་པའི་རྡུང་རྡེག་མནར་གཅོད་བཏང་བའི་དངོས་བྱུང་བརྙན་འཕྲིན་དུམ་བུ་ཐུང་ངུ་ཞིག་རྒྱལ་སྤྱིའི་ནང་ཡོངས་གྲགས་བྱས་པར་བརྟེན་རྒྱ་ནག་གཞུང་ངོ་ཚ་ཁ་སྐྱེངས་ཀྱི་གནས་སུ་གྱུར་ནས་མངོན་གསལ་དེ་ཙམ་མེད་པའི་ཐོག་ནས་རྒོལ་གཏམ་སྤེལ་བ་མ་ཟད།… རྒྱས་པ་འདིར་གཟིགས་རོགས་གནང་།
  • གངས་ལྗོངས་རིག་པའི་དཔའ་བོའི་ཁྱུ་མཆོག་ཅེས་པའི་དཔེ་དེབ་གསར་པ་དབུ་འབྱེད་གནང་བ།
    ཟླ་བ་ ༥ ཚེས ༦ ༢༠༠༩
     •   གསར་ལས་ཁང་གི་གསར་འགོད་པས།
     
    ༢༠༠༩ ཕྱི་ཟླ་ ༥ ཚེས་ ༦ རེས་གཟའ་ལྷག་པ། ༄༅། །༢༠༠༩ ཕྱི་ཟླ་ ༥ ཚེས་ ༦ རེས་གཟའ་ལྷག་པའི་ཉིན་གྱི་སྔ་དྲོ་བོད་གཞུང་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་ཆབ་སྲིད་བཙོན་ཟུར་དགའ་ལྡན་གྲྭ་བག་གྲོ་ལགས་ནས་རང་ཉིད་ཀྱིས་འབད་བརྩོན་བྱས་པ་ལ་བརྟེན། བོད་རྒྱལ་ཁབ་དང་མི་རིགས་གསོན་སླད་རིག་གཞུང་སྲུང་སྐྱོབ་ཆེད་ལེགས་སྐྱེས་རྒྱ་ཆེ་ཕུལ་མཁན། ཀུན་གཟིགས་པཎ་ཆེན་པོ་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་གི་མཛད་རྣམ་དང་། དེ་བཞིན་བོད་ནང་གི་མཁས་དབང་དམ་པ་ཁག་གཅིག་གི་ལོ་རྒྱུས་སྙིང་བསྡུས་ཕྱོགས་བསྒྲིགས་ཞུས་པ་༼གང་ལྗོངས་རིག་པའི་དཔའ་བོའི་ཁྱུ་མཆོག་༽ཅེས་པའི་དཔེ་དེབ་གསར་པ་དབུ་འབྱེད་ཀྱི་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་བའི་ཐོག ཁོང་ནས་པཎ་ཆེན་རིན་པོ་ཆེ་མཆོག་གི་རླབས་ཆེན་གྱི་མཛད་རྗེས་དང་། དེ་བཞིན་དམ་པ་དེ་དག་གི་ཕྱག་རྗེས་སྙིང་བསྡུས་ཤིག་གསར་འགོད་པ་ཚོར་ངོ་སྤྲོད་གནང་གསལ། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་ནས་བཙུགས་གནང་བའི་སློབ་གྲྭ་ཁག་ནི།… རྒྱས་པ་འདིར་གཟིགས་རོགས་གནང་།
  • ༸གོང་ས་མཆོག་འཛམ་གླིང་འདིའི་སྟེང་གི་མི་སྣ་སྙན་གྲགས་ཆེ་ཤོས་བརྒྱའི་ཁོངས་སུ་འདེམས་ཐོན་བྱུང་བ།
    ཟླ་བ་ ༥ ཚེས ༦ ༢༠༠༩
     •   གསར་ལས་ཁང་གི་གསར་འགོད་པས།
     
