[facetwp facet="keyword_filter"]
[facetwp facet="content_types"]
[facetwp facet="categories"]
[facetwp facet="tags"]
[facetwp sort="true"]
  •    གསལ་སྒྲགས།
    ལས་བྱེད་གསར་འདེམས་གསལ་བསྒྲགས།
    ༢༠༡༨ ཟླ་ ༡༡ ཚེས་ ༡༢ རེས་གཟའ་ཟླ་བ། ༄༅། །བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་གི་ལས་བྱེད་ས་མིག་སྟོང་པ་ཐོན་པར་ཁ་སྐོང་ཆེད་གསར་འདེམས་བསྐོ་གཞག་གནང་རྒྱུ་ཡིན་ན། གཤམ་གསལ་ས་མིག་སོ་སོའི་ཆ་རྐྱེན་ཚང་ཞིང་དོན་དམ་སྲི་ཞུའི་ལས་བྱེད་ཞབས་འདེགས་ཞུ་འདོད་ཡོད་རིགས་ནས་འཚང་སྙན་འབུལ་འཐུས། སྡེ་ཚན་དང་པོ། འགན་འཛིན་སྡེ་ཚན་ཁོངས་ཟུང་དྲུང་ ༡ ཆེད་དགོས་ངེས་ཆ་རྐྱེན། ༡༽ ཤེས་མྱོང་། ཚད་ལྡན་མཐོ་སློབ་ཞིག་ནས་ཉེ་བའི་གཙུག་ལག་རབ་འབྱམས་པ་ (B.A/B.Com/B.Sc) གང་རུང་ཐོན་པའམ། དེ་དང་མཉམ་… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ས་མིག་གསལ་བསྒྲགས།
    ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༧ རེས་གཟའ་ལྷག་པ། ༄༅། །བོད་མིའི་དྭང་བླངས་འཕྲོད་བསྟེན་ཚོགས་པའི་ཁྱབ་ཁོངས་སྨན་ཁང་གི་ནང་རྩིས་པའི་ས་སྟོང་ཡོད་ན། རང་རེའི་སྤྱི་ཚོགས་ཁྲོད་ཞུགས་འདོད་ཡོད་མཁན་རྣམས་ནས་འཚང་སྙན་ཕུལ་སྐབས་ཚང་དགོས་པའི་ཆ་རྐྱེན་གཤམ་གསལ། ལས་འགན། དགོས་ངེས་ཤེས་ཚད། ས་མིག ས་གནས། རྩིས་པ། དམའ་མཐར་ B.Com ༡  ཧོན་སུར་ཕན་བདེ་སྨན་ཁང་།… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ལས་བྱེད་ཀྱི་དམིགས་སྒོར་སྔོན་འགྲོའི་འོས་སྦྱོང་གསར་བསྡུའི་གསལ་བསྒྲགས།
    ཟླ་བ་ ༡༡ ཚེས ༡ ༢༠༡༨
     
