[facetwp facet="keyword_filter"]
[facetwp facet="content_types"]
[facetwp facet="categories"]
[facetwp facet="tags"]
[facetwp sort="true"]
  •    གསལ་སྒྲགས།
    གལ་ཆེའི་གསལ་བསྒྲགས།
    ཟླ་བ་ ༧ ཚེས ༢༢ ༢༠༡༠
     
    ༅༅། ཕྱི་ལོ་ ༢༠༡༠ བོད་རྒྱལ་ཡོངས་མི་མང་ཚོགས་ཆེན་ཐེངས་དང་པོ་དེ་ཕྱི་ཟླ་ ༨ ཚེས་ ༢༦ ནས་ ༣༡ བར་རྒྱ་གར་ལྷོ་ཕྱོགས་ཀར་ཎ་ཊ་ཀ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་སྦེལ་ཀོབ་བོད་མིའི་གཞིས་སྒར་དུ་ཚོགས་གཏན་འཁེལ་ཡོད། འདི་ག་ལས་ཁུངས་ནས་གསལ་བསྒྲགས་སྔོན་སོང་ལྟར་རྒྱ་བལ་འབྲུག་གསུམ་གྱི་ཕྱི་ལ་གནས་སྡོད་བོད་མི་གྲངས་ ༢༥ དང་བླངས་ཁོངས་ཚོགས་འདུར་མཉམ་ཞུགས་ཆོག་ཀྱང་ད་བར་ཐོ་བཀོད་གནང་མཁན་མི་གྲངས་བཅུ་ཙམ་ལས་བྱུང་མེད། དེར་བརྟེན་འདི་ག་ལས་ཁུངས་ནས་སླར་ཡང་གསལ་བསྒྲགས་འཕར་མ་ཞུ་རྒྱུར། དང་བླངས་ཚན་པའི་ཁོངས་ད་དུང་རྒྱ་བལ་འབྲུག་གསུམ་གྱི་ཕྱི་ལ་གནས་སྡོད་བོད་མི་གྲངས་ ༡༥ ཚོགས་འདུར་མཉམ་ཞུགས་ཆོག་པས་བཞུགས་བློ་ཡོད་ཚེ་འདི་ག་ཚོགས་དྲུང་ལས་ཁུངས་སུ་ཕྱི་ལོ་ ༢༠༡༠ ཟླ་… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ཡོངས་ཁྱབ་གསལ་བསྒྲགས།
    ཟླ་བ་ ༧ ཚེས ༡༩ ༢༠༡༠
     
    ༄༅། །བཀའ་དྲུང་ཡིག་ཚང་ནས་ ༢༠༠༨ ཕྱི་ཟླ་ ༡༢ ཚེས་ ༢༦ ཉིན་སྤེལ་བའི་ཡོངས་ཁྱབ་གསལ་བསྒྲགས་སུ་བོད་ཀྱི་རིག་གཞུང་སྲུང་སྐྱོབས་རྒྱུན་འཛིན་དང་དར་སྤེལ་ཆེད་ཉམས་ཞིབ་དང་དཔེ་དེབ་དཔར་སྐྲུན། དཔེ་མཛོད་དང་འགྲེམས་སྟོན་ཁང་གི་ཕྱག་དཔེ་དང་བཅའ་དངོས་ཉོ་སྒྲུབ། བོད་ཀྱི་རིག་གཞུང་དང་འབྲེལ་བའི་རྒྱལ་སྤྱིའི་ཚོགས་འདུ་ཁག་ཏུ་ཕེབས་ཞུགས། ཧི་མ་ལ་ཡའི་རི་རྒྱུད་དུ་བོད་ཀྱི་རིག་གཞུང་སློབ་གཉེར་དང་བདག་གཉེར་ལས་གཞི་ཁག་གི་ཁོངས་སུ་ལས་གཞི་ཚད་ལྡན་ཡོོད་ཚེ་བཙན་བྱོལ་བོད་གཞུང་ནས་མཐུན་རྐྱེན་རོགས་སྐྱོར་ཕྲན་བུ་སྱར་རྒྱུ་ཡིན་ཚུལ་བཀོད་པ་ལ་ཚོགས་སྒེར་སྤྱི་རིགས་ནས་ལས་འཆར་སྙན་ཐོ་བརྒྱ་ལྷག་གནང་འབྱོར་ཡང་། དེ་དག་ཕལ་མོ་ཆེ་ལས་འཆར་ཚད་ལྡན་མེད་པ་དང་། དམིགས་ཡུལ་དང་མ་འཚམས་པ། ཡང་ན་དངུལ་འབོར་ཧ་ཅང་མང་བས་རོགས་སྐྱོོར་གྱི་ཆ་རྐྱེན་ལས་བརྒལ་བ་བཅས་ལ་བརྟེན་ལས་གཞི་རེ་ཟུང་ཙམ་ལས་རོགས་སྐྱོར་ཞུ་ཐུབ་མ་གྱུར་པར་བློ་ཕམ་དང་ཆབས་ཅིག སྙན་ཕུལ་བ་སོ་སོར་ཡིག་འགྲུལ་ཟུར་དུ་མ་དགོས་པར་གསལ་བསྒྲགས་འདིའི་བརྒྱུད་དམིགས་བསལ་བསྐྱར་ཞིབ་ཡིག་ཆུང་འབྱོར་རིགས་མ་གཏོགས་དེའི་འཕྲོས་རོགས་སྐྱོར་འབུལ་ཐབས་མ་གྱུར་བའི་གྲས་སུ་ཡིན་པར་དགོངས་ཆུབ་ཡོད་པ་ཞུ་རྒྱུ་དང་། འབྱུང་འགྱུར་ལས་གཞི་འདིའི་འོག ཀ དཔེ་དེབ་དཔར་སྐྲུན་དང་། ཁ ཉམས་ཞིབ་དང་དཔེ་དེབ་གསར་རྩོམ་ལས་གཞི། ག བོད་ཀྱི་རིག་གནས་དང་འབྲེལ་བའི་རྒྱལ་སྤྱིའི་ཚོགས་འདུ་ཁག་ཏུ་ཕེབས་ཞུགས་བཅས་ཀྱི་རོགས་སྐྱོར་ཞུ་ཕྱོགས་ཀྱི་ལམ་སྟོན་ཡོད་པ་གཞིར་བཟུང་རེ་འདུན་གནང་མཁན་བྱུང་ན་ལམ་སྟོན་དང་མཐུན་པའི་རིགས་འཕྲལ་རོགས་སྐྱོར་ཐུབ་མིན་ལན་གསལ་ཡོང་རྒྱུ་དང་། ལམ་སྟོན་དང་མི་མཐུན་པའི་རིགས་ངོས་ལེན་ཞུ་རྒྱུ་མིན་ཞིང་། ཨར་ལས་དང་འཛིན་ཆས་། ལས་བྱེད་གླ་ཕོགས། དུས་དེབ། གསར་ཤོག སྙན་རྩོམ་ཕྱོགས་བསྡུས་ཀྱི་དཔེ་དེབ་དཔར་སྐྲུན་རིགས་ལས་གཞི་འདིའི་ཁོངས་སུ་རོགས་སྐྱོར་འབུལ་རྒྱུའི་ཆ་རྐྱེན་མེད་པ་དགོངས་འཇགས་ཞུ། བཀའ་དྲུང་ཡིག་ཚང་ནས་ ༢༠༡༠ ཕྱི་ཟླ་ ༧ ཚེས་ ༡༧ ལ་ཕུལ།། །། རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ཕྱི་ལོ་ ༢༠༡༡ ལོའི་ཨ་རིའི་བོད་མིའི་སློབ་ཡོན་ལས་གཞིའི་གསལ་བསྒྲགས་འཕར་མ།
    ཟླ་བ་ ༧ ཚེས ༡༦ ༢༠༡༠
     
