[facetwp counts="true"]
[facetwp facet="keyword_filter"]
[facetwp facet="content_types"]
[facetwp facet="categories"]
[facetwp facet="tags"]
[facetwp sort="true"]
  •    གསལ་སྒྲགས།
    ཁ་ལོ་བའི་སྦྱོང་བརྡར་གསལ་བསྒྲགས།
    ཟླ་བ་ ༢ ཚེས ༡༤ ༢༠༡༧
     
    ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༡༤ རེས་གཟའ་མིག་དམར། ༄༅། །བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ན་གཞོན་རོགས་སྐྱོར་ལས་གཞིའི་འོག་ ༢༠༡༧་་་༡༨ ལོའི་ཁ་ལོ་བའི་སྦྱོང་བརྡར་འགོ་འཛུགས་ཞུ་རྒྱུ་ཡིན་ན། འཚང་སྙན་ཁག་འབྲེལ་ཡོད་ས་གནས་འགོ་འཛིན་ལས་ཁང་བརྒྱུད་ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༣༡ འགྱངས་མེད་ནང་སྲིད་ལས་ཁུངས་སུ་འབུལ་འབྱོར་དགོས་རྒྱུ་དང༌། འགེངས་ཤོག་དང་ཆ་རྐྱེན་སོགས་ཞིབ་ཕྲ་འབྲེལ་ཡོད་ས་གནས་འགོ་འཛིན་ལས་ཁུངས་སོ་སོ་དང༌།… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ལག་ཤེས་སྦྱོང་བརྡར་གསལ་བསྒྲགས།
    ཟླ་བ་ ༢ ཚེས ༡༠ ༢༠༡༧
     
    ༢༠༡༧ ཟླ་ ༢ ཚེས་ ༡༠ རེས་གཟའ་པ་སངས། ༄༅། །བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ན་གཞོན་རོགས་སྐྱོར་ལས་གཞིའི་འོག་སྦེང་ལོར་ནི་ལ་མང་གྷ་ལར་ཕྱི་ལོ་ ༢༠༡༧་་་༡༨ ལོའི་སྐབས་དང་པོའི་མཛེས་བཟོ་དང་སྐྲ་བཟོའི་ལག་ཤེས་སྦྱོང་བརྡར་ ༢༠༡༧།༠༤།༠༡ ནས་འགོ་འཛུག་ཞུ་རྒྱུ་ཡིན་ན་འཚང་སྙན་ཁག་འབྲེལ་ཡོད་ས་གནས་འགོ་འཛིན་ལས་ཁང་བརྒྱུད་ཕྱི་ལོ་ ༢༠༡༧ ཟླ་ ༠༣ ཚེས་ ༠༧ འགྱངས་མེད་ནང་སྲིད་ལས་ཁུངས་སུ་འབུལ་འབྱོར་དགོས་རྒྱུ་དང༌། འགེངས་ཤོག་དང་ཆ་རྐྱེན་སོགས་ཞིབ་ཕྲ་འབྲེལ་ཡོད་ས་གནས་འགོ་འཛིན་ལས་ཁུངས་སོ་སོ་དང༌།… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ལྷོ་ཨ་ཕི་རི་ཀའི་དོན་གཅོད་ཁང་གི་ལྟ་གྲུབ་དགེ་རྒན་གྱི་ས་མིག་གསལ་བསྒྲགས།
    ཟླ་བ་ ༢ ཚེས ༡༠ ༢༠༡༧
     
