[facetwp counts="true"]
[facetwp facet="keyword_filter"]
[facetwp facet="content_types"]
[facetwp facet="categories"]
[facetwp facet="tags"]
[facetwp sort="true"]
  •    གསལ་སྒྲགས།
    སྨན་པའི་ས་མིག་གསལ་བསྒྲགས།
    ཟླ་བ་ ༡༢ ཚེས ༢༩ ༢༠༡༢
     
      ༄༅། །འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་མེའོ། ཨོ་རི་ས། འབིར། ལ་དྭགས། མན་སྤར། སྦན་ད་ར། སྦེལ་ཀོབ་འཚོ་བྱེད་དང་། མོན་གྷོ་བཅས་ཀྱི་སྨན་ཁང་ནང་སྨན་པའི་ས་མིག་སྟོང་པ་ཡོད་ན། རང་རེའི་སྤྱི་ཚོགས་ཁྲོད་གོང་གསལ་ས་མིག་ཐོག་སྨན་པའི་ཕྱག་ལས་གནང་བློ་ཡོད་རིགས་ནས་འཚང་སྙན་འབུལ་དགོས། དགོས་ངེས་ཆ་རྐྱེན། ༡། ཆ་རྐྱེན་གཙོ་བོ་སྨན་པའི་ཤེས་ཚད་ཉུང་མཐར་ (MBBS) ཐོན་པའི་ཐོག་ཉམས་གསོག་ཟིན་པའི་ལག་འཁྱེར་དང་། རྒྱ་གར་སྨན་པའི་ལྷན་ཚོགས་སམ་མངའ་སྡེའི་ལྷན་ཚོཌ་ཀྱི་དེབ་བསྐྱེལ་ལག་འཁྱེར། (Registration Certificate… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ལས་བྱེད་འདེམས་ལྷན་གསལ་བསྒྲགས།
    ཟླ་བ་ ༡༢ ཚེས ༦ ༢༠༡༢
     
    བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་གསར་འདེམས་གསལ་བསྒྲགས། རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    གསར་འགོད་གསལ་བསྒྲགས།
    ཟླ་བ་ ༡༢ ཚེས ༤ ༢༠༡༢
     
    ༢༠༡༢ ཟླ་ ༡༢ ཚེས་ ༤ རེས་གཟའ་མིག་དམར།   ༄༅། །བོད་ནང་ད་བར་བོད་མི་གྲངས་ ༩༠ ལྷག་གིས་རང་ལུས་མེར་སྲེག་བཏང་བ་མ་ཟད། རང་ལུས་མེར་སྲེག་བཏང་བའི་ཛ་དྲག་གི་གནས་སྟངས་མུ་མཐུད་གནས་བཞིན་ཡོད། ཕྱི་ལོ་ ༢༠༡༢ ལོར་བོད་མི་གྲངས་ ༧༧ གྱིས་རང་ལུས་མེར་སྲེག་བཏང་ཡོད་པའི་ཁོངས་ནས་ལོ་འདིའི་ཕྱི་ཟླ་ ༡༡ ནང་རང་ལུས་མེར་སྲེག་གཏོང་མཁན་བོད་མི་གྲངས་… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    དགེ་རྒན་ས་མིག་གསལ་བསྒྲགས།
    ཟླ་བ་ ༡༢ ཚེས ༣ ༢༠༡༢
     
