གཞུང་འབྲེལ་གསར་འགྱུར།
[facetwp facet="keyword_filter"]
[facetwp facet="content_types"]
[facetwp facet="categories"]
[facetwp facet="tags"]
[facetwp sort="true"]
-
ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༢༣ རེས་གཟའ་ཟླ་བ། ༄༅། །བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་བུད་མེད་ནུས་སྟོབས་གོང་འཕེལ་ཚན་པས་ཟླ་འདིའི་ཕྱི་ཚེས་ ༡༠ ནས་ ༡༣ བར་དང་། དེ་བཞིན་ཕྱི་ཚེས་ ༡༧ ཉིན་བཅས་ཉིན་གྲངས་ལྔའི་རིང་དྲ་རྒྱ་བརྒྱུད་ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བ་འགོག་ཐབས་དང་འབྲེལ་བའི་ཟབ་ཁྲིད་པའི་ཟབ་སྦྱོང་ཞིག་གོ་སྒྲིག་གནང་ཡོད། དེ་ཡང་ཟབ་སྦྱོང་གི་དམིགས་ཡུལ་གཙོ་བོ་ནི། རང་རེའི་བོད་མིའི་སྤྱི་ཚོགས་ཁྲོད་ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བའི་བྱ་སྤྱོད་རིགས་དང་། དེ་འབྲེལ་གནད་དོན་ཁག་གི་ཐོག་འཛེམས་ཟོན་མེད་པར་བགྲོ་གླེང་ཡོང་ཐུབ་པའི་ཆེད་ཡིན་འདུག… རྒྱས་པ་འདིར་གཟིགས་རོགས་གནང་།
-
ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༢༠ རེས་གཟའ་པ་སངས། ༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༡༩ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༣༤ པ་དེ་སྤེལ་ཡོད་པ་དང་། གསལ་བསྒྲགས་ཞུ་མཁན་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ལས་བསྟན་འཛིན་སྒྲོལ་དཀར་ལགས་དང་། བོད་ལུགས་སྨན་པ་ཚེ་རིང་མཚམས་གཅོད་ལགས། ཕྱི་ལུགས་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་བཅས་ཡིན།… རྒྱས་པ་འདིར་གཟིགས་རོགས་གནང་།
-
ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༡༩ རེས་གཟའ་ཕུར་བུ། ༄༅། །ཉེ་ཆར་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་འོས་བསྡུའི་སྐབས་སྦི་ཇེ་པི་ཆབ་སྲིད་ཚོགས་པར་རྒྱལ་ཁ་ཐོབ་པ་དང་། ཕྱོགས་མཚུངས་གྲོས་ཚོགས་འཐུས་མི་སྐུ་ཞབས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་ལ་དྭགས་སྦི་ཇེ་པི་ཆབ་སྲིད་ཚོགས་པའི་ཚོགས་གཙོར་བསྐོ་གཞག་གནང་བར་ལ་སྤྱི་ཚེ་བརྟན་དབང་ཕྱུག་ལགས་ཀྱིས་འཚམས་འདྲི་ཞུས་ཡོད། སྐབས་དེར་ལ་སྤྱི་ཡིས་གནད་དོན་ལྔའི་ཐོག་གྲོས་བསྡུར་ཞིབ་ཕྲ་གནང་ཡོད་པ་དང་སྐུ་ཞབས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་ཀྱིས་གནད་དོན་དེའི་ཐོག་གང་མགྱོགས་གཟིགས་རྒྱུ་ཡིན་སྐོར་གསུངས་ཡོད་པ་བཅས། ། རྒྱས་པ་འདིར་གཟིགས་རོགས་གནང་།
-
ཕྱིལོ་ ༢༠༢༠ ཟླ་ ༡༡ ཚེས་ ༡༨ རེས་གཟའ་ལྷག་པ། ༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༡༨ ནས་ ༢༣ བར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་པའི་བཞུགས་སྒར་རྡ་ས་ནས་ཧིན་བོད་ས་མཚམས་ཀི་ནོར་ (Kinnuar)… རྒྱས་པ་འདིར་གཟིགས་རོགས་གནང་།