    ༢༠༡༧ ཟླ་ ༢ ཚེས་ ༡༠ རེས་གཟའ་པ་སངས། ༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༡༣ འཁོད་དཔལ་ལྡན་བཀའ་ཤག་ནས་ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ལས་ཁུངས་རྣམས་ཀྱི་ཁྱབ་ཁོངས་ས་གནས་ཁག་ལ་བོད་ཀྱི་ཆོས་རིག་ངོ་སྤྲོད་བྱ་སྒོ་སྤྱི་དང་། ཁྱད་པར་ས་གནས་དེ་དག་ལ་གནས་པའི་ཕྱི་ནང་དོན་གཉེར་ཅན་རྣམས་ལ་ནང་པའི་ལྟ་གྲུབ་སློབ་འཁྲིད། ཆོས་ཕྱོགས་ཀྱི་མཛད་སྒོ་དང་འདུ་འཛོམས་ཁག་ལ་གཙོ་སྐྱོང་དང་མཉམ་ཞུགས། གཞན་ཡང་ས་གནས་ཀྱི་ནང་པ་ནང་ཁུལ་དང་ཆོས་ལུགས་གཞན་གྱི་ཆོས་བྱེད་མི་སྣ་ཁག་ལ་མཐུན་ལམ་འབྲེལ་འཛུགས་བྱ་རྒྱུ་བཅས་ཀྱི་ཆེད་དུ། ད་ཡོད་ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ལས་ཁུངས་ཁག་ཏུ་ཚད་ལྡན་ནང་པའི་ལྟ་གྲུབ་དགེ་རྒན་ཇི་དགོས་རིམ་པས་བསྐོ་གཏོང་གནང་རྒྱུའི་རྩ་འཛིན་གཏན་འབེབས་གནང་བའི་དགོངས་དོན། ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་གཅོད་ཁང་དུ་སྡེ་འགན་གནས་རིམ་ཐོག་ལྟ་གྲུབ་དགེ་རྒན་ཞིག་བསྐོ་གཏོང་གནང་རྒྱུ་ལགས་པ་ན།… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    སྤྱི་རྒྱུ་སྒེར་ཟས་བྱས་པའི་གསལ་བསྒྲགས།
    ཟླ་བ་ ༢ ཚེས ༩ ༢༠༡༧
     
    ༢༠༡༧ ཟླ་ ༢ ཚེས་ ༩ རེས་གཟའ་ཕུར་བུ། ༄༅། །བོད་ཀྱི་ཟློས་གར་ཚོགས་པ་ནས་ཕྱི་ལོ་ ༢༠༡༧ ཟླ་བ་ ༠༢ ཚེས་ ༠༩ ཉིན་འདི་གར་བཏང་གནས་ནང་འཁོད་དོན།  བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་མི་ཟུར་པ་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ཀྱི་གྲོང་སྡེ་ ༥ ཁང་ལེན་ ༡༤ ནང་ཕ་འཆི་མེད་ཚེ་རིང་དང་།… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ༢༠༡༧ United World College སློབ་ཡོན།
    ཟླ་བ་ ༢ ཚེས ༦ ༢༠༡༧
     
    ༢༠༡༧ ཟླ་ ༢ ཚེས་ ༦ རེས་གཟའ་ཟླ་བ། ༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་བོད་རིགས་འཛིན་གྲྭ་ ༡༠ པའམ་བཅུ་གཅིག་སློབ་ཕྲུག་མང་མཐར་ལྔ་བར་ཕྱི་རྒྱལ་སློབ་གྲྭ་ཁག་ ༡༦ ཁོངས་སུ་སློབ་ཡོན་གསལ་བསྒྲགས་ཞུ་རྒྱུར། སློབ་ཕྲུག་འདེམས་ཕྱོགས་ནི་སློབ་ཡོན་གནང་མཁན་རྒྱལ་སྤྱིའི་སློབ་ཡོན་ཚོགས་ཆུང་དང་ཤེས་རིག་ལས་ཁུངས་ཐུན་མོང་ནས་ ༢༠༡༧ ཟླ་ ༤ ཟླ་མཇུག་ཏུ་རྡ་རམ་ས་ལར་གནང་གཏན་འཁེལ་ཡོད། དགོས་ངེས་ཆ་རྐྱེན་ཁག་གཤམ་གསལ། ༡༽… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ༢༠༡༧ ཇ་ཡ་མུ་ཁི་སློབ་ཡོན་གསལ་སྒྲགས།
    ཟླ་བ་ ༢ ཚེས ༤ ༢༠༡༧
     
