[facetwp counts="true"]
[facetwp facet="keyword_filter"]
[facetwp facet="content_types"]
[facetwp facet="categories"]
[facetwp facet="tags"]
[facetwp sort="true"]
  •    གསལ་སྒྲགས།
    བཅའ་ཁྲིམས་དགོངས་དོན་དམིགས་བསལ་ཚོགས་ཆེན་ཐེངས་ ༢ པར་དང་བླངས་ཚོགས་ཞུགས་གནང་ཕྱོགས་གསལ་བསྒྲགས།
    ཟླ་བ་ ༧ ཚེས ༡༣ ༢༠༡༢
     
    ༢༠༡༢ ཟླ་ ༧ ཚེས་ ༡༢ རེས་གཟའ་པ་སངས། ༄༅། །ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་བོད་གཞུང་མང་གཉིས་ནས་གདོང་ལེན་གནང་ཕྱོགས་སྐོར་གོ་བསྡུར་གནང་ཆེད་བཀའ་སྤྱི་ལྷན་རྒྱས་ཀྱིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༩ པའི་དགོངས་དོན་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ། ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༩ ཚེས་ ༢༥ ནས་ཚེས་ ༢༨ བར་བསྐོང་ཚོགས་གནང་རྒྱུའི་ཐུགས་གཏན་འཁེལ་བའི་གནས་ཚུལ་གསར་འགོད་ལྷན་ཚོགས་ཐོག་སྔོན་དུ་ཡོངས་བསྒྲགས་སོང་ཟིན་པ་བཞིན།… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ཨང་རྩིས་སློབ་དེབ་རྩོམ་སྒྲིག་པའི་ས་མིག་གསལ་བསྒྲགས།
    ཟླ་བ་ ༦ ཚེས ༢༩ ༢༠༡༢
     
    ཤེས་རིག་ལས་ཁུངས་ཀྱི་ས་མིག་གསལ་བསྒྲགས། announcement རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ཕྱི་ལོ་  ༢༠༡༢ – ༢༠༡༣ ལོའི་ཐོན་མི་སམ་བྷོ་ཊའི་ཉམས་ཞིབ་སློབ་ཡོན་གསལ་བསྒྲགས།
    ཟླ་བ་ ༦ ཚེས ༢༢ ༢༠༡༢
     
    ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༢༢ ༅༅། །ལྡི་ལི་བོད་ཀྱི་ཆོས་དང་རིག་གཞུང་བསྟི་གནས་ཁང་<བོད་ཁང་ནས་>དགའ་སྤྲོ་དང་བཅས་གསལ་བསྒྲགས་ཞུ་རྒྱུར། བོད་ཁང་ནས་བར་ལམ་ལོ་ལྟར་གོ་སྒྲིག་བྱེད་མུས་བཞིན། འདི་ལོར་ཡང་ ༢༠༡༢ - ༢༠༡༣ ལོའི་ཐོན་མི་སམ་བྷོ་ཊའི་ཉམས་ཞིབ་སློབ་ཡོན་གྱི་ས་མིག་ཅིག་གོ་སྒྲིག་ཞུས་ཡོད། འདི་ལོར་ཉམས་ཞིབ་ཀྱི་བརྗོད་གཞི་འདི་ལས་ནས་མི་གདམ་པར་ཉམས་ཞིབ་པ་སོ་སོས་འདོད་མོས་ལྟར་གདམ་དགོས་རྒྱུ། འོན་ཀྱང་བརྗོད་གཞི་དེ་ཉིད་བོད་དང་འབྲེལ་བའི་སྐོར། དཔེར་ན། ཆོས། སྲིད།… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ཆོས་བརྡ་གསལ་བསྒྲགས།
    ཟླ་བ་ ༥ ཚེས ༢༥ ༢༠༡༢
     
