[facetwp counts="true"]
[facetwp facet="keyword_filter"]
[facetwp facet="content_types"]
[facetwp facet="categories"]
[facetwp facet="tags"]
[facetwp sort="true"]
  • སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་ཆེ་བའི་ཛ་དྲག་དུས་སྐབས་སུ་སྩལ་བའི་གསུང་འཕྲིན།
    ཟླ་བ་ ༥ ཚེས ༣ ༢༠༢༠
     •   གསར་ལས་ཁང་གི་གསར་འགོད་པས།
     
    ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༣ རེས་གཟའ་ཉི་མ།  ༄༅། །གཉན་འཕྲང་ཆེ་བའི་དུས་སྐབས་འདིའི་ནང་། རང་རེས་ནང་མི་གཉེན་འབྲེལ་འདས་གྲོངས་སུ་གྱུར་པའི་སྡུག་བསྔལ་དང་རང་གི་འཕྲོད་བསྟེན་གྱི་ཉེན་ཚབས་སོགས་ལ་གདོང་ལེན་བྱེད་དགོས་ཀྱི་ཡོད་པ་དང། དཔལ་འབྱོར་ཉམས་རྒུད་ལ་བརྟེན་ནས་རྒྱལ་སྤྱིའི་གཞུང་ཁག་དཀའ་ངལ་ཤིན་ཏུ་ཆེན་པོའི་ནང་ལྷུང་བ་ཙམ་དུ་མ་ཟད། འགྲོ་བ་མི་ཧ་ཅང་མང་པོ་ཞིག་གི་འཚོ་གནས་ལ་བརྡབ་གསིག་ཆེན་པོ་ཐེབས་བཞིན་ཡོད། དུས་སྐབས་འདི་འདྲར། ངེས་པར་དུ་ང་ཚོ་ཚང་མ་འགྲོ་བ་མི་གཅིག་གྱུར་ཡིན་པའི་གནས་བབ་ལ་བསམ་གཞིགས་ནན་པོ་བྱེད་རྒྱུུ་དང་། འགྲོ་བ་མི་གཅིག་གྱུར་ཡིན་པའི་གཞི་རྩ་དེ་ལ་བརྟེན་ནས་བྱམས་བརྩེ་ལྡན་པའི་སྒོ་ནས་ཕན་ཚུན་གཅིག་ཕན་གཅིག་གྲོགས་བྱེད་དགོས། དེང་སྐབས་རང་རེས་འཇིགས་སྣང་དང་རེ་བ། ངེས་གཏན་མེད་པའི་ཚོར་བ་གཅིག་མཚུངས་སུ་མྱོང་བཞིན་ཡོད་མོད། འོན་ཀྱང་བདེ་སྐྱིད་འདོད་པའི་འདུན་པས་རང་རེ་ཀུན་གཅིག་ཏུ་བསྒྲིལ་ནས་གནས་ཡོད། རང་རེ་འགྲོ་བ་མི་ལ་རྒྱུ་མཚན་ལ་བསམ་བློ་གཏོང་བའི་རྣམ་དཔྱོད་དང་དངོས་ཡོད་གནས་ཚུལ་མཐོང་བའི་ནུས་པ་ཡོད་པ་དེས་རྐྱེན་ངན་གྲོགས་ལ་བསྒྱུར་བའི་གོ་སྐབས་བསྐྲུན་གྱི་ཡོད།… རྒྱས་པ་འདིར་གཟིགས་རོགས་གནང་།
  • བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོས་དྲ་ལམ་བརྒྱུད་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་སྟངས་ཐད་བགྲོ་གླེང་བསྐོང་ཚོགས་གནང་བ།
    ཟླ་བ་ ༤ ཚེས ༢༧ ༢༠༢༠
     •   གསར་ལས་ཁང་གི་གསར་འགོད་པས།
     
    ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༢༧ རེས་གཟའ་ཟླ་བ། ༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༢༥ ཉིན་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༡ ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་དང་བསྟུན།  རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོས་ཐེམ་སྤང་བཀའ་རྒྱར་བརྩི་སྲུང་ཞུ་ཆེད་དགོན་པའི་ངོ་དེབ་བརྒྱུད་བགྲོ་གླེང་བསྐོང་ཚོགས་གནང་སྐབས།  བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག … རྒྱས་པ་འདིར་གཟིགས་རོགས་གནང་།
  • ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་མགྱོགས་མྱུར་གློད་བཀྲོལ་ཆེད་བོད་མིའི་སྒྲིག་འཛུགས་ཀྱིས་ཞུ་གཏུག་ལས་འགུལ་སྤེལ་བ།
    ཟླ་བ་ ༤ ཚེས ༢༥ ༢༠༢༠
     •   གསར་ལས་ཁང་གི་གསར་འགོད་པས།
     
    ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༢༥ རེས་གཟའ་སྤེན་པ།  ༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་འགྲོ་བ་མིའི་ཐོབ་ཐང་ཚན་པས་ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༢༥ ཉིན་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་༸རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་དགུང་གྲངས་ ༣༡ ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ཉིན་རིན་པོ་ཆེ་མཆོག་མགྱོགས་མྱུར་གློད་བཀྲོལ་ཡོང་བའི་འབོད་སྐུལ་གྱི་གསལ་བསྒྲགས་སྤེལ་དོན། དེ་རིང་ཕྱི་ལོ་ ༢༠༢༠… རྒྱས་པ་འདིར་གཟིགས་རོགས་གནང་།
  • སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་གི་ཉིན་མོར་སྩལ་བའི་གསུང་འཕྲིན།
    ཟླ་བ་ ༤ ཚེས ༢༢ ༢༠༢༠
     •   གསར་ལས་ཁང་གི་གསར་འགོད་པས།
     
    ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༢༢ རེས་གཟའ་ལྷག་པ། ༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་གི་ཉིན་མོར་སྩལ་བའི་གསུང་འཕྲིན། དེ་ཡང་འཛམ་གླིང་གི་ཉིན་མོ་སྲུང་བརྩིའི་ལོ་ངོ་ལྔ་བཅུ་འཁོར་བའི་སྐབས་འདིར་གོ་ལ་འདིར་སྐྱེ་འགྲོ་སྤྱིའི་ཚེ་སྲོག་དང་འབྲེལ་བའི་དཀའ་ངལ་ཆེ་ཤོས་ཤིག་འཕྲད་བཞིན་ཡོད། འོན་ཀྱང་འདིར་གདོང་ལེན་བྱེད་པའི་སྐབས་སུ་གཞན་ཕན་གྱི་བྱམས་བརྩེ་དང་ཕན་ཚུན་དཔུང་གྲོགས་ཀྱི་རིན་ཐང་ཡང་གོང་མཐོར་འདེགས་བཞིན་ཡོད། གོ་ལ་སྤྱི་ལ་ཁྱབ་པའི་ནད་ཡམས་འདིས་རིགས་རུས་དང་རིག་གཞུང་། དེ་བཞིན་ཕོ་མོ་སོགས་གང་གིའང་བྱེ་བྲག་མེད་པར་ཀུན་ལ་སྡིགས་བཞིན་ཡོད་སྟབས། ང་ཚོའི་གདོང་ལེན་གྱི་ནུས་པ་ཡང་གཅིག་ཏུ་བསྒྲིལ་ཏེ་རང་གཞན་ཀུན་གྱི་མཁོ་དགུའི་རེ་བ་བསྐོང་རྒྱུ་གལ་ཆེ། སྤྱིར་སོ་སོར་འདོད་པ་ཡོད་མིན་ལ་མ་ལྟོས་པར་ང་ཚོ་ཚང་མ་འཛམ་གླིང་ཁྱིམ་ཚང་ཆེན་པོ་གཅིག་གི་ནང་དུ་སྐྱེས་ནས་ཡོད་པ་གཅིག་གྱུར་ཡིན། དབུལ་ཕྱུག་གང་ཡིན་དང་། ཡང་སློབ་སྦྱོང་ཡོད་མེད་གང་ཡིན་ཀྱང་རུང་། དེ་བཞིན་རྒྱལ་ཁབ་གང་གི་ཁོངས་སུ་གཏོགས་ཀྱང་རུང་། མཐར་ཐུག་ན་རང་གཞན་ཀུན་འགྲོ་བ་མིའི་རིགས་སུ་གཏོགས་པ་གཅིག་མཚུངས་ཡིན།… རྒྱས་པ་འདིར་གཟིགས་རོགས་གནང་།
  • སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཚམས་འདྲི་མཛད་པ།
    ཟླ་བ་ ༤ ཚེས ༡༧ ༢༠༢༠
     •   གསར་ལས་ཁང་གི་གསར་འགོད་པས།
     
    ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༡༧ རེས་གཟའ་པ་སངས། ༄༅། །ལྷོ་ཀོ་རི་ཡའི་སྲིད་འཛིན་སྐུ་ཞབས་མུན་ཇེ་ཨིན་ Moon Jae-in མཆོག་གི་ཆབ་སྲིད་ཚོགས་པར་ཉེ་ཆར་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་ཆེན་མོའི་ནང་རྒྱལ་ཁ་ཐོབ་པར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁོང་ལ་འཚམས་འདྲི་མཛད་དོན།  སྐུ་ཉིད་ཀྱིས་ཀོ་རི་ཡ་གླིང་ཕྲན་ནང་ཞི་བདེ་བརྟན་ལྷིང་ཡོང་ཐབས་སླད་འབད་བརྩོན་མུ་མཐུད་གནང་བཞིན་པར་ངོས་ཀྱིས་བཅོས་མིན་ཡི་རང་བསྔགས་བརྗོད་ཞུ་རྒྱུ་ཡིན།  མུ་མཐུད་མི་མང་གི་རེ་འདུན་བསྒྲུབ་སླད་སྐུ་ཉིད་ཀྱིས་ངལ་བ་ཁྱད་གསད་གནང་རྒྱུར་ངོས་ལ་ཡིད་ཆེས་ཡོད། ཟླ་ཤས་གོང་ནས་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཕྱིན་པར་བརྟེན་འཛམ་གླིང་ཡོངས་ལ་སྔར་མ་གྲགས་པའི་དཀའ་ངལ་འཕྲད་བཞིན་ཡོད། དེ་ལྟར་ནའང་སྲིད་འཛིན་མཆོག་གི་དབུ་ཁྲིད་འོག་ཀོ་རི་ཡར་མཚོན་ན་ནད་རིམས་སྔོན་འགོག་ལས་གཞི་མིག་དཔེ་འོས་པ་ཞིག་སྤེལ་དང་སྤེལ་མུས་ལ་ངོས་ཀྱིས་གོ་སྐབས་འདི་བརྒྱུད་འཚམས་འདྲི་ཞུ་རྒྱུ་ཡིན།  ང་ཚོ་བོད་མིར་མཚོན་ན་ཀོ་རི་ཡའི་ངོ་ཤེས་གྲོགས་པོ་མང་པོ་ཡོད་པ་ཕལ་ཆེར་སྐུ་ཉིད་ཀྱི་མཁྱེན་གསལ་རེད།  ཀོ་རི་ཡར་སྲོལ་རྒྱུན་གྱི་ནང་པ་མང་པོ་ཡོད།  ཉེ་ལམ་ལོ་ཤས་གོང་ནས་བཟུང་ཀོ་རི་ཡའི་ནང་པའི་ཁྲོད་ནས་རྒྱ་གར་ནང་རྟེན་གཞི་བྱས་པའི་བོད་པའི་ནང་ཆོས་སློབ་གཉེར་ཁང་ནང་ཞུགས་མཁན་ཇེ་མང་དུ་འགྲོ་བཞིན་འདུག … རྒྱས་པ་འདིར་གཟིགས་རོགས་གནང་།
  • དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་སྤེལ་བ།
    ཟླ་བ་ ༤ ཚེས ༡༦ ༢༠༢༠
     •   གསར་ལས་ཁང་གི་གསར་འགོད་པས།
     
    ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༡༦ རེས་གཟའ་ཕུར་བུ། ༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༡༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་བརྒྱུད་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་སྤེལ་སྐབས་གསུང་དོན། རྣམ་པ་ཚོ་ཚང་མར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། འཛམ་གླིང་ཁྱོན་ཡོངས་ལ་ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་དུ་ཕྱིན་ཏེ་ད་བར་ནད་པ་མི་གྲངས་ས་ཡ་གཉིས་ལྷག་ཙམ་དང་། མི་གྲངས་འབུམ་གཅིག་དང་ཁྲི་གསུམ་ཙམ་འདས་གྲོངས་སུ་ཕྱིན་ཡོད་སྟབས། འཛམ་གླིང་ཡོངས་ལ་ཛ་དྲག་གི་གནས་སྟངས་ཆགས་ཡོད། དེའི་ནང་བོད་མི་ས་ཡ་དྲུག་ཀྱང་ཚུད་ཡོད།… རྒྱས་པ་འདིར་གཟིགས་རོགས་གནང་།
  • སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནང་ཆོས་དང་དངོས་ཡོད་གནས་སྟངས་གཉིས་ལ་གཞི་བཅོལ་ནས་ཏོག་དབྱིབས་གཉན་རིམས་ཀྱི་དཀའ་ངལ་ལས་གྲོལ་ཐབས་སྐོར་བཀའ་སློབ་སྩལ་འདུག
    ཟླ་བ་ ༤ ཚེས ༡༥ ༢༠༢༠
     •   གསར་ལས་ཁང་གི་གསར་འགོད་པས།
     
     ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༡༥ རེས་གཟའ་ལྷག་པ། ༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་ནང་ཧ་ཅང་གྲགས་ཆེ་བའི་དུས་བབ་ཅེས་པའི་དུས་དེབ་གསར་ཤོག་ Time Magazine ནང་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་འཛམ་གླིང་ས་ཕྱོགས་གང་སར་ཁྱབ་གདལ་ལ་བརྟེན་ནས།   མིའི་ལུས་སེམས་གཉིས་ལ་དཀའ་ངལ་ཧ་ཅང་འཕྲད་བཞིན་པའི་ཛ་དྲག་གི་དུས་སྐབས་སུ་ནང་ཆོས་ནས་སྡུག་བསྔལ་ལས་གྲོལ་ཐབས་དང་།  དེང་དུས་འཛམ་གླིང་གི་དངོས་ཡོད་གནས་སྟངས་གཉིས་ལ་གཞི་བཅོལ་ནས་བསམ་བློ་གཏོང་སྟངས་ཇི་ལྟར་དགོས་པའི་ལམ་སྟོན་བཀའ་སློབ་སྩལ་དོན།  ངོས་ཀྱི་གྲོགས་པོ་འགའ་ཤས་ཀྱིས།  ཏཱ་ལའི་བླ་མས་རྫུ་འཕྲུལ་བསྟན་ནས་འཛམ་གླིང་ནང་གི་དཀའ་ངལ་སེལ་རོགས། ཞེས་སྐབས་རེ་བརྗོད་ཀྱི་འདུག  ངོས་ལ་རྫུ་འཕྲུལ་སྟོན་རྒྱུ་གང་ཡང་མེད། ཅེས་ངོས་ཀྱིས་ཁོང་ཚོར་རྟག་ཏུ་བརྗོད་ཀྱི་ཡོད། … རྒྱས་པ་འདིར་གཟིགས་རོགས་གནང་།
  • བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་འཕྲོད་བསྟེན་འབྲེལ་གཏུག་བྱ་ཡུལ།
    ཟླ་བ་ ༤ ཚེས ༡༣ ༢༠༢༠
     •   གསར་ལས་ཁང་གི་གསར་འགོད་པས།
     
    ཕྱི་ལོ་ ༢༠༢༠ ཟླ་ ༤ ཚེས་ ༡༣ རེས་གཟའ་ཟླ་བ།  ༄༅། །རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་བརྡལ་བྱུང་བའི་ཏོག་དབྱིབས་གཉན་རིམས་རྒྱ་གར་ནང་དུའང་ཁྱབ་བཞིན་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་འཕྲོད་བསྟེན་འབྲེལ་གཏུག་བྱ་ཡུལ་གྱི་སྨན་པས་གཙོས་འཕྲོད་ལས་པ་ཁག་གཅིག་གྲ་སྒྲིག་གནང་ཡོད། འབྲེལ་གཏུག་བྱ་ཡུལ་གཤམ་གསལ། HELPLINE HOSPITAL NAME DESIGNATION CONTACT NO TSOJHE RINZIN… རྒྱས་པ་འདིར་གཟིགས་རོགས་གནང་།
  • ནད་ཡམས་དང་འབྲེལ་བའི་དམིགས་བསལ་གསུང་འཕྲིན།
    ཟླ་བ་ ༣ ཚེས ༣༡ ༢༠༢༠
     •   གསར་ལས་ཁང་གི་གསར་འགོད་པས།
     
    ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༣༠ རེས་གཟའ་ཟླ་བ། ༄༅། །དེང་སང་འཛམ་གླིང་གང་སར་ནད་ཡམས་ཀྱི་དཀའ་ངལ་དམིགས་བསལ་ཞིག་འཕྲད་མུས་དང། སྤྱིར་ནས་འཛམ་གླིང་སྤྱིའི་གནམ་གཤིས་ཚ་དྲོད་འགྱུར་ལྡོག་གི་གནས་བབ་ཛ་དྲག་ཏུ་གྱུར་པ་སོགས་དཀའ་ངལ་སྣ་ཚོགས་ཤིག་འཕྲད་བཞིན་ཡོད། འོན་ཀྱང་རྒྱ་གར་གཞུང་གིས་མཚོན་འཛམ་གླིང་གང་ས་ནས་གདོང་ལེན་གནང་མུས་ལ་ཡི་རང་དང་བསྔགས་བརྗོད་ཞུ།  རྒྱ་གར་གནའ་རབས་ཀྱི་རིག་གཞུང་ནང་འཛམ་གླིང་བྱེ་བ་ཕྲག་བརྒྱ་ཆགས་གནས་འཇིག་སྟོང་བར་མ་ཆད་དུ་བྱུང་དང་འབྱུང་མུས་དང་། འཇིག་རྟེན་འདི་འཇིག་པ་ན་མཚོན་དང་ནད་དག་གིས་འཇིག་པར་ཡང་གསུངས་པ་དེ་དག་ནི་ད་ཆར་མངོན་སུམ་ལྟ་བུར་སྣང་། གང་ལྟར་ཡང་འཇིག་རྟེན་འདིར་གོད་ཆགས་སྣ་ཚོགས་འབྱུང་བའི་སྐབས་སོ་སོར་སྲོག་ཆགས་སྤྱི་དང་། མིའི་རིགས་ཀྱིས་གདོང་ལེན་གྱིས་མུ་མཐུད་འཚོ་བཞིན་ཡོད།  ཞུམ་པས་སྡུག་བསྔལ་ལས་མི་གྲོལ་བས་དཀའ་ངལ་ཇི་འདྲ་ཞིག་འཕྲད་ཀྱང་སྙིང་སྟོབས་བསྐྱེད་དེ་མིའི་རྣམ་དཔྱོད་དང་། དེང་དུས་རིག་འཕྲུལ་ཟུང་འབྲེལ་གྱིས་སེལ་ཐབས་བྱེད་དགོས། ཅི་སྟེ་སེལ་དུ་མེད་པའི་དཀའ་ངལ་ཞིག་འཕྲད་ནའང་། གལ་ཏེ་བཅོས་སུ་ཡོད་ན་ནི།།… རྒྱས་པ་འདིར་གཟིགས་རོགས་གནང་།
  •   STATEMENT
    བོད་རང་དབང་སྒེར་ལངས་བྱས་ནས་མི་ལོ་ ༦༡ འཁོར་བའི་གསུམ་བཅུའི་དུས་དྲན་ཐོག་དཔལ་ལྡན་སྲིད་སྐྱོང་གིས་ཡོངས་ཁྱབ་ཏུ་སྤེལ་བའི་གསུང་འཕྲིན།
    ཟླ་བ་ ༣ ཚེས ༡༠ ༢༠༢༠
     
    ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༡༠ རེས་གཟའ་མིག་དམར། ༄༅། །དེ་རིང་ནི་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བོད་རིགས་སེར་སྐྱ་ཕོ་མོ More
  • ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུ་ཐེངས་གསུམ་པའི་འཛུལ་ཞུགས་གསལ་བསྒྲགས།
    ཟླ་བ་ ༢ ཚེས ༢༡ ༢༠༢༠
     •   གསར་ལས་ཁང་གི་གསར་འགོད་པས།
     
    ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༢༡ རེས་གཟའ་པ་སངས།  ༄༅།།བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག་བཞུགས་སྒར་རྡ་སར་ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུ་ཐེངས་གསུམ་པ། འབྱུང་འགྱུར་བོད་ཀྱི་མདུན་ལམ། ཞེས་པའི་ལྷན་ཚོགས་ཐོག་འཛམ་གླིང་གང་ས་ནས་བོད་མི་ན་གཞོན་ལོ་ན་ ༢༠ ནས་ ༣༥ བར་མི་གྲངས་༡༢༠ དྲག་འདེམ་བསྡུ་སྐོང་གིས་བོད་མིའི་སྒྲིག་འཛུགས་ཀྱི་འབྱུང་འགྱུར་ལོ་ལྔ་དང་ལྔ་བཅུའི་ནང་བོད་མིའི་འཐབ་རྩོད་དང་། ཆོས་རིག་འཛིན་སྐྱོང་སོགས་ཀྱི་འཆར་སྣང་ཐོག་གོ་བསྡུར་སྦྱང་བཤད་གནང་རྒྱུ་དང་། ང་ཚོས་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཟུང་བོད་དོན་བདེན་མཐའ་གསལ་ཐབས་བྱ་རྒྱུ་ཡིན། ལྔ་དང་ལྔ་བཅུའི་འཆར་སྣང་། ཞེས་པ་ནི་གཙོ་བོ་བོད་མི་ཚོར་ཆེ་མཐོང་དང་རང་དབང་སླར་གསོ་ཐུབ་པ།… རྒྱས་པ་འདིར་གཟིགས་རོགས་གནང་།
  • གནམ་ལོ་གསར་ཚེས་ཀྱི་དགའ་སྟོན་ལ་བཀྲ་ཤིས་བདེ་ལེགས་ཞུ།
    ཟླ་བ་ ༢ ཚེས ༢༡ ༢༠༢༠
     •   གསར་ལས་ཁང་གི་གསར་འགོད་པས།
     
    ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༢༡ རེས་གཟའ་པ་སངས། ༄༅།  །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་པའི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་བསྟན་བདག་བླ་ཆེན་རྣམ་པ། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་གཙོས་གཞིས་བྱེས་གཉིས་སུ་གནས་པའི་རང་རིགས་རྒྱ་ཆེའི་སེར་སྐྱ་མི་མང་ཡོངས་དང་། དེ་བཞིན་རྒྱལ་སྤྱིའི་སྟེང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་དང་། ལྷག་པར་འཕགས་ཡུལ་གཞུང་མང་གཉིས་ཀྱི་བཀའ་དྲིན་སྙིང་བཅངས་ཐོག ལྕགས་བྱི་ལོའི་གནམ་ལོའི་རང་ཞལ་གསར་དུ་བཞད་པར་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུས་པ་དང་སྦྲགས། ལོ་གསར་པ་འདི་ནས་བཟུང་སྤྱིར་འཛམ་གླིང་ཡུལ་གྲུ་ཀུན་དུ་ནད་དང་མུ་གེ དམག་འཁྲུག་སོགས་དང་། དེ་བཞིན་འབྱུང་བ་བཞི་ལ་བརྟེན་པའི་གོད་ཆག་རིགས་ལོ་རེ་བཞིན་ཇེ་ཉུང་དུ་སོང་ནས་འཇིག་རྟེན་ཡོངས་ལ་བྱམས་བརྩེའི་འཚོ་བས་ཁྱབ་ཅིང་སྣོད་བཅུད་གཉིས་ཀར་ཞི་བདེ་བག་ཕེབས་ཡོང་བ་དང་།  ཡང་སྒོས་བོད་ཁ་བ་གངས་ཅན་པ་རྣམས་ཀྱི་དྲང་བདེན་འཐབ་རྩོད་ལ་ཁྱོན་ཡོངས་ནས་རྒྱལ་ཁའི་ཉི་གཞོན་འཕྲལ་མར་འཆར་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་ཐུབ་པ་དང་བོད་མི་ཡོངས་ལ་སྐལ་བཟང་གི་དུས་བཟང་འཆར་བའི་སྨོན་འདུན་ཞུ་རྒྱུ་བཅས། ། རྒྱས་པ་འདིར་གཟིགས་རོགས་གནང་།
  • སྲིད་སྐྱོང་མཆོག་དབུ་བཞུགས་ཐོག་གསར་འགོད་གསལ་བསྒྲགས་སྤེལ་བ།
    ཟླ་བ་ ༡ ཚེས ༢༩ ༢༠༢༠
     •   གསར་ལས་ཁང་གི་གསར་འགོད་པས།
     
    ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༢༩ རེས་གཟའ་ལྷག་པ། ༄༅། །ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ལ་བསྐྱར་ཞིབ་ཁྲིམས་འཆར་གསར་པ་ Tibetan Policy and Support Act ལ་རྒྱབ་སྐྱོར་ཡོད་མེད་འོས་ཤོག་འཕེན་སྐབས་ཚད་མཐོའི་མང་མོས་ཐོག་ནས་རྒྱབ་སྐྱོར་ཤུགས་ཆེ་གནང་འདུག  དེ་སྔ་ཕྱི་ལོ་ ༢༠༠༢ ལོར་ཨ་རིའི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་ Tibetan Policy… རྒྱས་པ་འདིར་གཟིགས་རོགས་གནང་།
  • ངོས་ཀྱིས་མང་ཚོགས་ཁྲོད་ཀུ་ཤུར་སོ་བརྒྱབ་པ་དེར་རྒྱུ་མཚན་གཉིས་ཡོད།
    ཟླ་བ་ ༡ ཚེས ༢༡ ༢༠༢༠
     •   གསར་ལས་ཁང་གི་གསར་འགོད་པས།
     
    ༢༠༢༠ ཟླ་ ༡ ཚེས་ ༡༥ རེས་གཟའ་ལྷག་པ།  ༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༡༡ ཉིན་གྱི་ཞོགས་པ་ཆུ་ཚོད་ ༧།༣༠ ཙམ་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་གྱི་བཞུགས་སྒར་དགའ་ལྡན་འཕེལ་རྒྱས་གླིང་ནས་དྲ་ལམ་ཐད་གཏོང་བརྒྱུད་ཨ་རིའི་ཤར་ཕྱོགས་ཀྱི་མཐོ་རིམ་སློབ་གྲྭ་ཁག་ ༧༠ ནས་རྒྱ་མི་དང་བོད་པའི་སློབ་ཕྲུག་གྲངས་གསུམ་བརྒྱ་ལ་བཀའ་སློབ་སྩལ་བ་མ་ཟད། སློབ་ཕྲུག་གི་དྲི་བར་བཀའ་ལན་སྩལ་དོན། ཁྱེད་ཚོའི་གནས་ཡུལ་ལ་བསྟུན་ན་ཉིན་མོ་བདེ་ལེགས་བརྗོད་དགོས་ཀྱང་འདི་ག་ངོས་རང་གནས་ཡུལ་རྒྱ་གར་ནས་སྔ་དྲོ་བདེ་ལེགས་བརྗོད་དགོས་པ་རེད། … རྒྱས་པ་འདིར་གཟིགས་རོགས་གནང་།
  • ཁྱེད་རང་ཚོ་ཆེད་ལས་པ་ཞིག་ཡིན་པའི་ཆ་ནས་སྤྱི་ཚོགས་དང་རྒྱལ་ཁབ་བདེ་སྐྱིད་ལྡན་པ་ཞིག་བསྐྲུན་རྒྱུ་ཧ་ཅང་གལ་ཆེན་པོ་རེད། 
    ཟླ་བ་ ༡ ཚེས ༡༨ ༢༠༢༠
     •   གསར་ལས་ཁང་གི་གསར་འགོད་པས།
     
    ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༡༨ རེས་གཟའ་སྤེན་པ།  ༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་སྐལ་བཟང་རྒྱ་མཚོ་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༡༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༢༠ ཙམ་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བྷི་ཧར་མངའ་སྡེའི་རྒྱལ་ས་པཱ་ཊི་ནར་རྟེན་གཞི་བྱས་པའི་མངའ་སྡེ་གཞུང་གི་བྷི་ཧར་ཁྲིམས་ལུགས་སྦྱོང་བརྡར་བསྟི་གནས་ཁང་ Bihar… རྒྱས་པ་འདིར་གཟིགས་རོགས་གནང་།