གཞུང་འབྲེལ་གསར་འགྱུར།
[facetwp facet="keyword_filter"]
[facetwp facet="content_types"]
[facetwp facet="categories"]
[facetwp facet="tags"]
[facetwp sort="true"]
-
ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༧ རེས་གཟའ་ཟླ་བ། ༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༠༣ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༣༦ དེ་སྤེལ་ཡོད་པ་དང་། གསལ་བསྒྲགས་ཞུ་མཁན་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན་ཉི་མ་རྒྱལ་མཚན་ལགས་དང་། བོད་ལུགས་སྨན་པ་ཚེ་རིང་མཚམས་གཅོད་ལགས། ཕྱི་ལུགས་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་བཅས་ཡིན།… རྒྱས་པ་འདིར་གཟིགས་རོགས་གནང་།
-
ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༥ རེས་གཟའ་སྤེན་པ། ༄༅། །འདི་གར་སྦེལ་ཀོབ་བདེ་སླར་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནང་ནང་འཁོད་དོན། སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་གྲོང་སྡེ་དང་པོ་ནས་གྲོང་སྡེ་བཅུ་གསུམ་བར་གྱི་གཞུང་ལམ་ཡོངས་རྫོགས་དང་། གཞུང་ལམ་ནས་གྲོང་སྡེ་སོ་སོའི་སྤྱི་ཁང་བར་གྱི་འགྲོ་ལམ་དང་། ཁྱབ་ཁོངས་བཀྲིས་ལྷུན་པོ་དགོན་པའི་གླིང་སྐོར་ཡོངས་རྫོགས་ཀྱི་འགྲོ་ལམ་དང་འབྲི་གུང་བཀའ་བརྒྱུད་དགོན་པའི་འགྲོ་ལམ་བཅས་གཞིས་ཆགས་ཀྱི་གཞུང་ལམ་གསར་རྒྱག་དང་བཟོ་བཅོས་ཀྱི་གཞི་རྒྱ་ཆེ་བའི་ལས་དོན་ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༣༠ ཉིན་འཐུས་གཙང་མཇུག་སྒྲིལ་བྱུང་ཡོད། དེ་ཡང་ལས་གཞི་དེ་བཞིན་ལས་ཐོག་ས་གནས་འགོ་འཛིན་གྱིས་སྣེ་ཁྲིད་དེ་བདེ་སླར་འཁོར་ལམ་ཚོགས་ཆུང་ནས་འགན་འཁུར་བརྐང་བཞེས་ཐོག་སྦེང་ལོར་ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས་ཀྱིས་རམ་འདེགས་ལམ་སྟོན་འོག་ཕྱི་ལོ་ ༢༠༡༩… རྒྱས་པ་འདིར་གཟིགས་རོགས་གནང་།
-
ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༤ རེས་གཟའ་པ་སངས། ༄༅། །བོད་མིའི་སྒྲིག་འཛུགས་ནས་ཕྱི་ལོ་ ༢༠༢༠ འདི་བཞིན་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། ཧར་པར་སྤུར་འདོད་རྒུ་གཡུ་རྒྱལ་གླིང་ས་གནས་འགོ་འཛིན་ལས་ཁུངས་ནས་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་མཚོན་སླད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མི་ཚེའི་བདེ་སྐྱིད་དང་འབྲེལ་བའི་བཀའ་སློབ་སྩལ་བ་ཁག་གཅིག་ལུང་འདྲེན་ཞུས་པའི་འཕྲེད་དར་ཆེན་པོ་བཞི་འདོད་རྒུ་གཡུལ་རྒྱལ་གླིང་བོད་མིའི་གཞིས་ཆགས་ནང་བཙུགས་ཡོད་པ་བཅས། ། རྒྱས་པ་འདིར་གཟིགས་རོགས་གནང་།
-
ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༣ རེས་གཟའ་ཕུར་བུ། ༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༣ ཉིན་བལ་ཡུལ་ནང་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་དང་དཔལ་འབྱོར་སློབ་སྟོན་པའི་ལས་ཚབ་མར་ཀ་ཌེམ་ལར་ (Mark Templer) ལགས་དང་། ཆབ་སྲིད་དང་དཔལ་འབྱོར་སྡེ་ཚན་གྱི་ལས་བྱེད་ཝེ་ནི་ས་ཁོ་ལོན་… རྒྱས་པ་འདིར་གཟིགས་རོགས་གནང་།
-
ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༣ རེས་གཟའ་ཕུར་བུ། ༄༅། །འདི་གར་ཀ་སྦུག་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༣༠ ཉིན་ཀ་སྦུག་ས་གནས་འགོ་འཛིན་བསྟན་འཛིན་ཟླ་སྒྲོན་ལགས་དང་། ས་གནས་འགོ་འཛིན་ཚབ་གསར་དོན་གྲུབ་བཟང་པོ་ལགས་རྣམ་གཉིས་དབར་རྩིས་ལེན་རྩིས་སྤྲོད་ཀྱི་སྤྲོད་དཔང་དུ་ནང་སྲིད་སྐུ་ཚབ་རྡོར་གླིང་ས་གནས་འགོ་འཛིན་བསྟན་འཛིན་ནོར་ལྡན་ལགས་དབུ་བཞུགས་ཐོག་ཀ་སྦུག་ས་གནས་འགོ་འཛིན་ལས་ཁང་དང་། རྒས་གསོ་ཁང་། ལས་ཤག་བཅས་ཀྱི་ཡིག་ཕེལ་དང་ཅ་དངོས་རྣམས་རྩིས་སྤྲོད་ཞུས། … རྒྱས་པ་འདིར་གཟིགས་རོགས་གནང་།
-
ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༣ རེས་གཟའ་ཕུར་བུ། ༄༅། །འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་མི་ཡོངས་ནས་ཕྱི་ལོ་ ༢༠༢༠ འདི་བཞིན་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཚན་པའི་མཐུན་འགྱུར་འོག་སྡེ་ར་ལྡུན་ས་གནས་འགོ་འཛིན་ལས་ཁུངས་དང་སྡེ་ར་ལྡུན་ཁྱབ་ཁོངས་བོད་མི་སྤྱི་ཟུང་སྦྲེལ་ཐོག་བོད་ཡིག་དང་ཨིན་ཇི། ཧིན་དི་བཅས་སྐད་རིགས་མི་འདྲ་བ་གསུམ་གྱི་ཐོག་མགོན་པོ་གང་ཉིད་མཆོག་གི་མཛད་རྣམ་དང་༸སྐུའི་རླབས་ཆེན་གྱི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་མང་ཚོགས་ལ་གོ་རྟོགས་སྤེལ་རྒྱུར་དམིགས་ཏེ་ཟླ་གཅིག་རིང་བོད་ཀྱི་བསྐོར་བསྐྱོད་འགྲེམས་སྟོན་ཞིག་གོ་སྒྲིག་ཞུས་པ་དེ་ཉིད་ལེགས་པར་མཇུག་སྒྲིལ་ཡོད། དེ་ཡང་ཕྱི་ཚེས་ ༢ ཉིན་བདེ་སྐྱིད་གླིང་ས་འགོ་འཛིན་ལས་ཁུངས་དང་ཧར་པ་པུར་འདོད་རྒུ་གཡུ་རྒྱལ་གླིང་བོད་མིའི་གཞིས་ཆགས་གཉིས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་བོད་མིའི་གཞིས་ཆགས་ཁག་ལྔ་ལ་བོད་ཀྱི་བསྐོར་བསྐྱོད་ཀྱི་འགྲེམས་སྟོན་ཞིག་གོ་སྒྲིག་གནང་ཡོད། སྐབས་དེར་སྔ་དྲོར་རབ་བརྟན་གླིང་མདོ་ཁམས་བོད་མིའི་ཚོགས་ཁང་དང་དེ་རྗེས་ཚེ་རིང་དོན་ལྡན་གཞིས་ཆགས་སུ་གོ་སྒྲིག་ཞུས་ཡོད་པ་བཅས། ། རྒྱས་པ་འདིར་གཟིགས་རོགས་གནང་།
-
ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༢ རེས་གཟའ་ལྷག་པ། ༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༢ རེས་གཟའ་ལྷག་པའི་ཉིན་སྦིར་བོད་ཚོགས་ཀྱི་ས་གནས་འགོ་འཛིན་ལས་ཚབ་ལས་དྲུང་བསོད་ནམས་བཀྲ་ཤིས་ལགས་དང་། ཚབ་གསར་ས་གནས་འགོ་འཛིན་ཀརྨ་དགེ་ལེགས་ལགས་རྣམ་གཉིས་དབར་ལས་འགན་རྩིས་སྤྲོད་རྩིས་ལེན་གནང་ཡོད། དེ་ཡང་ཚབ་གསར་ས་གནས་འགོ་འཛིན་ཀརྨ་དགེ་ལེགས་ལགས་ཕྱི་ལོ་ ༢༠༢༠ ཟླ་… རྒྱས་པ་འདིར་གཟིགས་རོགས་གནང་།
-
ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༢ རེས་གཟའ་ལྷག་པ། ༄༅། །འདི་གར་ས་ཊོན་ཁམས་ཀ་ཐོག་ས་གནས་འགོ་འཛིན་ལས་ཁང་གི་ཏོག་དབྱིབས་གཉན་རིམས་སྔོན་འགོག་ལས་དོན་ཚོགས་ཆུང་ནས་བཏང་གནས་ནང་འཁོད་དོན། བར་ལམ་ཧི་མཱ་ཅལ་མངའ་སྡེའི་ནང་ཡོད་པའི་རང་རེའི་སློབ་གྲྭ་ཁག་རེ་བཟུང་ནང་རྒྱ་ནག་གྲོང་ཁྱེར་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་གྱིས་སློབ་ཕྲུག་དུ་མར་ནད་རྟགས་ཐོན་པ་ལས་འཕྲོས་ཏེ་འདི་གར་སིར་མོར་རྫོངས་དཔོན་མཆོག་གིས་བོད་མིའི་གཞིས་ཁག་ནང་གནས་སྡོད་བོད་མི་རྣམས་ལ་ཏོག་དབྱིབས་གཉན་རིམས་ཕོག་ཡོད་མེད་ཟུར་དུ་བརྟག་དཔྱད་དགོས་པའི་བཀའ་ཕེབས་པ་ལྟར། ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༢༨ ཉིན་གཞིས་མི་མང་ཚོགས་ཇི་ཡོད་བརྟག་དཔྱད་ཀྱིས་ཕྱི་ཚེས་ ༢༩ ཉིན་གྱི་དགོང་མོར་བརྟག་དཔྱད་གནང་བའི་གཞིས་མི་སུ་ཞིག་ལ་ནད་གཞི་ཕོག་མེད་པ་ར་འཕྲོད་བྱུང་ཡོད་པ་བཅས།… རྒྱས་པ་འདིར་གཟིགས་རོགས་གནང་།
-
ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡ རེས་གཟའ་མིག་དམར། ༄༅། །བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༢༣ ཉིན་ནས་བཟུང་ཕྱི་ཟླ་ ༡༢ ཚེས་ ༢༡ བར་དྲ་རྒྱ་ལམ་བརྒྱུད་ཧི་མ་ལ་ཡའི་གནའ་དུས་དགོན་པ་ཁག་གི་ལོ་རྒྱུས་ངོ་སྤྲོད་ཀྱི་གཏམ་བཤད་ལས་རིམ་ཞིག་གོ་སྒྲིག་གནང་ཡོད། … རྒྱས་པ་འདིར་གཟིགས་རོགས་གནང་།
-
ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡ རེས་གཟའ་མིག་དམར། ༄༅། །ཨོ་སི་ཀྲོ་ལི་ཡ་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཨོ་སི་ཀྲོ་ལི་ཡའི་མངའ་སྡེ་ཝིག་ཊོ་རི་ཡའི་རྒྱལ་ས་མེལ་སྦོན་གྲོང་ཁྱེར་ནས་སྤྱི་ལེ་ ༣༥ ཙམ་དུ་ཡོད་པའི་ (35 Belgrave-Ferny Creek Rd, Ferny Creek 3786,… རྒྱས་པ་འདིར་གཟིགས་རོགས་གནང་།
-
གསལ་སྒྲགས།ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༣༠ རེས་གཟའ་ཟླ་བ། ༄༅། །ས་རཱ་བོད་ཀྱི་མཐོ་སློབ་ཏུ་དུས་ཡུན་རིང་ཐུང་འདྲ་མིན་ཐོག་ལས་བྱེད་འོས་སྦྱོང་དང་ཟབ་སྦྱོང་སྔ་རྗེས་ཕུལ་བའི་སྲི་ཞུའི་ལས་བྱེད་དུ་ཚུད་མིན་ལ་མ་ལྟོས་པར་དོན་དངོས་ཕན་ཐོགས་གང་ལེགས་བྱུང་ཡོད་ཅིང་། སྐབས་ ༡༥ པའི་བཀའ་ཤག་གི་དགོངས་གཞི་དང་བསྟུན་ཏེ་ཨ་རི་ (USAID) ལས་གཞིའི་རོགས་སྐྱོར་འོག་བོད་མིའི་སྒྲིག་འཛུགས་མ་ལག་དང་བཅས་པའི་ལས་བྱེད་ཀྱི་དམིགས་སྒོར་དུས་ཐུང་ཐེངས་ལྔ་པའི་དུམ་བུ་གཉིས་པའི་འོས་སྦྱོང་དེ་ས་རཱ་བོད་ཀྱི་མཐོ་སློབ་ཏུ་ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༡… རྒྱས་པ་འདིར་གཟིགས་རོགས་གནང་།
