[facetwp facet="keyword_filter"]
[facetwp facet="content_types"]
[facetwp facet="categories"]
[facetwp facet="tags"]
[facetwp sort="true"]
  •    གསལ་སྒྲགས།
    ཟློས་དགེའི་ས་མིག་གསལ་བསྒྲགས།
    ཟླ་བ་ ༥ ཚེས ༤ ༢༠༡༧
     
    ༢༠༡༧ ཟླ་ ༥ ཚེས་ ༤ རེས་གཟའ་ཕུར་བུ། ༄༅། །བལ་ཡུལ་གངས་ཅན་བདེ་རྩའི་ཁྱབ་ཁོངས་རྣམ་རྒྱལ་འབྲིང་རིམ་སློབ་གྲྭའི་ཆེད་ཆོད་གན་ཐོག་ཟློས་དགེ་གཅིག་གི་ས་མིག་སྟོང་པ་འདུག་ན། གཤམ་གསལ་ཆ་རྐྱེན་ཚང་ཞིང་ཟློས་དགེའི་ལས་གནས་སུ་དོ་དབྱིངས་དང་ཞུགས་བློ་ཡོད་རིགས་རྣམས་ནས་ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༣༡ འགྱངས་མེད་རྣམ་རྒྱལ་འབྲིང་སློབ་ཀྱི་སློབ་སྤྱིའི་མཚན་ཐོག་ཐད་ཀར་སྙན་ཞུ་འབུལ་དགོས་ཤིང་། སྙན་འབུལ་བ་གཅིག་ལས་མང་བ་འབྱུང་ཚེ་སློབ་གྲྭ་ཁག་ནང་ཟློས་དགེ་གནང་མྱོང་ཡོད་རིགས་ལ་དམིགས་བསལ་དགོངས་བཞེས་གནང་རྒྱུ་དང་། དེ་མིན་ཤེས་ཚད་ཡིག་ཆ་ཁག་ལ་ཞིབ་བསྡུར་གྱིས་མཐའ་མའི་འདེམས་སྒྲུག་དང་བསྐོ་གཞག་རྣམ་རྒྱལ་འབྲིང་རིམ་སློབ་གྲྭའི་ཡིག་ཚང་ནས་གནང་རྒྱུ་ཡིན། དགོས་ངེས་ཆ་རྐྱེན་ཁག ༡།… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    འཕྲལ་སེལ་ལས་བྱེད་གསལ་བསྒྲགས།
    ༢༠༡༧ ཟླ་ ༥ ཚེས་ ༤ རེས་གཟའ་ཕུར་བུ། ༄༅།  །བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པ་ནས་བཙན་བྱོལ་བོད་ཀྱི་བུད་མེད་ཀྱི་གནས་སྟངས་རྒྱུས་ལོན་ཆེད་དམིགས་བསལ་དཔྱད་ཞིབ་ལས་གཞིའི་འོག་ཟླ་བ་གཅིག་གི་རིང་བོད་མིའི་གཞིས་ཆགས་ཁག་ཏུ་ལོ་རྒྱུས་བསྡུ་རུབ་བྱེད་རྒྱུ་ཡིན་པས་ཟླ་བ་གཅིག་གི་རིང་འཕྲལ་སེལ་ལས་བྱེད་གྲངས་བརྒྱད་དགོས་མཁོ་འདུག་ན།  རང་རེའི་སྤྱི་ཚོགས་ཁྲོད་ལས་དོན་འདིའི་ཆེད་དོ་དབྱིངས་དང་ཞུགས་འདོད་ཡོད་རིགས་ནས་འཚང་སྙན་འབུལ་སྐབས་ཚང་དགོས་པའི་ཆ་རྐྱེན་གཤམ་གསལ། དགོས་ངེས་ཆ་རྐྱེན།  ༡ ། ཤེས་ཚད།   འཛིན་སྐྱོང་དང་སྤྱི་ཚོགས་ཡར་རྒྱས།   དཔལ་འབྱོར།   སྤྱི་ཚོགས་རིག་གནས།   རྒྱལ་སྤྱིའི་ཡར་རྒྱས་སློབ་ཚན་གང་རུང་ཐོག་ཉུང་ཐར་ཚད་ལྡན་མཐོ་སློབ་ནས་ཉེ་བའི་གཙུག་ལག་རམ་འབྱམས་པ་ ༼B.A, B.COM,… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    བོད་ཀྱི་རིག་གཞུང་དང་སྒྱུ་རྩལ་མ་དངུལ་གསལ་བསྒྲགས།
    ཟླ་བ་ ༥ ཚེས ༡ ༢༠༡༧
     