    ༢༠༡༧ ཟླ་ ༢ ཚེས་ ༤ རེས་གཟའ་པ་སངས། ༄༅། །སྐུ་ཞབས་ Prof. Deepak Mukhi, Programme Director, The Oxford Programme for Undergraduate Studies,… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ཆོས་དགེའི་ས་མིག་གསལ་བསྒྲགས།
    ༢༠༡༧ ཟླ་ ༢ ཚེས་ ༣ རེས་གཟའ་པ་སངས། ༄༅། །སྡེ་ར་ལྡུན་དྭང་སློབ་ཏུ་ RT Lama ཞེས་དམག་མི་རྣམས་ལ་ནང་ཆོས་ངོ་སྤྲོད་དམ་ཆོས་ཕྱོགས་ནས་སློབ་གསོ་གོ་བསྐོན་གནང་མཁན་ཆོས་དགེ་དམིགས་བསལ་བསྐོ་གཞག་གནང་ལམ་ཡོད་པ་བཞིན། ཐེངས་འདིར་ཆོས་དགེ་གཅིག་ཛ་དྲག་ཐོག་འདེམས་སྒྲུག་གནང་རྒྱུ་ལགས་པ་ན། དགེ་སློང་ཡིན་པ། ཆོས་སྡེ་སློབ་གཉེར་ཁང་ནས་ནང་པའི་གཞུང་ཆེན་ཁག་གི་སློབ་གཉེར་ཐོན་པ། རང་ལོ་ ༣༥ ནས་ ༤༠ བར་ཡིན་པ།… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ལས་བྱེད་ས་མིག་གསལ་བསྒྲགས།
    ཟླ་བ་ ༡ ཚེས ༡༠ ༢༠༡༧
     
    ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༡༠ རེས་གཟའ་མིག་དམར། ༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་སྡེ་ཚན་ཆེད་ལས་བྱེད་གཉིས་སྡེ་ཚན་འགན་འཛིན་དང་ལས་ཁུངས་དོ་དམ་པའི་གནས་རིམ་ཚད་མཉམ་ཆོད་གན་ཐོག་བསྐོ་གཞག་བྱ་རྒྱུ་ཡིན་ན། གཤམ་གསལ་ཆ་རྐྱེན་ཚང་ཞིང་ལོ་གཅིག་རིང་ཆོད་གན་ཐོག་ཞབས་འདེགས་ཞུ་འདོད་ཡོད་རིགས་ནས་ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༢༧ འགྱངས་མེད་ཤེས་རིག་ལས་ཁུངས་སུ་འཚང་སྙན་འབུལ་འཐུས། ཀ། ཀམ་པུ་ཊར་ཁྱད་ལས་པ།… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ཕྱི་ལོ་ ༢༠༡༨ ཨ་རིའི་མཐོ་སློབ་སློབ་ཡོན་གསལ་བསྒྲགས།
    ཟླ་བ་ ༡ ཚེས ༦ ༢༠༡༧
     
    ༢༠༡༧ ཟླ་ ༡ ཚེས་ ༦ རེས་གཟའ་པ་སངས། ༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན།   ཨ་རི་ཕྱི་སྲིད་ལས་ཁུངས་ཀྱི་ནང་གསེས་ཤེས་ཡོན་དང་རིག་གཞུང་སྡེ་ཚན་གྱི་རོགས་སྐྱོར་འོག་ཆ་རྐྱེན་ཚང་བའི་བོད་རིགས་སློབ་ཕྲུག་ ༧ (རྒྱ་གར་ནས་ ༦ དང་བལ་ཡུལ་ནས་ ༡) ལ་ཕྱི་ལོ་ ༢༠༡༨ ལོར་ཨ་རིའི་ནང་མཐོ་སློབ་ཆེ་ཁག་ཏུ་གཙུག་ལག་རབ་འབྱམས་པའི་ལག་ཁྱེར་སློབ་ཡོན་གནང་རྒྱུའི་གསལ་བསྒྲགས་ཤིག་ https://goo.gl/QHktJc དྲ་ངོས་སུ་སྤེལ་བ་ལྟར།… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ཉིན་གླའི་ལས་བྱེད་ས་མིག་གསལ་བསྒྲགས།
    ༢༠༡༧ ཟླ་ ༡ ཚེས་ ༢ རེས་གཟའ་ཟླ་བ། ༄༅། །ལྡི་ལི་སྐུ་ཚབ་དོན་གཅོད་ཁང་ནང་སྣེ་ལེན་ཆེད་ཉིན་གླའི་ལས་བྱེད་གཞོན་དྲུང་གནས་རིམ་གཅིག་བསྐོ་གཞག་གནང་རྒྱུ་ཡིན་ན། གཤམ་གསལ་ས་མིག་ཆ་རྐྱེན་ཚང་ཞིང་ཞབས་འདེགས་ཞུ་འདོད་ཡོད་རིགས་ནས་འཚང་སྙན་འབུལ་འཐུས། གཞོན་དྲུང་ ༡ ཉིན་གླའི་ཐོག་ཟླ་གྲངས་ ༡༡ རིང་ལས་བྱེད་གསར་བསྐོ་བྱ་རྒྱུའི་དགོས་ངེས་ཆ་རྐྱེན། ༡༽ ཤེས་ཚད། གཞོན་དྲུང་གནས་རིམ་ལ་ཉུང་མཐར་འཛིན་རིམ་བཅུ་གཉིས་ཐོན་པའམ། དེ་དང་མཉམ་པའི་ཤེས་ཚད་ལག་འཁྱེར་ཚད་ལྡན་ཡོད་པ། ༢༽… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    དཔལ་དུས་ཀྱི་འཁོར་ལོའི་ དབང་ཆེན་ཐེངས་ ༣༤ པ་བཀའ་དྲིན་སྩལ་རྒྱུའི་མཛད་རིམ།
    ཟླ་བ་ ༡༢ ཚེས ༣༡ ༢༠༡༦
     