-
ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༣༠ རེས་གཟའ་ཟླ་བ། ༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༢༦ རེས་གཟའ་ཕུར་བུའི་ཉིན་ཏི་ཛུ་དར་རྒྱས་་གླིང་བོད་མིའི་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་དོན་གྲུབ་བཟང་པོ་ལགས་དང་། ཚབ་གསར་ས་གནས་འགོ་འཛིན་བསྟན་འཛིན་རྣམ་རྒྱལ་ལགས་རྣམ་གཉིས་དབར་ལས་འགན་རྩིས་སྤྲོད་རྩིས་ལེན་གནང་ཡོད། སྐབས་དེར་རྩིས་སྤྲོད་རྩིས་ལེན་གྱི་ལས་དོན་ལ་ས་གནས་མཉམ་དྲུང་པདྨ་ཚེ་དབང་ལགས་ནས་སྤྲོད་དཔང་གིས་འགན་ཁུར་བཞེས་པའི་ཐོག་ས་གནས་འགོ་འཛིན་གསར་རྙིང་དབར་ས་འགོའི་བདག་དབང་དུ་ཡོད་པའི་རྩ་འཛིན་གྱིས་གཙོས་ལས་ཁུངས་ཀྱི་ཡིག་སྣོད་སོགས་རྩིས་ལེན་རྩིས་སྤྲོད་གནང་ཡོད། སྐབས་དེར་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། ས་འགོའི་ལས་བྱེད་བཅས་མཉམ་ཞུགས་གནང་ཡོད་པ་བཅས།… རྒྱས་པ་འདིར་གཟིགས་རོགས་གནང་།
-
ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༢༧ རེས་གཟའ་པ་སངས། ༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༢༥ ཉིན་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཨོ་ཌི་ས་ས་གནས་འབྲེལ་མཐུད་པ་དང་། ཨོ་ཌི་ས་མངའ་སྡེའི་ནང་རྟེན་གཞི་བྱས་པའི་ (Jatiyatabadi Jubo Parishad,… རྒྱས་པ་འདིར་གཟིགས་རོགས་གནང་།
-
ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༢༧ རེས་གཟའ་པ་སངས། ༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༢༦ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་ཐེངས་ ༣༥ སྤེལ་ཡོད་པ་དང་གསར་འགོད་གསལ་བསྒྲགས་སྤེལ་མཁན་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ལས་ཚེ་དབང་གཡང་མཚོ་ལགས་དང་། བོད་ལུགས་སྨན་པ་ཚེ་རིང་མཚམས་གཅོད་ལགས།… རྒྱས་པ་འདིར་གཟིགས་རོགས་གནང་།
-
ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༢༧ རེས་གཟའ་པ་སངས། ༄༅། །རྟ་དབང་ནི་༧རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མཆོག་གི་འཁྲུངས་ཡུལ་ཡིན་པ་མ་ཟད། མོན་ཡུལ་ (Arunachal Pradesh) གྱི་རིག་གཞུང་གི་བསྟི་གནས་ཤིག་ཀྱང་ཡིན། རྟ་དབང་ཁུལ་གྱི་འཕགས་བོད་འབྲེལ་མཐུད་ཚོགས་པའི་ (Bharat Tibbat Sahyog Manch)… རྒྱས་པ་འདིར་གཟིགས་རོགས་གནང་།