    ༢༠༡༢ ཟླ་ ༥ ཚེས་ ༢༥ རེས་གཟའ་པ་སངས། ༄༅། །ལྷར་བཅས་སྲིད་ཞིའི་གཙུག་རྒྱན་༸གོང་ས་༸ སྐྱབས་མགོན་ཆེན་པོ་མཆོག་ལ་དད་དམ་གཡོ་བ་མེད་པ་རིས་སུ་མ་མཆིས་པའི་ཆོས་ཞུ་བ་སེར་སྐྱ་ཡོངས་ཀྱི་སྙན་ལམ་དུ། ཆེད་དོན། དེ་ཡང་བསྟན་པ་འདི་ལ་སྟོན་པ་གཉིས་པའི་མཛད་པ་བདག་གིར་བཞེས་པ།   འཇིག་རྟེན་ཡོངས་ཀྱི་མང་བཀུར་བའི་སློབ་དཔོན་ཆེན་པོ། ལྷར་བཅས་སྲིད་ཞིའི་གཙུག་རྒྱན་༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་༸རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་ལ། ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་ཕྱི་ལོ་༢༠༠༢ ནས་སྔ་རྗེས་སུ་ལམ་རིམ་ཁྲིད་ཆེན་བརྒྱད་ཀྱི་བཀའ་ཁྲིད་སྐྱབས་འཇུག་ཡོང་བ་ཞེས་ཇི་ལྟར་གསོལ་འདེབས་ཞུ་དོན་བཞིན། འདི་ལོ་དགུང་གསར་མཇལ་བཅར་སྐབས་སོགས་སྔ་ཕྱིར་བཀའ་ཕེབས་སུ། ལམ་རིམ་ཁྲིད་ཆེན་བརྒྱད་ཀྱི་ཐོག་ཞྭ་དམར་ལམ་རིམ་དང་ལམ་རིམ་རྣམ་གྲོལ་ལག་བཅངས་སོགས་གཤམ་གསལ་ཁྲིད་ཆེན་ཁག་གནང་རྒྱུ་དང་། སྦྱིན་བདག་ཀྱང་གཙོ་བོ་འདི་ག་བླ་བྲང་ནས་ཞུ་དགོས་པ་བཅས་ཀྱི་བཀའ་བཞེས་ཟབ་མོ་སྤྱི་བོར་སྨིན་པ་བཞིན།  ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྗེ་ཙོང་ཁ་པ་ཆེན་པོས་འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་བྱང་ཆུབ་ལམ་རིམ་ཆེན་མོའི་བཀའ་ཁྲིད་བསྐྱངས་ཏེ་ལོ་ངོ་དྲུག་བརྒྱ་ཧྲིལ་པོ་འཁོར་བའི་དུས་བཟང་ཁྱད་པར་ཅན་དང་འབྲེལ་ནས་ཕྱི་ལོ་… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ལས་བྱེད་ས་མིག་གསལ་བསྒྲགས།
    ཟླ་བ་ ༥ ཚེས ༢༤ ༢༠༡༢
     