    ༢༠༡༦ ཟླ་ ༡༢ ཚེས་ ༣༡ རེས་གཟའ་སྤེན་པ། ༄༅།། ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༢ ནས་ཚེས་ ༡༤ བར་གནས་མཆོག་རྡོ་རྗེ་གདན་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་སྔ་ནས་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པ་བཀའ་དྲིན་སྩལ་རྒྱུའི་མཛད་རིམ་གཤམ་གསལ། རེས་གཟའ་ཟླ་བ།… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    གཞིས་ཆགས་ཁག་ཏུ་གཞིས་ཁང་དང་ཞིང་ས་སྟོང་པ་ཇི་ཡོད་གྲངས་ཐོ་བསྡུ་རུབ་ཞུས་པའི་རེའུ་མིག་གཤམ་གསལ།
    ཟླ་བ་ ༡༢ ཚེས ༢༧ ༢༠༡༦
     
    ༢༠༡༦ ཟླ་ ༡༢ ཚེས་ ༢༧ རེས་གཟའ་མིག་དམར། ༄༅། །བོད་མི་མང་སྤྱི་འཐུས་གྲོས་ཚོགས་སྔ་རྗེས་ནང་གཞིས་ཆགས་ཐོབ་སྐལ་སྐོར་བགྲོ་གླེང་རིམ་བྱུང་དགོངས་དོན་གཞིར་བཞག་དང༌།   སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་གཉིས་པའི་སྐབས་སྐར་རྟགས་ཅན་གྱི་དྲི་བ་ཕེབས་པའི་བཀའ་ལན་དུ་བཀའ་ཤག་སྐབས་ ༡༤ པས་བོད་ནས་གསར་དུ་འབྱོར་བ་རྣམས་ཀྱི་བདེ་སྡུག་ལ་གཟིགས་ཞིབ་གནང་རྒྱུ་གལ་ཆེ་བརྩི་སྟེ་ཁོང་རྣམས་ལ་སྣེ་ལེན་མཐུན་རྐྱེན་སྦྱོར་ཕྱོགས་སྐོར་བསྐྱར་ཞིབ་ཚོགས་ཆུང་ཆེད་འཛུགས་གནང་ལུགས་སྐོར་སྙན་སྒྲོན་ཞུས་པ་ལྟར། ད་བར་བོད་མི་ཁག་ཅིག་ལ་སྡོད་ཁང་མཐུན་རྐྱེན་སྦྱར་ཐུབ་པ་བྱུང་ཡོད་ནའང༌། བོད་ནས་ཕྱིས་སུ་སྐྱབས་བཅོལ་འབྱོར་ཁག་གཅིག་པུ་མ་ཡིན་པ་ཕྱི་ལོ་ ༡༩༥༩ ལོ་ནས་འབྱོར་བའི་བོད་མི་ཁ་འཐོར་གནས་སྡོད་གཞིས་སྐལ་ཐོབ་ཐང་མེད་པའི་དཀའ་ངལ་ཞུ་མཁན་མང་དག་ཅིག་ཡོད་པ་ཚང་མའི་དཀའ་ངལ་གཅིག་མཚུངས་ངོས་འཛིན་བྱེད་ཀྱི་ཡོད། མཁྱེན་ཆུབ་ལྟར་གཞིས་ཁང་གསར་རྒྱག་གིས་མཐུན་རྐྱེན་སྦྱར་རྒྱུའི་ལས་གཞི་དེ་བཞིན་གཞི་རྒྱ་ཆེ་ཁར་འགྲོ་གྲོན་གཞན་དབང་སྟབས་བསྟུན་དགོས་པར་ལོ་ཤས་ནང་གྲུབ་རྒྱུ་ཧ་ཅང་དཀའ་བའི་རང་བཞིན་ལས་མ་འདས་ཤིང༌། དཔེར་ན་ཨུཏྟར་ཁཎྜ་བདེ་སྐྱིད་གླིང་ཁྱབ་ཁོངས་ཁ་འཐོར་དུད་ཚང་… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    དུས་དབང་བཀའ་ཆོས་བརྙན་འཕྲིན་བརྒྱུད་ཐད་གཏོང་ཞུ་རྒྱུའི་གསལ་བསྒྲགས།
    ཟླ་བ་ ༡༢ ཚེས ༢༧ ༢༠༡༦
     