    ༢༠༡༧ ཟླ་ ༤ ཚེས་ ༡ རེས་གཟའ་ཟླ་བ། ༄༅། །བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་བོད་ཀྱི་སྲོལ་རྒྱུན་རིག་གཞུང་དང་དེང་རབས་བོད་ཀྱི་བཟོ་རིག་སྒྱུ་རྩལ་རྒྱུན་འཛིན་དང་གོང་སྤེལ་སླད་རྒྱ་བལ་འབྲུག་གསུམ་དུ་གནས་འཁོད་བོད་རིགས་སྒྱུ་རྩལ་བ་དང་ཡང་སྒྱུ་རྩལ་མཁན་གསར་པ་ཐོན་བཞིན་པ་སྤྱིི་སྒེར་རྣམས་ལ་སྒྱུ་རྩལ་རྒྱ་བསྐྱེད་གཏོང་རྒྱུ་དང་། མཁས་རྩལ་རྒྱ་ཁྱབ་གཏོང་བར་རམ་འདེགས་ཞུ་ཕྱིར། བོད་ཀྱི་རིག་གཞུང་དང་། སྐད་ཡིག སྒྱུ་རྩལ་ཁོ་ནའི་ལས་འཆར་ཆེད་ཧིན་སྒོར་ཁྲི་ལྔ་ནས་འབུམ་གསུམ་བར་རོགས་དངུལ་འབུལ་རྒྱུ་ཡིན་པས། གཤམ་གསལ་ཆ་རྐྱེན་ཚང་ཞིང་ལས་འཆར་བྱ་འདོད་ཡོད་རིགས་རྣམས་ནས་ཞུ་སྙན་འགེངས་ཤོག་དང་དགོས་མཁོའི་ཡིག་ཆ་ Word/Excel/pdf གང་རུང་ནང་བཟོས་ཏེ་ཆོས་རིག་ལས་ཁུངས་ཀྱི་གློག་འཕྲིན་ཁ་བྱང་ངམ་སྦྲགས་བརྒྱུད་ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    སློབ་བསྡུ་གསལ་བསྒྲགས་ཕར་འགྱངས།
    ཟླ་བ་ ༤ ཚེས ༢༥ ༢༠༡༧
     
     ༢༠༡༧ ཟླ་ ༤ ཚེས་ ༢༥་རེས་གཟའ་མིག་དམར། ལོ་བཞི་ཅན་གྱི་ལག་ཁྱེར་སློབ་ཚན་ B.Sc. B.Ed. Integrated Course སློབ་བསྡུ་གསལ་བསྒྲགས། ༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་ཝ་རཱ་ཎཱ་སི་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གཉིས་ཟུང་སྦྲེལ་ཐོག་ཕྱི་ལོ་ ༢༠༡༧ ཕྱི་ཟླ་ ༧ ནང་བྷུན་ཏར་དགེ་འོས་མཐོ་སློབ་ཁང་དུ་འཛིན་རིམ་བཅུ་གཉིས་ཀྱི་ཚན་རིག་སྡེ་ཚན་ཁོངས་ནས་སློབ་ཐོན་སློབ་མ་གྲངས་ ༢༠ ལ་ལོ་བཞི་དུས་ཡུན་ཅན་གྱི་… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ས་མིག་གསལ་བསྒྲགས།
    ཟླ་བ་ ༤ ཚེས ༢༤ ༢༠༡༧
     
    ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༢༤ རེས་གཟའ་ཟླ་བ། ༄༅། །དབུས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་སུ་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ཆེད་ཆོད་གན་ལས་དྲུང་གཅིག་གི་ས་མིག་ས་སྟོང་ཡོད་ན། རང་རེའི་སྤྱི་ཚོགས་ཁྲོད་དེ་ཐོག་ཞུགས་འདོད་ཡོད་ན་འཚང་སྙན་ཕུལ་སྐབས་ཚང་དགོས་པའི་ཆ་རྐྱེན་གཤམ་གསལ། དགོས་ངེས་ཆ་རྐྱེན་གཞན། ༡། ཉུང་མཐར་ཀམ་པུ་ཀྲར་ཐོག་ཉེ་བའི་གཙུག་ལག་རམ་འབྱམས་སློབ་ཐོན་པའི་ Bachelor in Computer Application ལག་འཁྱེར། ༢།… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    གསལ་བསྒྲགས།
    ཟླ་བ་ ༤ ཚེས ༢༡ ༢༠༡༧
     
    ༢༠༡༧ ཟླ་ ༤ ཚེས་ ༢༡ རེས་གཟའ་པ་སངས། ༄༅། །ཕྱི་ལོ་ ༢༠༡༧ ལོའི་སུད་ཚོང་བུན་གཡར་ལས་གཞི། དམིགས་བསལ་ཐུགས་སྣང་། ས་གནས་ཁྲོམ་རྭ་ཁག་གི་འདེམས་ཐོན་གནང་བའི་བུན་གཡར་བའི་ཐོ་གཞུང་ཕྱི་ལོ་ ༢༠༡༧ ཕྱི་ཟླ་ ༤ ཚེས་ ༣༠ ནང་ཚུད་གནང་རྒྱུ་དང་། ས་གནས་འགོ་འཛིན་གྱི་རྒྱབ་གཉེར་ཕྱི་ཟླ་… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    བྷུན་ཏར་དགེ་འོས་མཐོ་སློབ་ཁང་དུ་བོད་དགེའི་ས་མིག
    ཟླ་བ་ ༤ ཚེས ༡༩ ༢༠༡༧
     
    ༢༠༡༧ ཟླ་ ༤ ཚེས་ ༡༩ རེས་གཟའ་ལྷག་པ། ༄༅། །ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་བྷུན་ཏར་དགེ་འོས་མཐོ་སློབ་ཁང་དུ་མཐོ་སློབ་སློབ་ཕྲུག་རྣམས་ལ་བོད་ཀྱི་སྐད་ཡིག་སློབ་ཁྲིད་གནང་མཁན་དགེ་རྒན་གྱི་ས་མིག་གཅིག་སྟོང་པ་ཡོད་ན། ཆ་རྐྱེན་ཚང་ཞིང་ལས་སྣེར་ཞུགས་བློ་ཡོད་རིགས་རྣམས་ནས་ཤེས་རིག་ལས་ཁུངས་ཀྱི་དྲྭ་ཚིགས་(www.sherig.org)ནས་འགེངས་ཤོག་ཕབ་བཤུས་ཀྱིས་ཞིབ་བཀང་གནང་རྗེས་ལག་ཁྱེར་ཡིག་ཆ་ཁག་གི་ངོ་བཤུས་དང་འཚང་སྙན་གཤམ་གསལ་ཁ་བྱང་ཐོག་ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༢༦ འགྱངས་མེད་འབུལ་དགོས་པ་དང། ཆ་རྐྱེན་ཚང་བའི་སྙན་འབུལ་བ་རྣམས་ཕྱི་ལོ་ ༢༠༡༧ ཟླ་ ༦… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ལས་བྱེད་གསར་འདེམས་གསལ་བསྒྲགས།
    ཟླ་བ་ ༤ ཚེས ༡༨ ༢༠༡༧
     
    ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༡༨ རེས་གཟའ་མིག་དམར། ༄༅། །བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྐབས་བསྟུན་དགོས་མཁོ་གཞི་བཟུང་ཕྱི་དྲིལ་ཁྱབ་ཁོངས་ཀམ་པུ་ཀྲར་སྡེ་ཚན་དུ་དམིགས་བཀར་ལས་བྱེད་ ༣ གཤམ་གསལ་ས་སྟོང་ཡོད་པར་དགོས་ངེས་ཆ་རྐྱེན་ཚང་ཞིང་དོན་དམ་སྲི་ཞུའི་ལས་བྱེད་ཞབས་འདེགས་ཞུ་འདོད་ཡོད་རིགས་ནས་འཚང་སྙན་འབུལ་འཐུས། ཀ དམིགས་བཀར་སྡེ་འགན། ༡༽ ལས་འགན། ཀམ་པུ་ཀྲར་བཟོ་སྒྲིག་ལས་འཛིན་པ། Hardware and Networking… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ཁང་པ་བོགས་གཏོང་གསལ་བསྒྲགས།
    ཟླ་བ་ ༤ ཚེས ༡༨ ༢༠༡༧
     