    ༄༅། །དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་གཏན་ཉིན་སློབ་གྲྭའི་ནང་གཤམ་གསལ་དགེ་རྒན་ཁག་དགོས་མཁོ་ཡོད་ན་ཆ་རྐྱེན་ཚང་ཞིང་ཞུགས་བློ་ཡོད་རིགས་ཚོའི་དགོས་མཁོའི་ལག་འཁྱེར་ཡིག་ཆའི་ངོ་བཤུས་དང་སྦྲགས་གཤམ་གསལ་ཞལ་བྱང་ཐོག་ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༣༡ འགྱངས་མེད་འཚང་སྙན་འགེངས་ཤོག་ཤེས་རིག་དྲ་རྒྱ(www.sherig.org)ནང་ཡོད་པ་ལྟར་འགེངས་འབུལ་ཞུ་དགོས། ད་ལྟ་དབུས་བོད་སློབ་སློབ་གྲ་ཁག་ནང་ཆོད་གན་ཐོག་ཕྱག་ལས་གནང་བཞིན་པའི་དགེ་རྒན་རྣམས་ཀྱང་ཕྱག་ལས་མུ་མཐུད་གནང་འདུན་ཡོད་ཚེ་འཚང་སྙན་ངེས་འབུལ་ཞུ་དགོས། ཆ་རྐྱེན་ཚང་བའི་སྙན་འབུལ་བ་རྣམས་ཕྱི་ལོ་ ༢༠༡༣ ཟླ་༡ བདུན་ཕྲག་བཞི་པའི་ནང་ངག་རྒྱུགས་ལམ་ནས་འདེམས་སྒྲུག་བྱས་ཏེ་དབུས་བོད་སློབ་འཛིན་ཚོགས་ནས་ལོ་གཅིག་རིང་ཆོད་གན་ཐོག་བསྐོ་གཞག་གནང་རྒྱུ་དང༌། དེའི་རྗེས་འདས་པའི་ཕྱག་ལས་གནང་སྟངས་ལ་གཞིགས་ནས་ལོ་རེ་བཞིན་ཕར་འགྱངས་ཀྱིས་ལོ་གསུམ་ནས་ལྔ་བར་བསྐོ་གཞག་མུ་མཐུད་གནང་གཏན་འཁེལ་ཡོད། ཨང༌། གནས་རིམ། ས་མིག་གྲངས། ཉུང་མཐའི་ལོ་ཚད། ཟླ་རེའི་ཕྱོགས་བསྡོམས་གླ་ཕོགས།… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་ལྷན་ཚོགས་གནང་བའི་རྒྱབ་གཉེར་སྙན་ཐོ་ཕྱག་ལེན་མཇུག་སྐྱོང་གནང་ཕྱོགས་སྐོར།
    ཟླ་བ་ ༡༡ ཚེས ༢༧ ༢༠༡༢
     
    ༢༠༡༢ ཟླ་ ༡༡ ཚེས་ ༢༧ རེས་གཟའ་མིག་དམར། ༄༅། །བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༩ པའི་འོག་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༢༥ ནས་ཚེས་ ༢༨ བར་ལྷན་ཚོགས་གནང་བའི་རྒྱབ་གཉེར་སྙན་ཐོ་ཕྱག་ལེན་མཇུག་སྐྱོང་གནང་ཕྱོགས་སྐོར་ཕྱི་ལོ་ ༢༠༡༢… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    གསལ་བསྒྲགས།
    ཟླ་བ་ ༡༡ ཚེས ༢༧ ༢༠༡༢
     
    ༢༠༡༢ ཟླ་ ༡༡ ཚེས་ ༢༧ རེས་གཟའ་མིག་དམར། ༄༅། །བོད་ནང་རྒྱ་ནག་གཞུང་གིས་དམ་བསྒྲགས་ཅན་གྱི་སྲིད་བྱུས་འཛིན་བཞིན་པར་ཕྱི་ལོ་ ༢༠༠༩ ལོ་ནས་ད་བར་བོད་མི་སེར་སྐྱ་ ༨༣ གྱིས་རང་ལུས་མེར་བསྲེགས་གནང་སྟེ་༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས། བོད་མིའི་ཆོས་དང་། རིག་གཞུང་། སྐད་ཡིག་བཅས་སྲུང་སྐྱོབ་དགོས་ཞེས་ཚོར་ཤུགས་ཆེན་པོས་དགོས་འདུན་དང་བཅས་ཞི་རྒོོལ་གནང་དང་གནང་བཞིན་པ་ད་ཆ་ཆེས་ཛ་དྲག་གི་གནས་སྟངས་སུ་འགྲོ་བཞིན་པར་བརྟེན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༩ པའི་འོག་དམིགས་བསལ་ཚོགས་ཆེན་ཐེངས་… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    གསར་འགོད་གསལ་བསྒྲགས།
    ཟླ་བ་ ༡༡ ཚེས ༢༡ ༢༠༡༢
     