    ༄༅།། ཨ་རིའི་བོད་མིའི་སློབ་ཡོན་ལས་གཞིའི་ (Tibetan Scholarship Program) ཁོངས་ཕྱི་ལོ་ ༢༠༡༡ ལོར་བསྐྱོད་མཁན་གྱི་སློབ་མ་འདེམས་སྒྲུག་གིས་མཐའ་མའི་ངག་རྒྱུགས་ནང་འགྲོ་རྒྱུའི་ཆ་རྐྱེན་ལོང་པ་ ༡༣ ལས་མ་བྱུང་སྟབས། འཕྲོས་སློབ་ཡོན་འཕྲོ་བརླག་ཏུ་མི་འགྲོ་ཞིང་། ཁ་སྐོང་སློབ་མའི་ཆེད་གསལ་བསྒྲགས་བསྐྱར་མ་འདི་གཏོང་གི་ཡོད་པས། གཤམ་གསལ་གནད་དོན་ཁག་གཞིར་བཟུང་འཚང་སྙན་འབུལ་བ་དང་། དམིགས་བསལ་ཐུགས་སྣང་དགོས་པ། ཞེས་པའི་འོག་གི་ཨང་ ༡༧ པར་གསལ་བའི་ཚེས་ཆ་ ༢༠༡༠ ཟླ་… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    སྤྱི་ཁྱབ་འོས་བསྡུ་ལས་ཁང་གི་གསལ་བསྒྲགས།
    ཟླ་བ་ ༦ ཚེས ༢༩ ༢༠༡༠
     
    ༄༅།། འོས་བསྡུ་ཆེན་མོའི་སྔོན་འགྲོ་དང་དངོས་གཞིའི་ཐོག་གལ་ཆེན་གསར་འགོད་གསལ་བསྒྲགས། ༡༽ བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོའི་ལས་རིམ་གཏན་འབེབས་ཟིན་པར་སྤྱི་འཐུས་སྐབས་ ༡༥ པ་རྣམས་དང་། བཀའ་བློན་ཁྲི་པ་སྐབས་ ༣ པའི་སྔོན་འགྲོའི་འོས་བསྡུ་ ༢༠༡༠ ཟླ་ ༡༠ པའི་ཚེས་ ༣ དང་། དངོས་གཞི་ ༢༠༡༡ ཟླ་ ༣ པའི་ཚེས་ ༢༠ བཅས་དུས་ཚོད་མཉམ་དུ་བྱ་རྒྱུ་གཏན་འབེབས་ཟིན་པར་མི་མང་ནས་འཐུས་ངེས་རྒྱབ་སྐྱོར་བྱེད་མཁན་དང་། མ་འགྲིག་པའི་བསམ་འཆར་འདོད་མཁན་ཡོང་རྒྱུ་ང་ཚོས་སྔོན་ནས་ཚོད་དཔག་བྱས་ཡོད། སྒྲིག་གཞིའི་དགོངས་དོན་འོས་འཕེན་པའི་ཆ་རྐྱེན་ཚང་བ་སྔོན་འགྲོ་དང་དངོས་གཞིའི་དུས་ཚོད་ལ་སྐྱོན་བརྗོད་གནང་མཁན་ཚོས་གསལ་བསྒྲགས་འདིར་ངེས་པར་དུ་ཐུགས་གནང་ཡོང་རྒྱུ། ༢༽ སྔོན་འགྲོ་དང་དངོས་གཞིའི་གོང་གསལ་དུས་ཚོད་སོ་སོར་གཏན་འབེབས་མ་བྱས་གོང་ང་ཚོས་རྒྱུ་མཚན་མང་པོའི་ཐོག་བསམ་བཏང་དཔྱད་ཞིབ་བྱས་ཏེ་སྒྲིག་གཞིའི་དགོངས་དོན་འོས་འཕེན་པའི་ཆ་རྐྱེན་ཚང་བའི་མི་མང་དགུན་ཚོང་དུ་འགྲོ་མཁན་རྣམས་དང་མཐོ་སློབ་ཁག་ལ་སྔོན་འགྲོའི་འོས་ཤོག་བླུག་རྒྱུའི་དཀའ་ངལ་མི་འཕྲད་པ་གཙོ་བཟུང་བྱས་ཡོད། འོས་ཤོག་བླུག་འདོད་ཡོད་པའི་གང་ཟག་རང་ཉིད་གཏན་སྡོད་བྱ་ཡུལ་གཞིས་ཆགས་སམ་རང་འཚོ་གང་ཡིན་པ་དེ་ནས་དགུན་ཚོང་དུ་མ་ཐོན་གོང་ས་གནས་དེར་ཡོད་གཞུང་འབྲེལ་ས་གནས་འོས་བསྡུ་ལས་ཁང