    ༢༠༡༧ ཟླ་ ༤ ཚེས་ ༡༨ རེས་གཟའ་མིག་དམར། ༄༅། །རྡ་ས་གངས་སྐྱིད་ལས་བྱེད་གསོལ་ཚང་གི་ཉེ་འདབས་སུ་ཡོད་པའི་འོག་ཐོག་ཁང་མིག་རྒྱ་ཁྱོན་ཁྲུ་ ༣༠'x༢༠'x༨་༩' ཅན་གཅིག་དང་། ཐབ་ཚང་རྒྱ་ཁྱོན་ཁྲུ་ ༡༩་༡༡'x༩་༤'x༡༠་༢' ཅན་ཇ་ཁང་ངམ་ཟ་ཁང་ (Cafeteria or Canteen) ཆེད་བོགས་གཏོང་ཞུ་འཆར་ལགས་ན། བོགས་ལེན་འཛུལ་ཞུགས་གཏའ་དངུལ་ཧིན་སྒོར་ ༡,༠༠༠།… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ས་མིག་གསལ་བསྒྲགས།
    ཟླ་བ་ ༤ ཚེས ༡༢ ༢༠༡༧
     
    ༢༠༡༧ ཟླ་ ༤ ཚེས་ ༡༢ རེས་གཟའ་ལྷག་པ། ༄༅། །བོད་མིའི་དང་བླངས་འཕྲོད་བསྟེན་ཚོགས་པའི་ཁྱབ་ཁོངས་སྨན་ཁང་ཁག་གི་ནང་གཤམ་གསལ་ས་སྟོང་ཡོད་ན། རང་རེའི་སྤྱི་ཚོགས་ཁྲོད་དེ་ཐོག་ཞུགས་འདོད་ཡོད་ན་འཚང་སྙན་ཕུལ་སྐབས་ཚང་དགོས་པའི་ཆ་རྐྱེན་གཤམ་གསལ། ལས་འགན། དགོས་ངེས་ཤེས་ཚད་དམའ་མཐར། ལས་མྱོང་། ས་མིག་གྲངས ས་གནས། ཟུར་བརྗོད། གློག་དཔར་བརྟག་དཔྱད་མཁན། X-ray Technician Diploma… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    སྲི་ཞུའི་ལས་བྱེད་ཀྱི་དམིགས་སྒོར་སྔོན་འགྲོའི་འོས་སྦྱོང་གསར་བསྡུའི་གསལ་བསྒྲགས།
    ཟླ་བ་ ༤ ཚེས ༧ ༢༠༡༧
     
    ༢༠༡༧ ཟླ་ ༤ ཚེས་ ༧ རེས་གཟའ་པ་སངས། ༄༅། །དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་ཐོག་པ་རྣམས་དང་གསར་ཞུགས་གནང་མཁན་རྣམས་ལ་ས་རཱ་མཐོ་སློབ་ཏུ་དུས་ཡུན་རིང་ཐུང་འདྲ་མིན་ཐོག་ལས་བྱེད་འོས་སྦྱོང་དང་ཟབ་སྦྱོང་ཕུལ་བ་དག་དངོས་སུ་སྲི་ཞུ་སྒྲུབ་སྐབས་ཕན་ཐོགས་གང་ལེགས་བྱུང་དང་བྱུང་མུས་ཡོད་ཅིང་། སྐབས་ ༡༥ པའི་བཀའ་ཤག་གི་དགོངས་གཞི་དང་བསྟུན་ཏེ་ཨ་རི་ (USAID) ལས་གཞིའི་རོགས་སྐྱོར་འོག་ས་རཱ་མཐོ་སློབ་ཏུ་མ་འོངས་བོད་མིའི་སྒྲིག་འཛུགས་མ་ལག་ནང་སྲི་ཞུའི་ལས་བྱེད་ཀྱི་དམིགས་སྒོར་སྔོན་འགྲོའི་འོས་སྦྱོང་ཐེངས་གཉིས་པ་དེ་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་༣ནས་འགོ་འཛུགས་ཀྱིས་ཟླ་གྲངས་བཅུའི་རིང་གནང་གཏན་འཁེལ་བས་འོས་སྦྱོང་བ་གྲངས་ ༣༠ ཡིག་རྒྱུགས་ཀྱི་ལམ་ནས་གསར་བསྡུ་བྱ་རྒྱུ་ཡིན་ན།… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ༢༠༡༧ གཞུང་འཛིན་སྲིད་བྱུས་སློབ་ཡོན་གསལ་བསྒྲགས།
    ཟླ་བ་ ༤ ཚེས ༧ ༢༠༡༧
     