    ༢༠༡༢ ཟླ་ ༡༡ ཚེས་ ༢༡ རེས་གཟའ་ལྷག་པ། ཨེ་ཤི་ཡའི་རང་དབང་རླུང་འཕྲིན་དང་འབྲེལ་བའི་ཉེས་འཛུགས་ཁག་ལ་སྲིད་སྐྱོང་བློ་བཟང་སེང་གེའི་བསྒྲགས་གཏམ།   ༄༅།། ཨེ་ཤི་ཡའི་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་ནང་ཁུལ་གནད་དོན་སྐོར་ལ་བོད་མིའི་སྒྲིག་འཛུགས་དང་ཕྲན་གྱི་མིང་དེའི་ནང་དྲུད་འདུག་པ་ནི་བློ་ཕམ་གྱི་གནས་ཚུལ་ཞིག་ཡིན། རླུང་འཕྲིན་ཁང་གི་ལས་བྱེད་པའི་གནད་དོན་སྐོར་ཕྲན་ནས་ཨེ་ཤི་ཡའི་རང་དབང་རླུང་འཕྲིན་ཁང་གི་འགན་འཛིན་ལྕམ་ལེའུ་འམ། འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་སུ་ལའང་འབྲེལ་བ་བྱེད་མྱོང་མེད་ཅེས་ཚིག་ཐག་ཆོད་པོས་ཞུ་རྒྱུ་ཡིན། དེར་བརྟེན་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་འཛིན་སྐྱོང་གནད་དོན་དང་ང་ཕོད་འཇིགས་མེད་སྐོར་ཕྲན་ལ་འབྲེལ་བ་གང་ཡང་མེད་པས། ལས་བྱེད་སྐོར་ཐེ་བྱུས་བྱས་པའི་ཉེས་འཛུགས་དེ་གཞི་རྩ་གཏན་ནས་མེད་པ་ཞིག་རེད། བོད་མིའི་སྒྲིག་འཛུགས་ནང་རོགས་དངུལ་བེད་ལོག་བྱས་རིགས་གཏན་ནས་མེད་པར་ཕྱི་གསལ་ནང་གསལ་ཡིན་པར་ང་ཚོར་གདེང་སྤོབས་ཆེན་པོ་ཡོད། སྤྱི་ཚོགས་བདེ་དོན་དང་འཛུགས་སྐྲུན་ཆེད་གནང་སོན་བྱུང་བའི་རོགས་དངུལ་ཨ་སྒོར་རེ་རེ་བཞིན་རྩིས་ཞིབ་འཕེར་བ་ཡོད་པ་མ་ཟད། རོགས་ཚོགས་སོ་སོར་རྩིས་ཁྲ་འབུལ་དགོས་ལྟར་རོགས་དངུལ་བེད་སྤྱོད་ཇི་བཏང་གི་རྩིས་ཁྲ་ཆ་ཚང་དང་ཁ་གསལ་འབུལ་བཞིན་ཡོད། ཨེ་ཤི་ཡའི་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ནི་སྤྱིར་བོད་མི་ཡོངས་དང༌། ཁྱད་པར་ཕྱོགས་ལྷུང་མེད་པའི་གནས་ཚུལ་དུས་ཐོག་ཤེས་རྟོགས་བྱ་རྒྱུའི་གོ་སྐབས་མེད་པའི་བོད་ནང་གི་བོད་མི་ཚོར་དངོས་ཡོད་གནས་ཚུལ་ཧེ་བག་མེད་པར་མཁོ་འདོན་བྱེད་ཆེད་དུ་བཙུགས་པ་ཞིག་རེད།… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    སྨན་བཅོས་ལྟ་སྐྱོང་གསལ་བསྒྲགས།
    ཟླ་བ་ ༡༡ ཚེས ༡༢ ༢༠༡༢
     
    ༄༅། །བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞི་འདི་ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༡ ནས་འགོ་འཛུགས་ཞུས་ཏེ་ད་བར་ཚོགས་མི་མི་ཉུང་བ་ཞིག་ལ་སྨན་བཅོས་ཀྱི་ཁེ་ཕན་ཐོབ་ནས་འཚོ་བར་ཕན་ཐོགས་བྱུང་བ་རང་རིགས་མང་པོ་ཞིག་ནས་མིག་མཐོང་གསལ་གྲུབ་བྱུང་སྟེ་ལས་གཞིར་འཛུལ་ཞུགས་གནང་འདོད་ཡོད་མཁན་ཚོར་འཛུལ་ཞུགས་གོ་སྐབས་ཐེངས་གཉིས་པ་གནང་གཏན་འཁེལ་བའི་གནད་དོན་མཁྱེན་དགོས་གཤམ་གསལ། ༡༽ས་གནས་འགོ་འཛིན་ནམ་འཕྲོད་བསྟེན་སྨན་ཁང་ལས་ཁང་ནས་ལས་གཞི་གོ་རྟོགས་སྤེལ་སྐབས་ངོ་བཅར་ཞུ་དགོས། ༢༽ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༡ ནས་ ༢༠༡༢ ཟླ་ ༡༢… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ཆོས་བརྡ་གསལ་བསྒྲགས།
    ཟླ་བ་ ༡༡ ཚེས ༩ ༢༠༡༢
     