    ༢༠༡༢ ཟླ་ ༥ ཚེས་ ༢༤ རེས་གཟའ་ཕུར་བུ། ༄༅། །བོད་ཀྱི་ཟློས་གར་ཚོགས་པ་རུ་བོད་ཀྱི་རིག་གནས་སློབ་ཁྲིད་གནང་མཁན་དགེ་རྒན་ཞིག་དགོས་གལ་འདུག་པས། སྔ་འཕྲོས་ལོ་གཉིས་རིང་ཆོས་གན་ངོ་བོར་བསྐོ་བཞག་བྱ་རྒྱུ་ལགས་ན། གཤམ་གསལ་ཆ་རྐྱེན་ཚང་ཞིང་དོ་དབྱིངས་ཡོད་མཁན་རྣམས་ནས་འཚང་སྙན་འབུལ་གནང་ཡོང་བ་ཞུ། དགོས་མཁོའི་ཆ་རྐྱེན་ཁག ༡༽བོད་ཡིག་ཐོག་ཉུང་མཐར་མཐོ་རིམ་རིག་གནས་རབ་འབྱམས་པའམ་དེ་དང་ཚད་མཉམ་པའི་ལག་འཁྱེར། ༢༽བོད་ཡིག་སློབ་ཁྲིད་ཀྱི་ཉམས་མྱོང་དང་ཤེས་ཚད་ལག་འཁྱེར་ཡོད་རིགས་ལ་འདམ་ཁ་བཟང་བ་ཡོད། ༣༽དང་བླངས་དཔྱ་དངུལ་འབུལ་འབབ་གྲངས་ཚང་ཕུལ་ཟིན་པའི་ངོ་ཤུས། ༤༽གནས་ཡུལ་རྒྱལ་ཁབ་ཏུ་གནས་སྡོད་ཆོག་པའི་ལག་འཁྱེར་ངོ་ཤུས། ༥༽སྒྲིག་འཛུགས་སམ་ཚོགས་པའི་ནང་ལས་ཀ་བྱེད་མུས་ཡིན་ཚེ་འབྲེལ་ཡོད་ནས་དགག་བྱ་མེད་པའི་ངོས་སྦྱོར། ༦༽ལུས་ཕུང་བདེ་ཐང་ཡིན་པའི་སྨན་པའི་ངོ་སྦྱོར། གཞི་རྩའི་དགེ་རྒན་གྱི་ལས་འགན་ཡིན་རུང། ཞོར་དུ་གཏམ་བརྗོད་སོགས་འཁྲབ་སྟོན་འབྲི་རྩོམ་གནང་རྒྱུ་དང།… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ས་མིག་གསལ་བསྒྲགས།
    ཟླ་བ་ ༥ ཚེས ༢༣ ༢༠༡༢
     
    ༢༠༡༢ ཟླ་ ༥ ཚེས་ ༢༣ རེས་གཟའ་ལྷག་པ། ༄༅། །འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་སྨན་ཁང་གི་ཆེད་རྩིས་པའི་ས་སྟོང་གཉིས་ཡོད་ན། རང་རེའི་སྤྱི་ཚོགས་ཁྲོད་གོང་གསལ་ས་མིག་ཐོག་ལས་ཀ་བྱ་འདོད་ཡོད་རིགས་ནས་སོ་སོའི་འཚང་སྙན་འབུལ་དགོས། དགོས་མཁོའི་ཆ་རྐྱེན་ཁག ༡༽ཆ་རྐྱེན་གཙོ་བོ་མ་མཐར་(B.COM)ཐོན་པའི་ལག་འཁྱེར་ཡོད་དགོས། ༢༽དང་བླང་དཔྱ་དངུལ ༢༠༡༢།༡༢།༣༡ བར་གཙང་ཕུལ་ཞུས་པའི་ལག་དེབ་ཀྱི་ངོ་བཤུས། ༣༽གནས་ཡུལ་རྒྱལ་ཁབ་ཏུ་ཁྲིམས་མཐུན་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང་འདྲ་པར་ཅན། མཐའ་མ་བཅས་ཀྱི་ངོ་བཤུས། ༤༽ངོས་འཛིན་ཡོད་པའི་སྨན་ཁང་ནས་གཟུགས་གཞི་བདེ་ཐང་ལས་འཕེར་ཡིན་པའི་ངོས་སྦྱོར་ངོ་མ། ༥༽རང་ཉིད་གཏན་སྡོད་བྱ་ཡུལ་ས་གནས་འགོ་འཛིན་ནས་རྒྱུན་དུ་བྱ་སྤྱོད་ཉེས་སྐྱོན་མེད་པའི་ངོས་སྦྱོར། ༦༽ད་ལྟ་ལས་ཀ་བྱེད་མུས་ཤིག་འདེམས་ཐོན་བྱུང་ན།… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ཕྱི་ལོ་ ༢༠༡༢ ལོའི་པེས་ཊ་ལོ་ཛི་སློབ་ཡོན་གསལ་བསྒྲགས།
    ཟླ་བ་ ༥ ཚེས ༡༩ ༢༠༡༢
     