    ༢༠༡༧ ཟླ་ ༤ ཚེས་ ༧ རེས་གཟའ་པ་སངས། ༄༅། །སློབ་ཡོན་འདིའི་དམིགས་ཡུལ་གཙོ་བོ་ནི་བོད་མིའི་སྒྲིག་འཛུགས་སྲ་བརྟན་དང་རང་རིགས་ན་གཞོན་གང་མང་གཞུང་འཛིན་སྲིད་བྱུས་ཐོག་སློབ་སྦྱོང་གོང་མཐོར་གཏོང་ཐབས་དང་། དེ་ལ་བརྟེན་ནས་བོད་མིའི་སྤྱི་ཚོགས་ནང་འགོ་ཁྲིད་དང་མི་ཆའི་ནུས་ཤུགས་གོང་འཕེལ་གཏོང་རྒྱུ་བཅས་ལ་དམིགས་ཏེ་དམིགས་བསལ་སློབ་ཡོན་གྲངས་ ༡༠ ཡི་གསལ་བསྒྲགས་སུ། ༡། པུ་ནེ་ཨེམ་ཨའི་ཊི་མཐོ་སློབ་ནང་གཙུག་ལག་རབ་འབྱམས་པའི་སློབ་ཡོན། ཀ མཐོ་སློབ་དྲ་རྒྱ། www.mitsog.org ཁ། དུས་ཡུན། ལོ་གཅིག… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ཕྱི་ལོ་ ༢༠༡༧ ལོའི་ཤེས་རིག་མཐོ་སློབ་སློབ་ཡོན་དང་ས་མིག་གསལ་བསྒྲགས།
    ཟླ་བ་ ༤ ཚེས ༣ ༢༠༡༧
     
    ༢༠༡༧ ཟླ་ ༤ ཚེས་ ༣ རེས་གཟའ་ཟླ་བ། ༄༅། །ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་འདི་ཐོབ་ཐང་ཞིག་མིན་པར་རོགས་སྐྱོར་ཚུལ་དུ་སྦྱར་བ་ཞིག་པར་སོང་། དེ་དོན་སློབ་ཕྲུག་སྙན་འབུལ་བ་ཡོངས་ནས་དགོངས་བཞེས་དགོས་པ་ཞིག་ལ་སོ་སོའི་ནང་མི་དཔལ་འབྱོར་གནས་བབས་འགྲིག་ངེས་ཡོད་རིགས་རྣམས་ནས་སློབ་ཡོན་ཞུ་མ་དགོས་པ་གཙོ་འདོན་གནང་ཐབས་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། ཨང་། སློབ་ཚན། ས་མིག་གྲངས། འབྲེལ་ཡོད་མཐོ་སློབ་ཏུ་ཚུད་པར་ཉུང་མཐའི་བརྒྱ་ཆ་དགོས་པ། སློབ་ཡོན་ཐོབ་པར་ཉུང་མཐའ་བརྒྱ་ཆ་དགོས་པ། དང་པོ། ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་ཚན་ཆེད་ཟུར་བཅད་ས་མིག (RESERVED SEATS IN… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ཟླ་དྲུག་ཟབ་ཁྲིད་ཐེངས་བཞི་པའི་སློབ་བསྡུའི་གསལ་བསྒྲགས།
    ཟླ་བ་ ༣ ཚེས ༢༥ ༢༠༡༧
     
