[facetwp counts="true"]
[facetwp facet="keyword_filter"]
[facetwp facet="content_types"]
[facetwp facet="categories"]
[facetwp facet="tags"]
[facetwp sort="true"]
  • བོད་ཀྱི་ཤུལ་བཞག་དངོས་རྫས་ཉར་ཚགས་འགོ་འཛུགས་ལས་གཞི། 
    ཟླ་བ་ ༡༠ ཚེས ༢༦ ༢༠༢༠
     •   གསར་ལས་ཁང་གི་གསར་འགོད་པས།
     
    ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༢༦ རེས་གཟའ་ཟླ་བ། ༄༅། །ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་ནས་ཕྱོགས་བསྡུས་གནང་བའི་ཤུལ་བཞག་དངོས་རྫས་རྣམས་ཉར་ཚགས་དང་། གཅེས་སྲུང་། འགྲེམས་སྟོན་སོགས་ཀྱི་ལས་གཞི་ཞིག་འགོ་འཛུགས་གནང་ཡོད། དེ་ཡང་ཉར་ཚགས་གནང་བའི་ཤུལ་བཞག་དངོས་རྫས་རྣམས་ཕྱིས་སུ་རྡ་ས་གངས་ཅན་སྐྱིད་ཤོང་དུ་ཡོད་པའི་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གསར་པའི་ནང་འགྲེམས་སྟོན་གནང་རྒྱུ་ཡིན་འདུག་པ་མ་ཟད། བོད་དང་བོད་པའི་རིག་གཞུང་གི་ལོ་རྒྱུས་དང་གནས་ཚུལ་མཁོ་སྤྲོད་སླད་རིག་གཞུང་དང་ལོ་རྒྱུས་ཀྱི་མཛོད་ཁང་ལྟ་བུར་རྩི་བཞིན་ཡོད། ལས་གཞི་དེ་ཉིད་བསྒྲུབ་ཆེད་སྒྱུ་རྩལ་ཉར་ཚགས་ཀྱི་བརྟག་དཔྱད་ཁང་ཞིག་གསར་འཛུགས་གནང་ཡོད་པ་དང་། དངོས་རྫས་དང་འབྲེལ་བའི་ཡིག་ཆ་ཕྱོགས་བསྒྲིགས་དང་། ཉར་ཚགས། གཅེས་སྲུང་། དེ་བཞིན་ཕྱོགས་བསྡུས་གནང་བའི་དངོས་རྫས་རྣམས་འགྲེམས་སྟོན་ཆེད་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གི་དངོས་རྫས་ཉར་ཚགས་རུ་ཁག་ནས་འབད་བརྩོན་བྱེད་བཞིན་ཡོད། ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གི་དངོས་རྫས་ཉར་ཚགས་རུ་ཁག་ཁོངས། སྒྱུ་རྩལ་ཉར་ཚགས་ཀྱི་སློབ་སྟོན་པ་པང་ཀཇ་ཤར་མ་… རྒྱས་པ་འདིར་གཟིགས་རོགས་གནང་།
  • ཐེ་ཝན་ནང་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་བསྐོང་ཚོགས་གནང་བ།
    ཟླ་བ་ ༡༠ ཚེས ༢༦ ༢༠༢༠
     •   གསར་ལས་ཁང་གི་གསར་འགོད་པས།
     
    ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༢༦ རེས་གཟའ་ཟླ་བ།  ༄༅། །འདི་གར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༢༤ རེས་གཟའ་སྤེན་པ་ཉིན་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་དང་། ཐེ་སྡོད་བོད་རིགས་ཚོགས་པ་ནས་གཙོ་འགན་ཐོག་ ༢༠༢༠ ལོ་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་ཞིག་ཐེ་ཝན་རྒྱལ་ས་ཐའེ་པེ་གྲོང་ཁྱེར་ནང་གོ་སྒྲིག་གནང་ཡོད་པ་རེད།… རྒྱས་པ་འདིར་གཟིགས་རོགས་གནང་།
  • དོན་ལྡན་གླིང་བོད་མིའི་གཞིས་ཆགས་སུ་སྟོན་པའི་སྐུ་བརྙན་དང་མི་མང་གི་ཚོགས་ཁང་གསར་རྒྱག་གི་རྨང་གཞི་འདིང་བའི་རྟེན་འབྲེལ་མཛད་སྒོ་ཚོགས་པ།
    ཟླ་བ་ ༡༠ ཚེས ༢༥ ༢༠༢༠
     •   གསར་ལས་ཁང་གི་གསར་འགོད་པས།
     
    ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༢༥ རེས་གཟའ་ཉི་མ། ༄༅། །འདི་གར་སྦེང་ལོར་ལྷོ་སྤྱི་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༢༤ རེས་གཟའ་སྤེན་པ་གཟའ་སྐར་འཕྲོད་སྦྱོར་བཟང་བའི་ཉིན་ཀོ་ལེ་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་སུ་གསེར་མདོག་ལས་གྲུབ་པའི་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པའི་སྐུ་བརྙན་མཐོ་ཚད་ཕི་ཊི་ ༡༡༣ ཅན་གསར་བཞེངས་དང་། མི་མང་གི་ཚོགས་ཁང་གསར་རྒྱག་གི་རྨང་གཞི་འདིང་གནང་བའི་རྟེན་འབྲེལ་མཛད་སྒོ་ཞིག་ཚོགས་ཡོད།… རྒྱས་པ་འདིར་གཟིགས་རོགས་གནང་།
  • དཔལ་ལྡན་ཚོགས་གཞོན་མཆོག་གིས་ཀམ་ལ་ནེ་རུ་སྨན་ཁང་གི་སྨན་པ་ཞིག་དང་མཇལ་འཕྲད་གནང་བ།
    ཟླ་བ་ ༡༠ ཚེས ༢༣ ༢༠༢༠
     •   གསར་ལས་ཁང་གི་གསར་འགོད་པས།
     
    ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༢༣ རེས་གཟའ་པ་སངས། ༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཧི་མ་ཅཱལ་མངའ་གཞུང་གི་འཕྲོད་བསྟེན་ལས་ཁུངས་ཀྱི་སྤྱི་ཁྱབ་དྲུང་ཆེ་མཆོག་གི་སྐུ་ཟླ་དང་། སིམ་ལར་རྟེན་གཞི་བྱས་པའི་ཀམ་ལ་ནེ་རུ་སྨན་ཁང་ Kamla Nehru Hospital གི་སྨན་པ་ལྕམ་སྐུ་ནི་དྷི་ Dr Nidhi, Assistant Professor,Gynecologist… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ཕྱི་ལོ་ ༢༠༢༡ ལོའི་ UWC Horizon Foundation སློབ་ཡོན་གསལ་བསྒྲགས།
    ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༢༣ རེས་གཟའ་པ་སངས།  ༄༅། །དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་གསལ་བསྒྲགས་ཞུ་རྒྱུར། རྒྱ་གར་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ ༡༨ ཀྱི་མཐོ་སློབ་ནང་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ཚད་མཉམ་སློབ་སྦྱོང་ཆེད་ཕྱི་ལོ་ ༢༠༢༡ ལོའི་ UWC Horizon Foundation སློབ་ཡོན་གྱི་གོ་སྐབས་ཡོད་འདུག་ན། ཤེས་རིག་ལས་ཁུངས་ནས་རྒྱ་གར་ནང་རྟེན་གཞི་བྱས་པའི་… རྒྱས་པ་འདིར་གཟིགས་རོགས་གནང་།
  • ནང་སྲིད་བཀའ་བློན་མཆོག་གིས་ཀུམ་རའོ་སྒ་པ་བོད་མིའི་གཞིས་ཆགས་སུ་ལམ་ཀ་བཟོ་བཅོས་དང་རྩིག་སྐྱོར་གྱི་ལས་གཞི་དབུ་འབྱེད་གནང་བ།
    ཟླ་བ་ ༡༠ ཚེས ༢༢ ༢༠༢༠
     •   གསར་ལས་ཁང་གི་གསར་འགོད་པས།
     
    ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༢༢ རེས་གཟའ་ཕུརབུ། ༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༢༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་མཐུན་འགྱུར་འོག་ཀུམ་རའོ་སྒ་པ་བོད་མིའི་གཞིས་ཆགས་སུ་ལམ་ཀ་བཟོ་བཅོས་དང་རྩིག་སྐྱོར་གྱི་ལས་གཞི་ལེགས་པར་གྲུབ་པའི་དབུ་འབྱེད་མཛད་སྒོ་ཞིག་དྲ་རྒྱ་བརྒྱུད་ཚོགས་གནང་ཡོད། དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས་དྲ་རྒྱ་བརྒྱུད་དབུ་འབྱེད་གནང་ཡོད་པ་དང་། སྐབས་དེར་ནང་སྲིད་དྲུང་ཆེ་ཤོ་ཟུར་ཚེ་དབང་སྒྲོལ་མ་ལགས་དང་ཀུམ་རའོ་ས་གནས་འགོ་འཛིན་རབ་བརྟན་ཚེ་རིང་ལགས་རྣམ་གཉིས་ཀྱང་མཉམ་ཞུགས་གནང་ཡོད།  ས་གནས་འགོ་འཛིན་རབ་བརྟན་ཚེ་རིང་ལགས་ཀྱིས་ལམ་ཀ་བཟོ་བཅོས་དང་རྩིག་སྐྱོར་ལས་གཞིའི་དགོས་པ་དང་དམིགས་ཡུལ་སྐོར་ངོ་སྤྲོད་དང་འབྲེལ་བོད་མིའི་སྒྲིག་འཛུགས་ནས་ལས་གཞིའི་མ་དངུལ་བཀའ་འཁྲོལ་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་པ་མ་ཟད། ལས་གཞི་འདིས་གཞིས་མིའི་འདོད་དོན་དང་།… རྒྱས་པ་འདིར་གཟིགས་རོགས་གནང་།
  • བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བོད་དོན་རྒྱབ་སྐྱོར་བ་རྙིང་གྲས་སྐུ་ཞབས་ཨོ་པི་ཊན་ཌོན་མཆོག་སོགས་ལ་སྣེ་ལེན་ཞུས་པ།
    ཟླ་བ་ ༡༠ ཚེས ༢༡ ༢༠༢༠
     •   གསར་ལས་ཁང་གི་གསར་འགོད་པས།
     
    ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༢༡ རེས་གཟའ་ལྷག་པ། ༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༢༠ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༡༩༩༤ ལོར་ཐོག་མར་གསར་འཛུགས་གནང་བའི་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐོག་མ་དང་། རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་རྟེན་གཞི་བྱས་པའི་འཚེ་མེད་ཞི་བའི་དགེ་རྩ་ཚོགས་པ་… རྒྱས་པ་འདིར་གཟིགས་རོགས་གནང་།
  • བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་བོད་པའི་སློབ་ཕྲུག་གཉིས་ཀྱིས་རྒྱ་གར་རྒྱལ་ཡོངས་སྨན་པའི་ཚུད་རྒྱུགས་ནང་བརྒྱ་ཆ་མཐོན་པོ་བླངས་པར་དགའ་བསུའི་འཚམས་འདྲི་གནང་བ།
    ཟླ་བ་ ༡༠ ཚེས ༢༠ ༢༠༢༠
     •   གསར་ལས་ཁང་གི་གསར་འགོད་པས།
     
    ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༢༠ རེས་གཟའ་མིག་དམར། ༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༦ ཉིན་རྒྱ་གར་རྒྱལ་ཡོངས་སྨན་པའི་ཚུད་རྒྱུགས་ NEET ཞེས་པའི་གྲུབ་འབྲས་གསལ་བསྒྲགས་གནང་བའི་ཁྲོད། བོད་པའི་སློབ་ཕྲུག་བསྟན་འཛིན་ཡེ་ཤེས་ལགས་དང་ཀུན་དགའ་ལེགས་བྱུང་ལགས་རྣམ་གཉིས་ཀྱིས་བརྒྱ་ཆ་མཐོན་པོ་བླངས་པར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་དགའ་བསུའི་འཚམས་འདྲི་གནང་འདུག དེ་ཡང་རྒྱ་གར་དབུས་གཞུང་དང་ཧི་མཱ་ཅལ་མངའ་སྡེ་གཞུང་ནས་བཙན་བྱོལ་བོད་མིའི་སློབ་ཕྲུག་ཁྲོད་སྨན་པའི་ཞབས་སྟེགས་དྲུག་གནང་བའི་ཐོག ད་རེས་བོད་པའི་སློབ་ཕྲུག་… རྒྱས་པ་འདིར་གཟིགས་རོགས་གནང་།
  • བོད་མིའི་སྒྲིག་འཛུགས་ནས་བཙན་བྱོལ་བོད་མིའི་ཁྲོད་རྩུབ་སྤྱོད་རིགས་འགོག་ཆེད་ལམ་སྟོན་དཔེ་དེབ་ཅིག་དབུ་འབྱེད་གནང་འདུག
    ཟླ་བ་ ༡༠ ཚེས ༢༠ ༢༠༢༠
     •   གསར་ལས་ཁང་གི་གསར་འགོད་པས།
     
    ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༢༠ རེས་གཟའ་མིག་དམར།  ༄༅། །བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ལམ་སྟོན་གཞིར་བཟུང་དཔལ་འབྱོར་ལས་ཁུངས་ཀྱི་བུད་མེད་ནུས་སྟོབས་གོང་འཕེལ་ཚན་པས་ཟླ་འདིའི་ནང་བཙན་བྱོལ་ནང་གི་བུད་མེད་གཙོ་བོར་གྱུར་པའི་བོད་མི་ཡོངས་ལ་རྩུབ་སྤྱོད་རིགས་འགོག་ཐབས་ཀྱི་ལམ་སྟོན་ CTA’s Guidelines for Prevention, Prohibition and Redressal of Sexual and Gender-Based… རྒྱས་པ་འདིར་གཟིགས་རོགས་གནང་།
  • ༸གོང་ས་མཆོག་ལ་ཨ་རིའི་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ ༡༣ འཁོར་བའི་དུས་དྲན་མཛད་སྒོར་ཕྱོགས་བཞུགས་སྤྱི་འཐུས་ཚེ་དབང་རིག་འཛིན་ལགས་ཀྱིས་གསུང་བཤད་གནང་བ།
    ཟླ་བ་ ༡༠ ཚེས ༢༠ ༢༠༢༠
     •   གསར་ལས་ཁང་གི་གསར་འགོད་པས།
     
    ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༢༠ རེས་གཟའ་མིག་དམར།  ༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༧ ཉིན་ཨ་རི་མི་ནི་སོ་ཊ་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༡༣ འཁོར་བའི་དུས་དྲན་མཛད་སྒོ་སྲུང་བརྩི་གཟབ་རྒྱས་ངང་ཚོགས་གནང་འདུག དེ་ཡང་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་ཚེ་དབང་རིག་འཛིན་ལགས་དང་། དམིགས་བསལ་སྐུ་མགྲོན་ཨ་བོང་རིན་པོ་ཆེ་མཆོག་གིས་དབུས་པའི་ཆོས་ཚོགས་ཁག་གི་སྐུ་ཚབ། དེ་བཞིན་སྐུ་མགྲོན་དུ་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་ས་གནས་རྒྱུན་ཟུར་རྣམ་པ་བཅས་འདུ་འཛོམས་ཐོག་མཛད་སྒོ་དབུ་འཛུགས་ཀྱིས་ཐོག་མར་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་རྒན་ཡི་སྟོབས་ལགས་ཀྱི་དབུ་མཛད་ནས་༧རྒྱལ་བའི་ཞབས་བརྟན་གསུང་འདོན་གནང་བ་དང་བསྟུན། སྐུ་མགྲོན་གཙོ་བོ་དང་། བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ངག་དབང་འཆི་མེད་ལགས་རྣམ་གཉིས་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་དང། གཞན་སྐུ་མགྲོན་རྣམས་ནས་མཇལ་དར་ཕུལ་རྗེས། རྟེན་འབྲེལ་གྱི་གསོལ་ཇ་དང་འབྲས་སིལ་འདེགས་འབུལ་ཞུས། དེ་ནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོས་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་འདུག མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་ཚེ་དབང་རིག་འཛིན་ལགས་ཀྱིས་གསུང་བཤད་གནང་དོན། བོད་རྒྱལ་ཁབ་ཆེན་པོའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་ཕྱག་སྔོན་དུ་བཏང་བའི་ཐོག་ནས་དེ་རིང་འདིར་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༡༣ འཁོར་བའི་དུས་དྲན་མཛད་སྒོ་སྲུང་བརྩི་ཞུ་བཞིན་པའི་ཐོག་ཕེབས་པའི་ཨ་བོང་རིན་པོ་ཆེ་མཆོག་གིས་དབུས་པའི་སྐྱབས་གནས་དགེ་འདུན་གྱི་སྡེ་དང་། བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དབུས་པའི་རྒྱུན་ལས་ལས་ཟུར། དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་། དྲ་རྒྱ་བརྒྱུད་ཐད་གཏོང་གཟིགས་མཁན་ཚང་མར་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དེ་རིང་གི་ཉིན་མོ་ནི་༸གོང་ས་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ཧྲིལ་པོ་ ༡༣ འཁོར་བའི་ལོ་རྒྱུས་རང་བཞིན་དང་སྐལ་བཟང་གི་ཉིན་མོ་ཞིག་ཡིན་པར་སོང་བོད་འབངས་ཡོངས་ནས་དགའ་སྤྲོ་དང་སྤོབས་པ་བྱེད་དགོས་པའི་ཉིན་མོ་ཞིག་ཡིན། ༸གོང་ས་མཆོག་གིས་སྐུ་ཚེ་ཧྲིལ་པོ་བོད་དང་བོད་མིའི་ཆེད་སྐུ་ལས་བསྐྱོན་དང་སྐྱོན་མུས་ཡིན་པ་ང་ཚོ་ཚང་མས་དེ་རིང་དུས་དྲན་ཙམ་མ་ཡིན་པར་རྟག་ཏུ་བཀའ་དྲིན་རྗེས་དྲན་དགོས་པ་མ་ཟད། ལྷག་པར་དུ་འཚར་ལོངས་བྱུང་བཞིན་པའི་མི་རབས་གསར་པ་ཚོས་ཀྱང་༸གོང་ས་མཆོག་གི་བཀའ་དྲིན་ཤེས་དགོས་པ་བཟོ་རྒྱུ་གལ་འགངས་ཆེན་པོ་ཡིན། དེ་བཞིན་༸རྒྱལ་བའི་ཐུགས་བསྐྱེད་དམ་བཅའ་བཞི་དང་། བྱམས་བརྩེ་དང་འཚེ་མེད་ཞི་བའི་ལྟ་གྲུབ་སོགས་རྒྱལ་སྤྱིའི་ཐོག་དྲིལ་བསྒྲགས་རྒྱ་གང་ཆེ་གནང་དགོས། ༸རྒྱལ་བ་དགྱེས་པའི་མཆོད་སྤྲིན་དང་བརྟན་བཞུགས་ཡག་ཤོས་ནི་མགོན་པོ་གང་གི་བཀའ་སློབ་ལག་བསྟར་གནང་དགོས་པ་དེ་ཡིན་སྟབས།… རྒྱས་པ་འདིར་གཟིགས་རོགས་གནང་།
  • མན་སྤར་ཕན་བདེ་གླིང་ས་གནས་འཐུས་ཚོགས་སྐབས་ ༨ པའི་ལས་འཁུར་དམ་འབུལ་ལེགས་གྲུབ།
    ཟླ་བ་ ༡༠ ཚེས ༢༠ ༢༠༢༠
     •   གསར་ལས་ཁང་གི་གསར་འགོད་པས།
     
    ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༢༠ རེས་གཟའ་མིག་དམར།  ༄༅། །ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། དབུས་འོས་བསྡུ་ལས་ཁང་གི་ཞུ་སྐུལ་འབྱོར་དོན་ལྟར། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་ནས་སམ་བྷོ་ཊ་སློབ་གྲྭའི་དགེ་ཆེ་ཟླ་བ་ཚེ་རིང་ལགས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༩ ཆ་རྐྱེན་འོག་འཕྲལ་སེལ་ས་གནས་ཁྲིམས་ཞིབ་པར་བསྐོ་གཞག་བགྱིས་ཏེ། ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༦ ཉིན་མན་སྤར་ཕན་བདེ་གླིང་ས་གནས་འཐུས་ཚོགས་སྐབས་… རྒྱས་པ་འདིར་གཟིགས་རོགས་གནང་།
  • ༸རྒྱལ་བའི་བཀའ་དྲིན་རྗེས་དྲན་མཚོན་སླད་༸རྒྱལ་བའི་སྐུ་ཕྱྭའི་ཞབས་རིམ་གསོག་སྒྲུབ་ཞུས་པ།
    ཟླ་བ་ ༡༠ ཚེས ༡༩ ༢༠༢༠
     •   གསར་ལས་ཁང་གི་གསར་འགོད་པས།
     
    ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༩ རེས་གཟའ་ཟླ་བ། ༄༅། །འདི་གར་སིམ་ལ་བོད་མིའི་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་ཚོགས་ཆུང་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ནས་ལམ་སྟོན་བཀའ་ཡིག་དགོངས་དོན་ལྟར། ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡ ནས་ཕྱི་ལོ་ ༢༠༢༡ ཟླ་… རྒྱས་པ་འདིར་གཟིགས་རོགས་གནང་།
  • བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ཉི་ཤུ་རྩ་དགུ་པ་སྤེལ་བ།
    ཟླ་བ་ ༡༠ ཚེས ༡༨ ༢༠༢༠
     •   གསར་ལས་ཁང་གི་གསར་འགོད་པས།
     
    ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༨ རེས་གཟའ་ཉི་མ།  ༄༅། །ཕྱི་ལོ་༢༠༢༠ ཟླ་ ༡༠ ཚེས་ ༡༥ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཝུ་ཧན་ COVID-19 ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༢༩ དེ་སྤེལ་ཡོད།  དེ་ཡང་གསལ་བསྒྲགས་ཞུ་མཁན་འཕྲོད་བསྟེན་ལས་ཁུངས་ཀྱི་སེམས་ཁམས་འཕྲོད་བསྟེན་ལས་བྱེད་ཚེ་རིང་དབྱངས་སྒྲོན་ལགས་དང་ཕྱི་ལུགས་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས།… རྒྱས་པ་འདིར་གཟིགས་རོགས་གནང་།
  • ཨ་རི་བོད་མིའི་སློབ་ཡོན་ལས་གཞིའི་ཁོངས་སུ་མི་འགྲོའི་འདེམས་རྒྱུགས་འགོ་འཛུགས་གནང་བ།
    ཟླ་བ་ ༡༠ ཚེས ༡༥ ༢༠༢༠
     •   གསར་ལས་ཁང་གི་གསར་འགོད་པས།
     
    ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༥ རེས་གཟའ་ཕུར་བུ།  ༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༣ རེས་གཟའ་མིག་དམར་ཉིན་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༢༡ ལོའི་ཨ་རི་བོད་མིའི་སློབ་ཡོན་ལས་གཞི་ Tibetan Scholarship Program ཁོངས་སུ་མི་འགྲོའི་འདེམས་རྒྱུགས་འགོ་འཛུགས་གནང་ཡོད་པ་དང་།… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ༢༠༢༠ བར་བཞག་ལོའི་སློབ་ཡོན་གསལ་བསྒྲགས།  
    ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༥ རེས་གཟའ་ཕུར་བུ།    ༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་འཛིན་རིམ་བཅུ་གཉིས་ཚན་རིག་སློབ་ཚན་ཐོན་སྟེ་ལོ་གཅིག་གི་རིང་སློབ་མཚམས་འཇོག་མཁན་སློབ་ཕྲུག་གྲངས་ ༡༠ ལ་ཕྱི་ལོ་༢༠༢༡ ལོའི་རྒྱ་གར་རྒྱལ་ཡོངས་ཀྱི་སྨན་པ་ MBBS དང་ Engineering གཉིས་ཀྱི་ཚུད་རྒྱུགས་གྲ་སྒྲིག་གི་སློབ་ཡོན་གནང་རྒྱུ་ཡིན་པ་དང་། འཚང་སྙན་རྣམས་གཤམ་གསལ་དྲ་ལམ་སྦྲེལ་ཐག་བརྒྱུད་ཕྱི་ལོ་༢༠༢༠ ཟླ་  ༡༡… རྒྱས་པ་འདིར་གཟིགས་རོགས་གནང་།