    ༢༠༡༢ ཟླ་ ༥ ཚེས་ ༡༩ རེས་གཟའ་སྤེན་པ། ༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན་་། Pestalozziannouncement རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    བྷུན་ཏར་དགེ་འོས་མཐོ་སློབ་ཁང་གི་ལས་བྱེད་ས་མིག་གསལ་བསྒྲགས།
    ཟླ་བ་ ༥ ཚེས ༡༧ ༢༠༡༢
     
    ༄༅། །ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་བྷུན་ཏར་བོད་མིའི་དགེ་འོས་མཐོ་སློབ་ཁང་དུ་དྲུང་ཡིག་དང་དངུལ་གཉེར་གཅིག་ལྕོགས་ཀྱི་ (Office Secretary-Cashier) ས་མིག་ཐོག་ལས་བྱེད་གཅིག་དགོས་པ་རྩ་ཕོགས་སྒོར། ༧༦༠༠ ཐོག་ཡུལ་ཐང་གུན་གསབ་བཅས་བསྡོམས་ཟླ་རེར་སྒོར་༡༠༩༥༡་༦༠ ཐོབ་རྒྱུ། ཐོག་མར་ཆོད་གན་ཐོག་བསྐོ་གཞག་གནང་རྒྱུ་ཡིན་ན་ཞུགས་བློ་ཡོད་རིགས་རྣམས་ནས་ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༣༠ འགྱངས་མེད་ཤེས་རིག་ལས་ཁུངས་སུ་ཁ་བྱང་དང༌། ལག་ཐོག་ཁ་དཔར་ཨང༌། ཨི་མེལ་ཁ་བྱང་སོགས་གསལ་འཁོད་ཀྱིས་འཚང་སྙན་འབུལ་དགོས། དགོས་ངེས་ཆ་རྐྱེན། ༡།… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ས་མིག་གསལ་བསྒྲགས།
    ཟླ་བ་ ༥ ཚེས ༡༠ ༢༠༡༢
     
    ༢༠༡༢ ཟླ་ ༥ ཚེས་ ༩ རེས་གཟའ་ཕུར་བུ། ༄༅། །འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་མེའོ། ཨོ་རི་ས། འབིར། ལ་དྭགས། སྦེལ་ཀོབ་འཚོ་བྱེད་དང༌། མོན་གྷོ་བཅས་ཀྱི་སྨན་ཁང་ནང་སྨན་པའི་ས་མིག་སྟོང་པ་ཡོད་ན། རང་རེའི་སྤྱི་ཚོགས་ཁྲོད་གོང་གསལ་ས་མིག་ཐོག་ལས་ཀ་བྱ་འདོད་ཡོད་རིགས་ནས་འཚང་སྙན་འབུལ་དགོས། ༡༽ ཤེས་ཚད། ངོས་འཛིན་ཡོད་པའི་སློབ་གཉེར་ཁང་ནས་ཉུང་མཐར་ MBBS སྨན་པའི་ལག་འཁྱེར་ཡོད་པ།… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ས་གནས་ཁྲིམས་ཞིབ་ཁང་གི་ཁྲིམས་དྲུང་གསར་འདེམས་གསལ་བསྒྲགས།
    ཟླ་བ་ ༤ ཚེས ༣༠ ༢༠༡༢
     