    ༢༠༡༨ ཟླ་ ༡༡ ཚེས་ ༡ རེས་གཟའ་ཕུར་བུ། ༄༅། །ས་རྭ་མཐོ་སློབ་ཏུ་དུས་ཡུན་རིང་ཐུང་འདྲ་མིན་ཐོག་ལས་བྱེད་འོས་སྦྱོང་དང་ཟབ་སྦྱོང་སྔ་རྗེས་ཕུལ་བའི་ཁོངས་སུ་འཛུལ་བཞུགས་གནང་མཁན་དོ་བདག་རྣམས་ལ་སྲི་ཞུའི་ལས་བྱེད་ཁོངས་ཚུད་མིན་ལ་མ་ལྟོས་པར་དོན་དངོས་ཕན་ཐོགས་གང་ལེགས་བྱུང་ཡོད་ཅིང་། སྐབས་ ༡༥ པའི་བཀའ་ཤག་གི་དགོངས་གཞི་དང་བསྟུན་ཏེ་ཨ་རི་ (USAID) ལས་གཞིའི་རོགས་སྐྱོར་འོག་ས་རྭ་མཐོ་སློབ་ཏུ་མ་འོངས་བོད་མིའི་སྒྲིག་འཛུགས་མ་ལག་དང་བཅས་པའི་ལས་བྱེད་ཀྱི་དམིགས་སྒོར་དུས་ཐུང་ཐེངས་གསུམ་པའི་དུམ་བུ་གཉིས་པ་དེ་ས་རྭ་བོད་ཀྱི་མཐོ་སློབ་ཏུ་ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༡ ནས་འགོ་འཛུགས་ཀྱིས་ཟླ་གྲངས་གསུམ་རིང་དབུས་བོད་མིའི་སྒྲིག་འཛུགས་མ་ལག་དང་བཅས་པའི་འཛིན་སྐྱོང་འགྲོ་སྟངས་སྤྱི་དང་བྱེ་བྲག་གི་ཐོག་འོས་སྦྱོང་ཟབ་འཁྲིད་གནང་གཏན་འཁེལ་བས་འོས་སྦྱོང་བ་གྲངས་… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ཉིན་གླའི་ལས་བྱེད་གསར་འདེམས་གསལ་བསྒྲགས།
    ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༡༡ རེས་གཟའ་ཕུར་བུ། ༄༅། །ཆེས་མཐོའི་ཁྲིམས་ཁང་དུ་ལས་དྲུང་གནས་རིམ་གྱི་ཁྲིམས་དོན་ལས་བྱེད་གཅིག་ཟླ་གྲངས་ ༡༡ རིང་ཉིན་གླ་ཐོག་བསྐོ་གཞག་གནང་འཆར་ཡིན་ན། གཤམ་གསལ་ཆ་རྐྱེན་ཚང་ཡོད་རིགས་ནས་འཚང་སྙན་འབུལ་འཐུས། དགོས་ངེས་ཆ་རྐྱེན། ༡༽ ཚད་ལྡན་མཐོ་སློབ་གང་ཞིག་ནས་ཉུང་མཐར་ཉེ་བའི་ཁྲིམས་ལུགས་རབ་བྱམས་པ་ LLB བསླབ་པ་མཐར་སོན་པ། ༢༽ སྐྱེས་ཚེས་ལག་ཁྱེར་… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་སྩལ་སློབ་ཕྲུག་གསར་འདེམས་གསལ་བསྒྲགས།
    ཟླ་བ་ ༩ ཚེས ༢༥ ༢༠༡༨
     
    ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༢༥ རེས་གཟའ་མིག་དམར། ༄༅། །འདི་ཕྱི་གཉིས་ཀྱི་༸སྐྱབས་གནས་སྤྱ་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་འཛམ་གླིང་ཁྱོན་ཡོངས་ནས་བོད་ཀྱི་ཆོས་དང་རིག་གཞུང་ཉི་ཟླ་བཞིན་དར་ཁྱབ་འགྲོ་མུས་ཀྱི་སྐབས་འདིར། བོད་ཀྱི་ཟློས་གར་ཚོགས་པའི་གནས་བབ་དང་བསྟུན་བོད་ཀྱི་རྩ་ཆེའི་རིག་གཞུང་རྒྱུན་ཁྱོང་དར་སྤེལ་སྔར་ལྷག་འབྱུང་ཐབས་སུ་སྒྱུ་སྩལ་པ་སློབ་ཕྲུག་བུ་གྲངས་ ༡༢ བུ་མོ་ ༡༢ བཅས་སློབ་ཡོན་ཆག་ཡང་ཐོག་གསར་འཛུགས་ཞུ་རྒྱུའི་ཆ་རྐྱེན་གཤམ་གསལ། ཀ༽ འཚང་རྒྱུགས་ཆ་རྐྱེན། ༡༽ བོད་ཀྱི་སྒྱུ་སྩལ་རིག་གཞུང་ལ་དོ་དབྱིངས་ཡོད་པ། ༢༽… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    བདེ་སྲུང་ལས་ཁུངས་ཀྱི་གསལ་བསྒྲགས།
    ཟླ་བ་ ༩ ཚེས ༡༣ ༢༠༡༨
     
    ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༡༣ རེས་གཟའ་ཕུར་བུ། ༄༅། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་དུ་གསུང་ཆོས་བཀའ་དྲིན་བསྩལ་སྐབས་ཆོས་ཞུ་བ་ཡོངས་ལ་གསུང་ཆོས་ཕྱག་འཁྱེར་ཞུ་བདེའི་སླད་དྲ་ཚིགས་ www.dalailamateaching.com ཐོག་ནས་ཐོ་འགོད་བྱ་རྒྱུའི་མཐུན་རྐྱེན་གསར་སྐྲུན་ཞུས་ཡོད་པས་ཚང་མས་ཐུགས་སྣང་ཡོང་བ་ཞུ། རིང་མིན་ཕྱི་ལོ་༢༠༡༨ ཟླ་ ༡༠ ཚེས་ ༣ ནས་ ༦ བར་དད་ལྡན་ཐེ་ལྦན་ཆོས་ཞུ་བས་ཇི་ལྟར་གསོལ་བ་བཏབ་པ་ལྟར་གསུང་ཆོས་ཐོ་འགོད་ཀྱི་དྲ་ཚིགས་ཕྱི་ལོ་ ༢༠༡༨ ཟླ་༩… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ༢༠༡༩ ལོའི་ UWC Horizon Foundation སློབ་ཡོན་གསལ་བསྒྲགས།
    ཟླ་བ་ ༨ ཚེས ༣༡ ༢༠༡༨
     
    ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༣༡ རེས་གཟའ་པ་སངས། ༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་གསལ་བསྒྲགས་ཞུ་རྒྱུར། རྒྱ་གར་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ ༡༧ གྱི་མཐོ་སློབ་ནང་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་ཚད་མཉམ་སློབ་སྦྱོང་ཆེད་ཕྱི་ལོ་ ༢༠༡༩ ལོའི་ UWC Horizon Foundation སློབ་ཡོན་གྱི་གོ་སྐབས་ཡོད་འདུག་ན། ཤེས་རིག་ལས་ཁུངས་ནས་རྒྱ་གར་ནང་རྟེན་གཞི་བྱས་པའི་… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསལ་བསྒྲགས།
    ཟླ་བ་ ༨ ཚེས ༣༡ ༢༠༡༨
     
    ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༣༡ རེས་གཟའ་པ་སངས། ༄༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ་མཆོག་དང་། སྤྱི་འཐུས་རྒྱུན་ལས། ཚོགས་དྲུང་། སྤྱི་འཐུས་ལྷན་ཁང་བཅས་གང་རུང་གི་མཚན་འཁོད་ཞུ་སྙན་ཕུལ་རིགས་རྣམས་འབྲེལ་ཡོད་ཚོགས་དྲུང་ལས་ཁུངས་སུ་མ་འབྱོར་གོང་སྤྱི་ཚོགས་དྲ་ལམ་ཁག་གི་སྟེང་ཁྱབ་བསྒྲགས་སྤེལ་རིགས་ལ་སྤྱི་འཐུས་ལྷན་ཁང་ནས་འགན་འཁུར་ལན་འདེབས་རྩ་བ་ཉིད་ནས་ཞུ་ཐབས་མེད་པའི་ཡོངས་ཁྱབ་གསལ་བསྒྲགས་སུ། བོད་མི་མང་སྤྱི་འཐུས་རྒྱུན་ལས་ནས་ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༣༡ ལ།། རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ས་མིག་གསལ་བསྒྲགས།
    ཟླ་བ་ ༨ ཚེས ༢༩ ༢༠༡༨
     
    ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༢༩ རེས་གཟལ་ལྷག་པ།  ༄༅། །བོད་མིའི་དྭང་བླངས་འཕྲོད་བསྟེན་ཚོགས་པའི་ཁྱབ་ཁོངས་སྦན་ད་ར་སྨན་ཁང་ནང་གཤམ་གསལ་ས་སྟོང་ཡོད་ན། རང་རེའི་སྤྱི་ཚོགས་ཁྲོད་དེ་ཐོག་ཞུགས་འདོད་ཡོད་ན་འཚང་སྙན་ཕུལ་སྐབས་ཚང་དགོས་པའི་ཆ་རྐྱེན་གཤམ་གསལ།   ལས་འགན། དགོས་ངེས་ཤེས་ཚད་དམའ་མཐར། ལས་མྱོང་། ས་མིག ས་གནས། རྩིས་པ། དམའ་མཐར་ B.Com… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ས་མིག་གསལ་བསྒྲགས།
    ཟླ་བ་ ༨ ཚེས ༢༩ ༢༠༡༨
     
    ཕྱི་ལོ་  ༢༠༡༨ ཟླ་ ༨ ཚེས་ ༢༩ རེས་གཟའ་ལྷག་པ།  ༄༅། །བོད་མིའི་དྭང་བླངས་འཕྲོད་བསྟེན་ཚོགས་པ་ཁྱབ་ཁོངས་བདེ་སྐྱིད་གླིང་སྨན་ཁང་དང་། སྦིར་སྨན་ཁང་དུ་ཆོད་གན་སྨན་ཞབས་རེེ་རེའི་ས་མིག་ཡོད་ན། རང་རེའི་སྤྱི་ཚོགས་ཁྲོད་གོང་གསལ་ས་མིག་ཐོག་ཞུགས་འདོད་ཡོད་རིགས་ནས་གཤམ་གསལ་ཆ་རྐྱེན་ཚང་ཐོག་འཚང་སྙན་འབུལ་དགོས། གསལ་བསྒྲགས་ཕབ་ལེན།  དགོས་མཁོའི་ཆ་རྐྱེན་ཁག  ༡༽ སྨན་ཞབས་ General  Nursing or B.Sc… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    རྒྱལ་ཞེན་ལྷག་བསམ་ཅན་ལ་བསྔགས་བརྗོད།
    ཟླ་བ་ ༨ ཚེས ༢༤ ༢༠༡༨
     
    ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༢༤ རེས་གཟའ་པ་སངས། ༄༅། །འདི་གར་ནང་སྲིད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་ཨ་རི་དང་ཁེ་ན་ཌ་ས་གནས་བཅས་སུ་ཕྱི་ལོ་ ༢༠༡༨ ཟླ་ ༦ ཚེས་ ༢༨ ནས་ཟླ་ ༨ ཚེས་ ༤… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ཨིན་ཡིག་སློབ་ཁྲིད་དགེ་རྒན་ས་མིག་གསལ་བསྒྲགས།
    ཟླ་བ་ ༨ ཚེས ༢༢ ༢༠༡༨
     
    ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༢༢ རེས་གཟའ་ལྷག་པ།  ༄༅། །བོད་ཀྱི་ཟློས་གར་ཚོགས་པར་ཨིན་ཡིག་སློབ་ཁྲིད་དགེ་རྒན་ཚད་ལྡན་ཞིག་དགོས་མཁོ་ཡོད་ན། གཤམ་གསལ་ཆ་རྐྱེན་ཚང་ཞིང་ཞུགས་བློ་ཡོད་རིགས་ནས་སྙན་ཞུ་དང་ཡིག་ཆ་རྣམས་སྦྲག་ཐོག་གམ་གློག་འཕྲིན་བརྒྱུད་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་གྱི་མཚན་ཐོག་འབུལ་གནང་ཡོང་བ།  དགོས་ངེས་ཆ་རྐྱེན།  ༡༽ བོད་མིའི་དྭངས་བླང་དཔྱ་དངུལ་ལག་དེབ་ཀྱི་འབུལ་འབབ་གཙང་ཕུལ་ཟིན་པའི་འདྲ་བཤུས། ༢༽ གནས་ཡུལ་རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་འཁྱེར་གྱི་འདྲ་བཤུས།  ༣༽ ཚད་ལྡན་སྨན་ཁང་ནས་འགོ་ནད་རིགས་མེད་པའི་སྨན་པའི་ངོས་སྦྱོར།  ༤༽ ཚོགས་སྡེ་གང་རུང་ནང་ཕྱག་ལས་གནང་མུས་ཡིན་ཚེ་དགག་བྱ་མེད་པའི་ངོས་སྦྱོར། … རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ལས་བྱེད་གསར་འདེམས་གསལ་བསྒྲགས།
    ཟླ་བ་ ༨ ཚེས ༢༢ ༢༠༡༨
     
    ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༢༢ རེས་གཟའ་ལྷག་པ། ༄༅། །བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྐབས་བསྟུན་དགོས་མཁོ་གཞི་བཟུང་སྤྱི་ཁྱབ་རྩིས་ཞིབ་ལས་ཁུངས་ཆེད་གཤམ་གསལ་ས་སྟོང་ཡོད་པར་དགོས་ངེས་ཆ་རྐྱེན་ཚང་ཞིང་དོན་དམ་སྲི་ཞུའི་ལས་བྱེད་དུ་ཞབས་འདེགས་ཞུ་འདོད་ཡོད་རིགས་ནས་འཚང་སྙན་འབུལ་འཐུས། སྤྱི་ཁྱབ་རྩིས་ཞིབ་ལས་ཁུངས་ཆེད་དྲུང་གཞོན་ ༢ དང། སྡེ་འགན་ ༤ ལས་དྲུང་ ༡ བཅས་ལས་བྱེད་གསར་བསྐོ་ ༧ བྱ་རྒྱུའི་དགོས་ངེས་ཆ་རྐྱེན།… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ཚན་རིག་ཟབ་སྦྱོང་གི་གསལ་བསྒྲགས།
    ཟླ་བ་ ༨ ཚེས ༡༦ ༢༠༡༨
     
    ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༡༦ རེས་གཟའ་ཕུར་བུ། ཚན་རིག་ཟབ་སྦྱོང་གི་གསལ་བསྒྲགས། ༄༅། །བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་མཐུན་འགྱུར་ཐོག་དེང་དུས་ཚན་རིག་འཛིིན་གྲྭ་མེད་པའི་ཆོས་སྡེ་ཁག་གི་དགེ་བཙུན་སློབ་གཉེར་བར་དམིགས་ཏེ་དེང་དུས་ཚན་རིག་ཟབ་སྦྱོང་གོ་སྒྲིག་གནང་མུས་རྒྱུན་སྐྱོང་ཐོག་རིང་མིན་དྷ་ས་དབུས་སྣེ་ལེན་ཁང་གི་བསྟི་གནས་སུ་ཟབ་སྦྱོང་ཐེངས་ལྔ་པ་བསྐོང་ཚོགས་གནང་གཏན་འཁེལ་བར། དོན་ཚན་དང་པོ། ཚོགས་ཚེས། ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༣༠ ནས་ཟླ་… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ཆོས་རིག་ལས་ཁུངས་ཀྱི་གསལ་བསྒྲགས།
    ཟླ་བ་ ༨ ཚེས ༡༠ ༢༠༡༨
     
    ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༡༠ རེས་གཟའ་པ་སངས། ༄༅། །མཚུངས་མེད་ས་གནས་འགོ་འཛིན་ལྷན་རྒྱས་མཆོག་ལ།                    … རྒྱས་པ་འདིར་གཟིགས་རོགས་གནང་།