    ༢༠༡༢ ཟླ་ ༡༡ ཚེས་ ༩ རེས་གཟའ་པ་སངས། ༅༅། །འཛམ་གླིང་ཤར་ནུབ་ཡུལ་གྲུ་གང་ས་ནས་སྤྱིར་ནང་ཆོས་དང་ལྷག་པར་ཟབ་ལམ་འཇའ་ལུས་འཕོ་བའི་གདམས་ངག་ལ་ཉམས་ལེན་དོན་གཉེར་ཅན་མང་དག་ཞིག་ནས་ཇི་ལྟར་གསོལ་འདེེབས་ཞུས་དོན་བཞིན་འབྲི་གུང་ཆོས་རྗེ་ཨཱཿདབྱངས་རིན་པོ་ཆེ་མཆོག་གིས་ཕྱི་ལོ་ ༡༩༩༣ ནས་བཟུང་ལོ་ལྟར་གནས་མཆོག་རྡོ་རྗེ་གདན་དུ་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་མ་ཚུགས་སྔོན་ཕྱི་ནང་མི་རིགས་སྟོང་ཚོ་བརྒལ་བར་ཟབ་ལམ་འཇའ་ལུས་འཕོ་བ་ཆེན་མོའི་ཁྲིད་ཁ་དང་འཕོ་སྦྱོང་བཀའ་ཁྲིད་བཀྲིན་ཆེ་མུས་ལྟར། ཕྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༢ ནས་ཚེས་ ༡༡ བར་ཉིན་གྲངས་བཅུའི་རིང་ཟབ་ལམ་འཇའ་ལུས་འཕོ་བའི་ཁྲིད་ཁ་དང་འཕོ་སྦྱོང་བཀའ་ཁྲིད་བཀྲིན་ཆེ་རྒྱུའི་ཐུགས་གཏན་འཁེལ་སོང་བར་བརྟེན།… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    གལ་ཆེའི་གསལ་བསྒྲགས།
    ཟླ་བ་ ༡༡ ཚེས ༡ ༢༠༡༢
     
    ༄༅། །དཔལ་ལྡན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་དང་། ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ལྷན་རྒྱས་དང་ས་གནས་འགོ་འཛིན་ཡོངས་ལ། ཆེད་ཞུ། རྒྱ་གར་གཞུང་གི་ལྡི་ལི་ས་གནས་ལག་འཁྱེར་ཁང་(Regional Passport Office, Delhi, Government of India) གི་ལས་འགན་རྣམས་ TATA Passport Seva Project (P.S.P) ལ་བོགས་གཏོང་གནང་འཆར་གཏན་འབེབས་ཞུས་ཟིན་པ་ལྟར་འཆར་གཞི་དངོས་སུ་ལག་བསྟར་འགོ་འཛུགས་ གནང་རྒྱུར་ནར་འགྱང་འགྲོ་བཞིན་པའི་མཐུད་མཚམས་སུ་སྔར་ཡོད་རྒྱ་གར་ལག་འཁྱེར་ལས་… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ལས་བྱེད་ས་མིག་གསལ་བསྒྲགས།
    ཟླ་བ་ ༡༠ ཚེས ༣༠ ༢༠༡༢
     
    ༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ཁྱབ་ཁོངས་ན་གཞོན་རོགས་སྐྱོར་ཚན་པར་ན་གཞོན་གྲངས་ཐོ་ (Data ) བསྡུ་ཉར་ཐོག རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་དང་སྡེ་ར་ལྡུན་ཁུལ་གྱི་བོད་མིའི་གཞིས་ཆགས་ཆེ་ཆུང་ཁག ༡༧ ཆེད་ན་གཞོན་འབྲེལ་མཐུད་པ་གཅིག་གི་ས་མིག་ཐོག་ལོ་གཉིས་རིང་ཆོད་གན་དུ་བསྐོ་གཞག་གནང་རྒྱུ་ཡིན་ན། གོང་གསལ་ལས་འགན་ཐོག་ཞབས་ཞུའི་འདོད་བློ་ཡོད་རིགས་ནས་གཤམ་གསལ་དགོས་ངེས་ཆ་རྐྱེན་ཚང་བ་རྣམས་ནས་རང་ཉིད་ཀྱི་གཞིས་ཁྱིམ་ཁ་བྱང་དང༌། ཨི་མེལ། ཁ་དཔར་ཨང་གྲངས་སོགས་ཁ་གསལ་བཀོད་དེ་ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༡༠ འགྱངས་མེད་གཤམ་གསལ་ཁ་བྱང་ཐོག་འབུལ་འབྱོར་ཟིན་པ་དགོས་རྒྱུ་དང༌། གོང་གསལ་དུས་བཀག་རྗེས་མཚང་སྙན་འབྱོར་རིགས་ལ་ངོས་བཞེས་གནང་རྒྱུ་མིན་པ་བཅས་ཀྱི་གསལ་བསྒྲགས་སུ། ནང་སྲིད་ལས་ཁུངས་ནས་ཕྱི་ལོ་… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ཚོགས་བརྡ་གསལ་བསྒྲགས།
    ཟླ་བ་ ༡༠ ཚེས ༢༦ ༢༠༡༢
     
    ༄༅། །བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཞི་བཅུ་པ་ནང་གསལ་ལྟར་སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པ་ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༨ རེས་གཟའ་ཟླ་བ་ནས་ཚེས་ ༢༨ རེས་གཟའ་ཕུར་བུ་བར་ལས་དུས་ཉིན་གྲངས་བཅུ་རིང་བཞུགས་སྒར་བཀའ་ཤག་ཡང་སྟེང་ཚོགས་ཁང་དུ་ཚོགས་གཏན་འཁེལ་སོང་ན། ཚོགས་མི་རྣམས་དུས་ཐོག་ཚོགས་བཅར་ཐོག སྤྱི་འཐུས་རྣམ་པས་ཕྱི་ཟླ་ ༣ ཚེས་ ༡༧ ཉིན་ཚོགས་དྲུང་ལས་ཁུངས་སུ་ངོ་བཅར་འབྱོར་ཐོ་འགོད་འབུལ་གནང་དགོས་བཅས་ཀྱི་ཚོགས་བརྡ་གསལ་བསྒྲགས་སུ། ཚོགས་དྲུང་ལས་ཁུངས་ནས་ཕྱི་ལོ་… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ས་མིག་གསལ་བསྒྲགས།
    ཟླ་བ་ ༡༠ ཚེས ༢༢ ༢༠༡༢
     
    ༢༠༡༢ ཟླ་ ༡༠ ཚེས་ ༢༢ རེས་གཟའ་ཟླ་བ། ༄༅། །བོད་མིའི་དྭང་བླངས་འཕྲོད་བསྟེན་ཚོགས་པའི་ཁྱབ་ཁོངས་སྨན་ཁང་གི་སོའི་སྨན་པ་ BDS/MDS དང་། སོའི་ལསབྱེད་ཆེད་ Dental Technician/Therapist སྨན་སྤྲོད་ Pharmacist བཅས་ཀྱི་ས་མིག་ཡོད་ན། རང་རེའི་སྤྱི་ཚོགས་ཁྲོད་གོང་གསལ་ས་མིག་ཐོག་ཞུགས་འདོད་ཡོད་རིགས་ནས་གཤམ་གསལ་ཆ་རྐྱེན་ཚང་ཐོག་འཚང་སྙན་འབུལ་དགོས། དགོས་མཁོའི་ཆ་རྐྱེན་ཁག ༡།… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ས་ཁོངས་ཁྱབ་ཚད་སྒྱུར་བཅོས་གསལ་བསྒྲགས།
    ཟླ་བ་ ༡༠ ཚེས ༢༢ ༢༠༡༢
     