    ༄༅། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྱབ་ཁོངས་ས་གནས་ཁྲིམས་ཞིབ་ཁང་ཁག་གི་ཆེད་དུ་ཁྲིམས་དྲུང་གསར་འདེམས་དགོས་གལ་ལ་ཁྲིམས་ལུགས་དབང་འཛིན་གྱི་རྩ་འཛིན་ཁྲིམས་ཡིག་གི་དོན་ཚན་ ༥༣ པ་དང༌། ༥༤ པ། ༥༦ པ་བཅས་ཀྱི་ཆ་རྐྱེན་འོག་ཐད་བསྐོ་གནང་རྒྱུ་ཡིན་ན། གཤམ་གསལ་ཆ་རྐྱེན་ཚང་ཞིང་ས་གནས་ཁྲིམས་དྲུང་གི་ཞབས་ཞུ་གནང་འདོད་ཡོད་རིགས་ནས་དུས་ཐོག་འཚང་སྙན་འབུལ་གནང་དགོས་རྒྱུ། ༡༽ ས་མིག ས་གནས་ཁྲིམས་དྲུང་གི་ས་མིག་ཐོག་དྲུང་ལས་གནས་རིམ་ཅན་གྲངས་ ༢ ཡོད། ༢༽ དགོས་ངེས་ཀྱི་ཆ་རྐྱེན། ༡) མ་མཐར་མཐོ་རིམ་སློབ་གྲྭ་ཞིག་ནས་ LLB,… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ས་གནས་ཁྲིམས་ཞིབ་པ་གསར་འདེམས་གསལ་བསྒྲགས།
    ཟླ་བ་ ༤ ཚེས ༣༠ ༢༠༡༢
     
    ༄༅། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྱབ་ཁོངས་ས་གནས་ཁྲིམས་ཞིབ་ཁང་ཁག་གི་ཆེད་དུ་ས་གནས་ཁྲིམས་ཞིབ་པ་གསར་འདེམས་དགོས་གལ་ལ་ཁྲིམས་ལུགས་དབང་འཛིན་གྱི་རྩ་འཛིན་ཁྲིམས་ཡིག་གི་དོན་ཚན་ ༢༧ པའི་ཆ་རྐྱེན་འོག་ཐད་བསྐོ་གནང་རྒྱུ་ཡིན་ན། གཤམ་གསལ་ཆ་རྐྱེན་ཚང་ཞིང་ས་གནས་ཁྲིམས་ཞིབ་པའི་ཞབས་ཞུ་གནང་འདོད་ཡོད་རིགས་ནས་དུས་ཐོག་འཚང་སྙན་འབུལ་གནང་དགོས་རྒྱུ། ༡༽ ས་མིག ས་གནས་ཁྲིམས་ཞིབ་པའི་ས་མིག་ཐོག་ཟུང་འབྲེལ་དྲུང་ཆེའི་གནས་རིམ་ཅན་གྲངས་ ༢ ཡོད། ༢༽ དགོས་ངེས་ཀྱི་ཆ་རྐྱེན། མ་མཐར་མཐོ་རིམ་སློབ་གྲྭ་ཞིག་ནས་ LLB, BA ཐོན་པའམ། དེ་དག་དང་གནས་ཚད་མཉམ་པའི་ཤེས་ཚད་ལག་ཁྱེར་དགོས་པ་ཡིན། རང་ལོ། ཕྱི་ལོ་… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    སྨན་པའི་ལྷན་ཚོགས་ཀྱི་གསལ་བསྒྲགས།
    ཟླ་བ་ ༤ ཚེས ༡༢ ༢༠༡༢
     
    ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༡༢ རེས་གཟའ་ཕུར་བུ། ༄༅། །རྒྱ་ཆེའི་བོད་ཀྱི་གསོ་བ་རིག་པའི་རྒྱུན་འཛིན་སྨན་པ་རྣམས་དང་སྨན་སྦྱོར་མཁན་གྱི་སྨན་པ་ཡོངས་ལ། ཞུ་འབྲས། མཁྱེན་གསལ་ལྟར་བཙན་བྱོལ་བོད་མིའི་བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་ནི་ཕྱི་ལོ་ ༢༠༠༤ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཁྲིམས་ཡིག་དོན་ཚན་བཅོ་བརྒྱད་པའི་དགོངས་དོན་འོག་ཆེད་འཛུགས་གནང་བའི་བོད་ཀྱི་གསོ་བ་རིག་པའི་རྒྱུན་འཛིན་སྨན་པ་དང་། སྨན་སྦྱོར་ལག་ལེན། གསོ་རིག་སློབ་གཉེར་སོགས་གཞུང་མཐུན་ཚད་ལྡན་འོང་མིན་རྟོགས་ཞིབ་ཀྱིས་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་གནང་བའི་ཁྲིམས་སྒྲིག་བཏང་འཛིན་བྱེད་མཁན་གྱི་སྒྲིག་འཛུགས་ཤིག་ཡིན། ལྷན་ཚོགས་འདིས་ད་བར་ཁྱོན་སྨན་པ་གྲངས་ ༤༠༣ དང་། གསོ་རིག་སློབ་གཉེར་ཁང་གྲངས་༤… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    གཞི་རིམ་འོག་མའི་དགེ་རྒན་འོས་སྦྱོང་གི་གསལ་བསྒྲགས།
    ཟླ་བ་ ༤ ཚེས ༥ ༢༠༡༢
     
    ༢༠༡༢ ཟླ་ ༤ ཚེས་ ༥ རེས་གཟའ་ཕུར་བུ། ༄༅།། ཤེས་རིག་ལས་ཁུངས་ནས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་དང་མཐུན་པའི་གཞི་རིམ་འོག་མའི་དགེ་རྒན་འོས་སྦྱོང་ཞིག་ཕྱི་ལོ་ ༢༠༡༢ ཟླ ༧ ཚེས་ ༡ ནས་ ༢༠༡༣ ཟླ་ ༡༢ ཚེས་ ༣༡… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ཚོང་ལས་གཉེར་ཕྱོགས་ཀྱི་ཟབ་སྦྱོང་གནང་རྒྱུའི་གསལ་བསྒྲགས།
    ཟླ་བ་ ༤ ཚེས ༢ ༢༠༡༢
     
    ༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་ལས་ཁུངས་ནས་ན་གཞོན་ཚོང་ལས་ཐོག་དོན་གཉེར་ཅན་ལ་ཚོང་ལས་གཉེར་ཕྱོགས་དང་ཚོང་ལས་འཆར་འགོད་བྱ་ཕྱོགས་སོགས་ཀྱི་ཐོག་སྐུ་ཞབས་( R.C Chopra, Ex Director of Ministry of Small Scale Micro Enterprise) ནས་ཉིན་གཉིས་རིང་ཟབ་སྦྱོང་ཞིག་གནང་རྒྱུའི་ལས་རིམ་གོ་སྒྲིག་ཞུ་ཡི་ཡོད་ན། དོ་དབྱིངས་ཅན་གྱི་ཚོང་ལས་པ་མ་མཐར་འཛིན་རིམ་བཅུ་གཉིས་ཐོན་པའི་ལག་འཁྱེར་ཡོད་རིགས་འཛུལ་ཞུགས་ཆོག་པས་གཤམ་གསལ་ཁ་བྱང་སོ་སོའི་འཚང་སྙན་འབུལ་དགོས་པ་དང་། འཚང་སྙན་མཉམ་འཛིན་རིམ་བཅུ་གཉིས་སམ་དེ་ཡན་གྱི་ལག་འཁྱེར་ངོ་བཤུས་དང་དྭང་བླངས་དཔྱ་དངུལ་ལག་དེབ་ཨང་། འབྲེལ་བ་བྱ་ཡུལ་གྱི་ཁ་བྱང་། ལག་འཁྱེར་ཁ་པར་ཨང་བཅས་འབུལ་དགོས། ཟབ་སྦྱོང་ཕྱི་ལོ་… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    འབྱུང་འགྱུར་ལས་བྱེད་གསར་བསྐོའི་དམིགས་བསལ་ཟབ་སྦྱོང་གསལ་བསྒྲགས།
    ཟླ་བ་ ༣ ཚེས ༡༧ ༢༠༡༢
     