    ༢༠༡༦ ཟླ་ ༡༢ ཚེས་ ༢༧ རེས་གཟའ་མིག་དམར། ༄༅། །མཚུངས་མེད་ལྷོ་སྤྱི་དང་ལ་སྤྱི་གཉིས་ཀྱིས་གཙོས་ས་གནས་འགོ་འཛིན་མཆོག་རྣམས་ལ། ཆེད་ཞུ། བོད་མིའི་སྒྲིག་འཛུགས་ཀྱིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པའི་ལས་རིམ་ཆ་ཚང་བོད་ཀྱི་བརྙན་འཕྲིན་དྲྭ་རྒྱའི་ཁ་བྱང་ http://www.tibetlonline.tv/ live-webcast-from-cta-dharamsala/ དང་ https://www.youtube.com/ user/ctaonlinetv གཞན་ཡང་ལག་ཐོག་ཁ་པར་མཉེན་ཆས་ Tibettv… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    སྨན་བཅོས་ལྟ་སྐྱོང་ལས་གཞིའི་ནང་ཚོགས་མི་གསར་བསྡུ་ཞུ་རྒྱུའི་གསལ་བསྒྲགས།
    ཟླ་བ་ ༡༢ ཚེས ༡༤ ༢༠༡༦
     
    ༢༠༡༦ ཟླ་ ༡༢ ཚེས་ ༡༤ རེས་གཟའ་ལྷག་པ། ༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡ ནས་ཟླ་ ༣ ཚེས་ ༣༡ བར་ ༢༠༡༧ དང་ཕྱི་ལོ་ ༢༠༡༨… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ལས་བྱེད་གསར་འདེམས་གསལ་བསྒྲགས།
    ཟླ་བ་ ༡༢ ཚེས ༦ ༢༠༡༦
     
    ༢༠༡༦ ཟླ་ ༡༢ ཚེས་ ༦ རེས་གཟའ་མིག་དམར། ༄༅། །བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྐབས་བསྟུན་དགོས་མཁོ་གཞི་བཟུང་ཤེས་རིག་ལས་ཁུངས་ཆེད་ཁྱད་ལས་པ་དྲུང་གཞོན་ལས་རོགས་ ༡ དང་། ཕྱི་དྲིལ་རྒྱ་ཡིག་ཚན་པའི་དམིགས་བཀར་ས་མིག་ཐོག་སྡེ་འགན་ ༡ དང་ལས་དྲུང་ ༡ བདེ་སྲུང་ལས་ཁུངས་དང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་རྒྱ་ཡིག་ལས་དོན་ཆེད་དམིགས་བཀར་ས་མིག་ཐོག་སྡེ་འགན་ ༢ བཅས་བསྡོམས་ལས་བྱེད་གྲངས་ ༥ གཤམ་གསལ་ས་སྟོང་ཡོད་པར་དགོས་ངེས་ཆ་རྐྱེན་ཚང་ཞིང་དོན་དམ་སྲི་ཞུའི་ལས་བྱེད་ཞབས་འདེགས་ཞུ་འདོད་ཡོད་རིག་ནས་འཚང་སྙན་འབུལ་འཐུས།… རྒྱས་པ་འདིར་གཟིགས་རོགས་གནང་།