      ༄༅། །བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་ཡ་གྱལ་ཁྲིམས་ལུགས་དབང་འཛིན་གྱི་ལས་དོན་ཚགས་ཚུད་ཡར་རྒྱས་སུ་འགྲོ་ཐབས་སྤྱི་དང༌། བྱེ་བྲག་ས་གནས་སོ་སོར་ཁ་མཆུ་ཞུ་གཏུག་གི་མཐུན་རྐྱེན་བསྐྲུན་ཐབས་དང་ཁྱབ་ཁོངས་སེར་སྐྱ་མང་ཚོགས་ལ་དུས་ནས་དུས་སུ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་གོ་རྟོགས་སྤེལ་རྒྱུས་མཚོན་ཁྲིམས་ལུགས་དབང་འཛིན་གྱི་བྱེད་སྒོ་ཁག་རིམ་བཞིན་ཡར་རྒྱས་གཏོང་རྒྱུའི་ཆེད་དུ། བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་དང༌། ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གཉིས་ཡོད་མུས་ཐོག ཉེ་ལམ་འབྲས་ལྗོངས་ལྷོ་ཕྱོགས་ར་ཝང་ལ་ཀུན་ཕན་གླིང་བོད་མིའི་གཞིས་ཆགས་སུ་ཤར་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་དང༌། ལ་དྭགས་ལྕོག་ལམ་སར་བསོད་ནམས་གླིང་གཞིས་ཆགས་སུ་ལ་དྭགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གཉིས་གསར་དུ་ཟུར་འཛུགས་ཟིན་པས། ས་གནས་དེ་དག་གི་གཅིག་ལྕོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་ཁག་ཕྱིར་བསྡུ་གནང་བ་དང་། ས་གནས་ཁྲིམས་ཞིབ་ཁང་སོ་སོའི་ས་ཁོངས་ཁྱབ་ཚད་དུ་ཁྲིམས་ལུགས་དབང་འཛིན་གྱི་རྩ་འཛིན་ཁྲིམས་ཡིག་གི་དོན་ཚན་ ༢༨ པའི་ཆ་རྐྱེན་འོག་སྒྱུར་བཅོས་གཏན་འབེབས་གནང་བ་གཤམ་གསལ། ཀ༽ བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང༌། ༡། སྡེ་ར་ལྡུན། ༢། ར་ཇ་པུར་བུད་མེད་མཉམ་ལས། ༣།… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    གལ་ཆེའི་གསལ་བསྒྲགས།
    ཟླ་བ་ ༡༠ ཚེས ༡༥ ༢༠༡༢
     
    ༄༅། །མཁྱེན་ལྡན་བོད་མི་སེར་སྐྱ་ཕོ་མོ་ཡོངས་ཀྱི་སྙན་ལམ་དུ། ད་ལམ་རྒྱ་གར་དབུས་གཞུང་ནས་གསར་འགྱུར་བརྒྱུད་ལམ་ཁག་དང་གཞུང་འབྲེལ་གསལ་བསྒྲགས་བཅས་ཕེབས་གསལ་ལྟར་ངོ་སྤྲོད་ཕྱག་ཁྱེར་སེར་པོའི་ (Identify Certificate) (IC) གླ་ཡོན་སྤར་ཆ་གནང་སོང་བ་དང་དེ་མཚུངས་ལྡི་ལི་དོན་གཅོད་ཁང་གི་གནས་འབྲེལ་དང་འཁོར་གླ། སྣག་ཤོག་དང་པར་བཤུས་སོགས་ཀྱི་འགྲོ་གྲོན་ཉིན་རེ་བཞིན་འཕར་ཆ་ཡོང་བཞིན་པར་དུས་མཚུངས་སྤར་ཆ་ཞུས་པ་གཤམ་གསལ། ཨང་། ངོ་སྤྲོད་ཕྱག་ཁྱེར་སེར་པོའི་ (IC) ལས་དོན་ངོ་བོ། གླ་ཡོན་སྒོར། ལྡི་ལི་དོན་ཁང་གི་གནས་རིན་སྒོར། བསྡོམས་སྒོར། ༡༽ ངོ་སྤྲོད་ཕྱག་ཁྱེར་སེར་པོ་ (IC) གསར་བཟོའི།… རྒྱས་པ་འདིར་གཟིགས་རོགས་གནང་།