    ༄༅། །བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་པའི་སྤུས་ཚད་ཡར་རྒྱས་གཏོང་ཕྱོགས་སུ་དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་ལ་བཀའ་བསྡུར་ཞུས་པ་དང་བཀའ་སློབ་ཇི་གནང་གཞི་རྩར་བཟུང་སྟེ་ ༢༠༡༢ ཟླ་ ༧ ཚེས་ཤར་ནས་ཟླ་བ་ ༡༡ པའི་མཇུག་བར་བོད་རིགས་ན་གཞོན་ཆེས་མཐོའི་གཙུག་ལག་སློབ་གྲྭ་འམ་མཐོ་སློབ་ཐོན་པའི་ལག་འཁྱེར་ཡོད་པ་རྣམས་ལ་དམིགས་བསལ་ཟབ་སྦྱོང་གོ་སྒྲིག་ཞུ་རྒྱུའི་དགོས་འདུན་དང་ཆ་རྐྱེན་གཤམ་གསལ། ༡༽ དམིགས་བསལ་ཟབ་སྦྱོང་འདིའི་དགོས་འདུན་ནི་ཟབ་སྦྱོང་ཐོན་ནས་ལས་བྱེད་དུ་གསར་བསྐོ་བྱུང་རིགས་རྣམས་བོད་དབྱིན་རྩིས་གསུམ་དང། གློག་ཀླད་བེད་སྤྱོད་བྱེད་སྟངས་བོད་མིའི་དགོས་འདུན་དང་འབྲེལ་ཡོད་ཆབ་སྲིད་གནས་སྟངས་བཅས་ཀྱི་ཐོག་རང་འགོ་ཐོན་པའི་ཤེས་ཚད་ཀྱི་ཕྱུག་པ་ཡོང་ཐབས་ཡིན། ཟབ་སྦྱོང་དུ་འཛུལ་ཞུགས་བྱ་བློ་ཡོད་པ་སོ་སོས་སྟབས་བདེ་ཀམ་སྤུ་ཊར་(laptop) རེ་ངེས་པར་དུ་མཉམ་འཁྱེར་དགོས། མེད་རིགས་ནས་ཐབས་འཚོལ་ངེས་པར་བྱེད་དགོས། རང་ཉིད་ཆེས་མཐོའི་གཙུག་ལག་སློབ་གྲྭ་འམ་མཐོ་སློབ་ཐོན་པའི་ཤེས་ཚད་ལག་འཁྱེར་ཡོད་པ། རང་ཉིད་བོད་མི་ཡིན་པའི་དཔྱ་ཁྲལ་ལག་དེབ་ཀྱི་འབུལ་འབབ་ཆད་མེད་ཕུལ་ཡོད་པའི་དཔང་རྟགས་ཡོད་པ། རྒྱ་བལ་འབྲུག་གསུམ་ནང་གནས་སྡོད་ཆོག་པའི་ཁྲིམས་མཐུན་ལག་འཁྱེར་རམ་ཡིག་ཆ་ཚད་ལྡན་ཡོད་པ། རང་ཉིད་སྤྱི་སྒེར་གང་རུང་གི་ལས་བྱེད་ཡིན་ན་ཟབ་སྦྱོང་དུ་འཛུལ་ཞུགས་དང་རྗེས་སུ་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་དུ་འཚུད་ན་འཛུལ་ཞུགས་བྱ་རྒྱུར་དགག་ཆ་མེད་པའི་ངོས་སྦྱོར་ངོ་མ་ཡིག་ཐོག་ཏུ་ཡོད་དགོས། གོང་གསལ་དོན་ཚན་༼ཀ་ནས་ང་༽བར་གྱི་ཡིག་ཆ་ཁག་གི་འདྲ་བཤུས་སྟེང་ས་གནས་འགོ་འཛིན་ནམ་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་གནས་རིམ་ཟུང་དྲུང་ཡན་གྱི་དག་མཆན་འཁོད་པ་དང༌།… རྒྱས་པ་འདིར་གཟིགས་རོགས་གནང་།