    ༢༠༡༧ ཟླ་ ༣ ཚེས་ ༢༥ རེས་གཟའ་སྤེན་པ།  ༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པའི་བཀའ་སློབ་ལམ་སྟོན་གཞིར་བཟུང་ཕྱི་ལོ་ ༢༠༡༤ ནས་བཟུང་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་། ཧོན་སུར་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་གི་གངས་ཅན་རིག་གནས་སློབ་གྲྭ་དང་ཟུང་སྦྲེལ་ཐོག མཐོ་སློབ་སློབ་མཐར་སོན་པའི་བོད་རིགས་སློབ་མ་རྣམས་ལ་བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའི་ཟབ་ཁྲིད་ཅེས་པ་ཟླ་བ་དྲུག་རིང་སྐད་ཡིག་དང་། རིགས་ལམ་མམ་མཚན་ཉིད་དང་། གཞུང་ཆེན་བཀའ་པོད་ལྔའི་སྙིང་བསྡུས་ངོ་སྤྲོད་སློབ་ཁྲིད་བྱ་རྒྱུའི་ལས་རིམ་ཞིག་ལག་བསྟར་བྱེད་མུས་ལྟར། ཟླ་དྲུག་ཟབ་ཁྲིད་ཐེངས་བཞི་པ་དེ་ཡང་དེང་དུས་མཐོ་སློབ་ཐོན་པའི་སློབ་མ་ ༣༠ ལ་དམིགས་ནས་འདི་ལོའི་ཕྱི་ཟླ་ ༧ ཚེས་… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ཨུ་རུ་སུ་སློབ་ཡོན་གསལ་བསྒྲགས།
    ཟླ་བ་ ༣ ཚེས ༢༠ ༢༠༡༧
     
    ༢༠༡༧ ཟླ་ ༣ ཚེས་ ༢༠ རེས་གཟའ་ཟླ་བ། ༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ཨུ་རུ་སུ་གཙུག་ལག་རབ་འབྱམས་པའི་སློབ་ཡོན་གསལ་བསྒྲགས་ཞུ་རྒྱུར། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་པ་གཉིས་ལ་ཨུ་རུ་སུ་ཁལ་མིག་མངའ་སྡེ་དང་། ཐུ་བ་མངའ་སྡེའི་མཐོ་རིམ་སློབ་གྲྭ་གཉིས་ནང་ཨུ་རུ་སུའི་སྐད་ཡིག་གཙོས་པའི་གཙུག་ལག་ལག་རབ་འབྱམས་པའི་སློབ་ཡོན་འབུལ་རྒྱུ་དང་། འདེམས་སྒྲུག་ཟིན་པའི་སློབ་མ་རྣམས་ལ་ཟུར་ཁྲིད་སློབ་སྦྱོང་དང་། བཞུགས་གནས་སོགས་རིན་མེད་འཐོབ་རྒྱུ། དེའི་སྟེང་ཨུ་རུ་སུ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་དམིགས་བསལ་འགན་འཁུར་གྱིས་སྤྱིར་བཏང་འགྲོ་གྲོན་ལ་ཕན་པའི་ཟླ་རེའི་འཚོ་སྣོན་དང་ལམ་གྲོན་ཕྱོགས་གཅིག་གི་མཐུན་འགྱུར་རྒྱབ་སྐྱོར་གནང་རྒྱུ། སློབ་ཚན། • གཙུག་ལག་སློབ་གཉེར་ཁང་སོ་སོའི་སློབ་ཚན་གཏན་འབེབས་ཇི་ཡོད་དང་། ཨ་རུ་སུ་སྐད་ཡིག་རྨང་གཞིའི་ཚུལ་དུ་ངེས་པར་དུ་བླང་དགོས། • ཁལ་མིག་མཐོ་རིམ་སློབ་གྲྭའི་དྲྭ་ཚིགས་ཁ་བྱང་།… རྒྱས་པ་འདིར་གཟིགས་རོགས་གནང་།