    ༢༠༠༩ ཕྱི་ཟླ་ ༥ ཚེས་ ༦ རེས་གཟའ་ལྷག་པ། ༄༅། །འཛམ་གླིང་འདིའི་སྟེང་ཀློག་པ་པོ་རྒྱ་ཁྱབ་ཆེ་ལ་སྙན་གྲགས་ཆེ་བའི་ཊེམ་དུས་དེབ་ཀྱིས་ལོ་འཁོར་འདིའི་ནང་འཛམ་གླིང་འདིའི་སྟེང་མིའི་མི་ཚེར་ཤུགས་རྐྱེན་སྤྲོད་ནུས་མཁན་གྱི་སྐྱེ་བོ་གྲགས་ཅན་བརྒྱའི་ཁོངས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདེམས་ཐོན་བྱུང་ཡོད། དེ་ཡང་ཊེམ་གསར་ཁང་ནས་བརྗོད་པ་ལྟར་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོ་ཆེན་པོ་མཆོག་ལ་མི་གྲངས་དྲུག་འབུམ་ལྔ་ཁྲི་ལྷག་ཙམ་ནས་འོས་འཕེན་གནང་སྟེ་འཛམ་གླིང་གི་དབུ་ཁྲིད་དང་གསར་བརྗེའི་མི་སྣ་གྲགས་ཅན་བརྒྱའི་ནང་ནས་དྲུག་ཅུ་རེ་གཅིག་པར་མཚན་བཀོད་གནང་ཡོད་པ་རེད། དེ་ཡང་ཕྱི་ལོ་ ༢༠༠༦ ལོར་ཊེམ་དུས་དེབ་དེ་ཨེ་ཤི་ཡའི་ནང་པར་སྐྲུན་བྱེད་འགོ་ཚུགས་ཏེ་ལོ་ངོ་དྲུག་ཅུ་འཁོར་བའི་སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨེ་ཤིའི་ནང་གི་ཕོ་རྒོད་ལྔའི་ཁོངས་སུ་མཚན་འདོན་གྱི་ཆེ་བསྟོད་ཞུས་ཡོད་པ་རེད། ཐེངས་འདིར་ཤུགས་རྐྱེན་ཆེ་ཤོས་བརྒྱའི་ནང་གི་ཨང་དང་པོ་དེ་སྤྱི་ཚོགས་ཀྱི་དྲ་རྒྱ་ ཕོར་ཅན་ཌོ་ཌི་ཨོ་ཨར་ཇི་ཞེས་པ་གསར་བཏོད་གནང་མཁན་ལོ་ན་ ༢༡ སོན་པའི་མཐོ་སློབ་ཀྱི་སློབ་མ་ཁིར་སི་ཊོ་པ་པུལ་ཞེས་པ་དེ་ཡིན་པ་དང་ཨ་རིའི་སྲིད་འཛིན་བྷ་རཀ་ཨོ་བྷ་མ་མཆོག་ཨང་གྲངས་ ༣༧ ཡིན་འདུག རྒྱས་པ་འདིར་གཟིགས་རོགས་གནང་།
  • སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ནིའུ་ཡོཀ་དང་ནིའུ་ཇར་སིའི་ཁུལ་གནས་བོད་རིགས་དང་ཧི་མ་ལ་ཡའི་རི་རྒྱུད་ནས་ཡིན་པའི་མི་མང་བཅས་ལ་ཆོས་འབྲེལ་དང་བླང་དོར་གྱི་བཀའ་སློབ་སྩལ་བ།
    ཟླ་བ་ ༥ ཚེས ༦ ༢༠༠༩
     •   གསར་ལས་ཁང་གི་གསར་འགོད་པས།
     
    ༢༠༠༩ ཕྱི་ཟླ་ ༥ ཚེས་ ༦ རེས་གཟའ་ལྷག་པ། ༄༅། །ལྷར་བཅས་སྲིད་ཞིའི་གཙུག་རྒྱན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ལོ་ ༢༠༠༩ ཟླ་ ༥ ཚེས་ ༣ ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་དང་ནིའུ་ཇར་སིའི་མངའ་ཁུལ་དུ་གནས་པའི་བོད་རིགས་དང་ཧི་མ་ལ་ཡའི་རི་རྒྱུད་ནས་ཡིན་པའི་མི་མང་བཅས་པར་བླང་དོར་གྱི་བཀའ་སློབ་ཟབ་རྒྱས་སྩལ་ཡོད། དེ་ཡང་ཉིན་དེའི་ཕྱེད་ཡོལ་ཆུ་ཚོད་ ༢ ཐོག་ཨ་རིའི་བོད་གཞུང་སྐུ་ཚབ་དོན་གཅོད་དང་འབྲེལ་ཡོད་ཚོགས་སྡེ་ཁག་གི་འགན་འཛིན་རྣམས་ནས་ཕེབས་བསུས་དང་སྦྲགས་གྲོང་ཁྱེར་ནིའུ་ཡོཀ་གི་མེ་ཌི་སིན་སེ་ཁེ་བའི་གྷར་ཌན་(Madison Square Garden)… རྒྱས་པ་འདིར་གཟིགས་རོགས་གནང་།
  • ཤེས་རིག་དྲུང་ཆེ་དང་བོད་སློབ་འཛིན་ཚོགས་ཀྱི་ངེས་སྟོན་པ་གཟིགས་སྐོར་དུ་ཕེབས་པ།
    ཟླ་བ་ ༥ ཚེས ༦ ༢༠༠༩
     •   གསར་ལས་ཁང་གི་གསར་འགོད་པས།
     
    ༢༠༠༩ ཕྱི་ཟླ་ ༥ ཚེས་ ༦ རེས་གཟའ་ལྷག་པ། ༄༅། །བོད་སློབ་འཛིན་ཚོགས་ཀྱི་ངེས་སྟོན་པ་གསར་པ་ ༢༠༠༩ ཕྱི་ཟླ་ ༥ ཚེས་ ༥ ཉིན་ཀ་སྦག་དང་རྡོར་གླིང་གཏན་སློབ་གཉིས་ལ་གཟིགས་སྐོར་ཕེབས་གཏན་འཁེལ་ཏེ་ཤེས་རིག་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་ཀྱང་མཉམ་ཕེབས་ཡོང་བ་ཞེས་ཞུས་པ་ལྟར། ཤེས་རིག་དྲུང་ཆེ་ ༢༠༠༩ ཕྱི་ཟླ་ ༥ ཚེས་… རྒྱས་པ་འདིར་གཟིགས་རོགས་གནང་།