-
ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༡༨ རེས་གཟའ་ལྷག་པ། ༄༅། །དཔལ་ལྡན་བཀའ་ཤག་ནས་ཕྱི་ལོ་ ༢༠༢༠ དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་རྒྱུའི་གསལ་བསྒྲགས་སྔོན་སོང་ལྟར། སྡེ་ར་ལྡུན་ས་གནས་འགོ་འཛིན་ལས་ཁུངས་དང་སྡེ་ར་ལྡུན་ཁྱབ་ཁོངས་བོད་མི་སྤྱི་ཟུང་འབྲེལ་ཐོག་༸རྒྱལ་བའི་མཛད་རྣམ་དང་༸སྐུའི་རླབས་ཆེན་གྱི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་མང་ཚོགས་ལ་གོ་རྟོགས་སྤེལ་རྒྱུར་དམིགས་ཏེ་བོད་ཀྱི་བསྐོར་བསྐྱོད་འགྲེམས་སྟོན་ཞིག་སྡེ་ར་ལྡུན་དོན་གྲུབ་གླིང་བོད་མིའི་གཞིས་ཆགས་སུ་གོ་སྒྲིག་ཞུས་ཡོད། དེ་ཡང་ས་གནས་འགོ་འཛིན་ནོར་བུ་ལགས་ཀྱིས་བོད་ཀྱི་བསྐོར་བསྐྱོད་འགྲེམས་སྟོན་གོ་སྒྲིག་ཞུ་དགོས་པའི་དགོས་དམིགས་སོགས་ཀྱི་སྐོར་ངོ་སྤྲོང་དང་། དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་ཆེན་ཁག་གི་སྐོར་ངོ་སྤྲོད་གནང་། འགྲེམས་སྟོན་དུ་ཆོས་མགོན་རིན་པོ་ཆེ་མཆོག་དང་། བསྟན་སྐྱབས་བླ་མ། སྤྱི་ཟུར། རྒྱ་གར་སློབ་ཕྲུག ས་གནས་བོད་མི་བཅས་དོ་དབྱིངས་ཆེན་པོའི་ངང་མཉམ་ཞུགས་གནང་ཡོད།… རྒྱས་པ་འདིར་གཟིགས་རོགས་གནང་།
-
གསལ་སྒྲགས།ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༡༥ རེས་གཟའ་ཉི་མ། ༄༅། །ལྡི་ལི་ཤེས་རིག་དཔར་ཁང་བསམ་ཡས་གླིང་དུ་ཤེས་དཔར་ཚོང་ལས་ཀྱི་ལས་བྱེད་ཆོད་གན་ཐོག་ས་མིག་སྟོང་པ་ཡོད་པའི་ཆ་རྐྱེན་ཚང་ཞིང་ཞུགས་བློ་ཡོད་རིགས་སོ་སོའི་ལག་འཁྱེར་ཡིག་ཆ་ཁག་དང་སྦྲགས་གཤམ་གསལ་ཁ་བྱང་ཐོག་ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡༥ འགྱངས་མེད་སྙན་ཞུ་དང་དོ་བདག་སོ་སོའི་ལོ་རྒྱུས་མདོར་བསྡུས་ཞིག་སྦྲག་ཐོག་གམ་གློག་འཕྲིན་བརྒྱུད་ཡང་ན་ལྡི་ལི་ཤེས་དཔར་དབུས་ལས་ཁུངས་ལ་ཐད་ཀར་འབུལ་དགོས་རྒྱུ། སྙན་ཞུ་ནང་སོ་སོའི་ཁ་བྱང༌། ཞལ་པར་ཨང༌། གློག་འཕྲིན་ཨང་བཅས་ཁ་གསལ་བཀོད་དགོས་རྒྱུ། གོང་གསལ་དུས་བཀག་རྗེས་སྙན་ཞུ་འབུལ་འབྱོར་རིགས་རང་བཞིན་གྱིས་རྩིས་མེད་ཡིན།… རྒྱས་པ་འདིར་གཟིགས་རོགས་གནང་།
-
ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༡༣ རེས་གཟའ་པ་སངས། ༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༩ ནས་ ༡༡ བར་བོད་བརྒྱུད་ནང་བསྟན་དང་ཚན་རིག་གི་ཚོགས་འདུ་ཞིག་དྲྭ་ཐོག་བརྒྱུད་ཚོགས་ཡོད་པ་དང་། རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་མཉམ་ཞུགས་གནང་ཡོད། དེ་ཡང་ཚོགས་འདུའི་སྐབས་བོད་དང་ཁྱིམ་མཚེས་རྒྱལ་ཁབ་ཨ་རུ་སུ་དང་སོག་པོ་སོགས་ཀྱི་དབར་ཆོས་ཕྱོགས་ཀྱི་འབྲེལ་བའི་སྐོར་དང་།… རྒྱས་པ་འདིར་གཟིགས་རོགས་གནང་།
-
ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༡༣ རེས་གཟའ་པ་སངས། ༄༅། །འདི་གར་སྤོན་ཊ་ཆོལ་གསུམ་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༡༡ དང་ ༡༣ བཅས་ཉིན་སོ་སོར་སྤོན་ཊ་ཆོལ་གསུམ་གྱི་ས་གནས་འགོ་འཛིན་དགེ་ལེགས་འཇམས་དབྱངས་ལགས་ཀྱིས་རྒྱ་གར་གྱི་ལོ་གསར་རྡི་བ་ལིར་ (Diwali) འཚམས་འདྲི་དང་༸རྒྱལ་བའི་བཀྲིན་རྗེས་དྲན་མཚོན་ཆེད་ཧི་མཱ་ཅལ་མངའ་སྡེའི་འཕྲུལ་གློག་བློན་ཆེན་སུག་རམ་ཅོ་དི་རི་… རྒྱས་པ་འདིར་གཟིགས་རོགས་གནང་།
-
ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༡༣ རེས་གཟའ་པ་སངས། ༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༡༢ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༣༣ སྤེལ་ཡོད་པ་དང་། གསལ་བསྒྲགས་ཞུ་མཁན་བོད་ལུགས་སྨན་པ་ཚེ་རིང་མཚམས་གཅོད་ལགས་དང་ཕྱི་ལུགས་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་ཡིན། དང་པོ། ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་འདས་པའི་བདུན་ཕྲག་གཅིག་ནང་ཚོགས་ཆུང་གི་གྲུབ་ཐོན་མདོར་བསྡུས་ཞུས་དོན།… རྒྱས་པ་འདིར་གཟིགས་རོགས་གནང་།
-
ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༡༣ རེས་གཟའ་པ་སངས། ༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༡༢ ཉིན་ཌལ་ཧོར་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་མེ་རི་སྐྱབས་ལགས་དང་། ཚབ་གསར་ས་གནས་འགོ་འཛིན་བསྟན་འཛིན་ལྷ་སྐྱིད་ལགས་རྣམ་གཉིས་དབར་ལས་འགན་རྩིས་སྤྲོད་རྩིས་ལེན་གནང་ཡོད། དེ་ཡང་རྩིས་སྤྲོད་རྩིས་ལེན་གྱི་ལས་དོན་ལ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ་ཏུ་ནང་སྲིད་དྲུང་གཞོན་ཐུབ་བསྟན་རིག་འཛིན་ལགས་སྤྲོད་དཔང་གིས་འགན་ཁུར་བཞེས་པའི་ཐོག་ས་གནས་འགོ་འཛིན་གསར་རྙིང་དབར་ས་འགོ་དང་བཟོ་འགོ་གཅིག་ལྕོགས་ཀྱི་བདག་དབང་དུ་ཡོད་པའི་རྩ་འཛིན་གྱིས་གཙོས། ལས་ཁུངས་ཀྱི་ཡིག་སྣོད་སོགས་རྩིས་ལེན་རྩིས་སྤྲོད་གནང་ཡོད། སྐབས་དེར་ས་གནས་འཐུས་ཚོགས་ཀྱི་ཚོགས་གཞོན་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ།… རྒྱས་པ་འདིར་གཟིགས་རོགས་གནང་།
-
ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༡༡ རེས་གཟའ་ལྷག་པ། ༄༅། །འདི་གར་ལ་དྭགས་ལྷོ་བྱང་གཞིས་སྤྱི་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། འདི་གའི་ཁྱབ་ཁོངས་ས་གནས་སུ་ཏོག་དབྱིབས་གཉན་རིམས་ཀྱི་ནད་ཡམས་ཕོག་པ་ཇེ་མང་དུ་འགྲོ་བཞིན་སྐབས་འདི་གའི་ལས་དྲུང་ནས་འབྲེལ་ཡོད་རྒྱ་གར་ལས་ཁུངས་སུ་འབྲེལ་བ་ཞུས་ཏེ་ཏོག་དབྱིབས་གཉན་རིམས་སྔོན་འགོག་ཆེད་ལག་ཤུབས་གྲངས་ ༡༠༠ དང་། ཁ་རས་གྲངས་ ༡༠༠ ། མིག་ཤེལ་གྲངས་ ༥༢༠ ། རང་སྲུང་ཡོ་བྱད་གྲངས་… རྒྱས་པ་འདིར་གཟིགས་རོགས་གནང་།
-
ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༡༠ རེས་གཟའ་མིག་དམར། ༄༅། །རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཇེ་མང་དུ་འགྲོ་བཞིན་ཡོད་པར་བརྟེན་རྒྱ་བལ་འབྲུག་གསུམ་ནང་གནས་སྡོད་བོད་མི་མང་པོ་ཞིག་ལ་དཔལ་འབྱོར་དང་ནང་སེམས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་རྒྱ་བལ་འབྲུག་གསུམ་གྱི་བཙན་བྱོལ་བོད་མིའི་གཞི་ཆགས་ཁག་ ༣༩ ནང་ཡོད་པའི་རྒས་གཅོང་ཉམ་ཐག་གྲངས་ ༧༨༠ དང་སློབ་ཕྲུག་ ༥༧༢ བཅས་ལ་ངལ་སེལ་རོགས་དངུལ་ཐེངས་གཉིས་པ་བགོ་འགྲེམས་གནང་ཡོད། ཐེངས་འདིའི་ངལ་སེལ་རོགས་དངུལ་འདི་ཟླ་བ་གསུམ་ནས་དྲུག་བར་འདང་ངེས་ཡིན་པ་དང་། དཀའ་ཚེགས་ཀྱི་དུས་སྐབས་འདིར་གཞི་རྒྱ་ཆེ་བའི་ངལ་སེལ་རོགས་དངུལ་ཞིག་ཆགས་ཡོད། རོགས་དངུལ་གནང་ཡུལ་ས་གནས་ཁག་གི་ཐོ་གཞུང་གཤམ་གསལ། རྒྱས་པ་འདིར་གཟིགས་རོགས་གནང་།
-
ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༡༠ རེས་གཟའ་མིག་དམར། ༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༧ རེས་གཟའ་སྤེན་པའི་ཉིན་རྒྱ་གར་གི་ཚོགས་པ་ ( World NRI Social… རྒྱས་པ་འདིར་གཟིགས་རོགས་གནང་།
-
ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༩ རེས་གཟའ་ཟླ་བ། ༄༅། །ཕྱི་ལོ་༢༠༢༠ ཟླ་༡༡ ཚེས་ ༥ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་སུམ་ཅུ་སོ་གཉིས་པ་དེ་སྤེལ་ཡོད། དེ་ཡང་གསལ་བསྒྲགས་ཞུ་མཁན་འཕྲོད་བསྟེན་དྲུང་གཞོན་བསྟན་འཛིན་ཀུན་བཟང་ལགས་དང་བོད་ལུགས་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཡིན། དང་པོ། འཕྲོད་བསྟེན་དྲུང་གཞོན་བསྟན་འཛིན་ཀུན་བཟང་ལགས་ཀྱིས་མང་ཚོགས་ལ་ལམ་སྟོན་གནང་དོན། ད་ཆ་རྒྱ་གར་ནང་སྒོ་རྒྱ་ལྷོད་གཡེང་བཏང་བར་བརྟེན། མི་མང་པོ་ཡར་མར་འགྲུལ་བཞུད་གནང་བཞིན་ཡོད་པས་གཙོ་བོ་ང་ཚོ་བོད་མིའི་ངོས་ནས་སྣང་མེད་དུ་མ་སོང་བར་ད་དུང་མུ་མཐུད་གཟབ་གཟབ་གནང་གལ་ཆེ་བ་དང་། ནད་ཡམས་འདིའི་རྐྱེན་པས་མི་མང་པོ་འདས་གྲོངས་སུ་འགྲོ་བཞིན་ཡོད་པས་ང་ཚོ་བོད་མིར་མཚོན་ན་མི་འབོར་གྲངས་ཤིན་ཏུ་ཉུང་བས་བོད་མི་གཅིག་གི་ཚེ་སྲོག་ཕྱིན་ཡང་ཤིན་ཏུ་ནས་ཕངས་པོ་རེད།… རྒྱས་པ་འདིར་གཟིགས་རོགས་གནང་།
-
གསལ་སྒྲགས།ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༦ རེས་གཟའ་པ་སངས། ༄༅། །ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ལས་བྱའི་སྡེ་ཚན་གྱི་ཁྲིམས་དོན་ལས་བྱེད་གཅིག་ཟླ་གྲངས་ ༡༡ རིང་ཉིན་གླར་བསྐོ་གཞག་བྱེད་འཆར་ཡིན་ན། གཤམ་གསལ་ཆ་རྐྱེན་ཚང་ཡོད་རིགས་ནས་འཚང་སྙན་འབུལ་འཐུས། དགོས་ངེས་ཆ་རྐྱེན། ༡༽ ཚད་ལྡན་མཐོ་སློབ་གང་ཞིག་ནས་ཉུང་མཐར་ཉེ་བའི་ཁྲིམས་ལུགས་རབ་བྱམས་པ་ LLB བསླབ་པ་མཐར་སོན་པའི་ལག་ཁྱེར་གྱི་ངོ་བཤུས། ༢༽ སྐྱེས་ཚེས་ལག་ཁྱེར་… རྒྱས་པ་འདིར་གཟིགས་རོགས་གནང་།