་དུ་སོ་སོའི་མིང་གཞུང་དེབ་འགོད་བྱ་དགོས་པ་དང་། མིང་གཞུང་དེབ་འགོད་བྱས་པའི་ཨང་གྲངས་གང་ཡིན་པ་སོ་སོའི་དཔྱ་ཁྲལ་ལག་དེབ་ཐོག་འཁོད་དགོས་པ། དེ་བཞིན་ས་གནས་འོས་བསྡུ་ལས་ཁང་གི་ཐམ་ཁ་དང་ས་གནས་འོས་བསྡུའི་འགན་འཛིན་གྱི་མིང་རྟགས་བཅས་ངེས་པར་དུ་ལག་དེབ་ཐོག་འཁོད་དགོས། དོན་ཚན་འདི་གསུམ་འཁོད་པའི་རང་ཉིད་ཀྱི་དཔྱ་ཁྲལ་ལག་དེབ་དེ་བཞིན་སོ་སོ་དགུན་ཚོང་དང་མཐོ་སློབ་ཏུ་འགྲོ་སྐབས་ངེས་པར་དུ་མཉམ་ཁྱེར་དགོས་པ། དགུན་ཚོང་དང་མཐོ་སློབ་ཏུ་འགྲོ་ས་དེར་འོས་འཕེན་པའི་ཆ་རྐྱེན་ཚང་བའི་བོད་མི་ ༥༠ ལས་མང་བ་ཡོད་ན་ས་གནས་དེར་སྔོན་འགྲོའི་འོས་ཤོག་བླུག་ཆོག་པའི་འཕྲལ་སེལ་མཐུན་རྐྱེན་སྤྱི་ཁྱབ་འོས་བསྡུ་ལས་ཁང་ནས་བཀོད་སྒྲིག་བྱ་འཐུས། ༣༽ བོད་མི་དགུན་ཚོང་དང་མཐོ་སློབ་ཏུ་འདུ་འཛོམས་ཆེ་སར་འོས་འདེམས་བྱས་པའི་སྒྲིག་འཛུགས་དང་རྒྱུན་ལས་ཡོད་པར་འོས་ཤོག་བླུག་འདོད་ཡོད་ལ་འོས་འཕེན་པའི་ཆ་རྐྱེན་ཚང་བའི་བོད་མི་རྣམས་ནས་ས་གནས་སོ་སོའི་སྒྲིག་འཛུགས་ཀྱི་ཚོགས་གཙོར་འབྲེལ་བ་བྱས་ཏེ་སོ་སོའི་ཁྱབ་ཁོངས་སུ་སྔོན་འགྲོའི་འོས་ཤོག་བླུག་འདོད་ཡོད་པའི་བོད་མི་རྣམས་ཀྱི་མིང་ཐོ་སྤྱི་ཁྱབ་འོས་བསྡུ་ལས་ཁང་དུ་ ༢༠༡༠ ཟླ་ ༩ ཚེས་༡ ནས་མ་འགྱངས་པ་འབུལ་གཏོང་དགོས་པ་འགྲེལ་བརྗོད་བྱ་དགོས། འདི་ནས་ཀྱང་ཁུངས་སོ་སོར་འབྲེལ་བ་བྱ་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡིན། ༤༽ ས་གནས་སོ་སོ་ནས་མིང་ཐོ་འབྱོར་རིམ་ལ་གཞིགས་པའི་སྔོན་འགྲོའི་འོས་ཤོག་དང་མི་འགྲོ་ཆེད་གཏོང་བྱས་ཏེ་འོས་འཕེན་པའི་ཆ་རྐྱེན་ཚང་བ་རྣམས་ལ་སྔོན་འགྲོའི་འོས་ཤོག་བླུག་ཆོག་པ་བཀོད་སྒྲིག་བྱ་འཐུས། དངོས་གཞིའི་འོས་བསྡུ་དེ་བཞིན་ ༢༠༡༡ གི་ལོ་གསར་རྗེས་བདུན་གཉིས་ཙམ་གྱི་རྗེས་ཡིན་པར་སོ་སོ་གཏན་སྡོད་བྱེད་ས་དེར་དངོས་གཞིའི་འོས་ཤོག་བླུག་རྒྱུར་དཀའ་ངལ་མི་འཕྲད། ༥༽ སྔོན་འགྲོའི་འོས་བསྡུ་གོང་གསལ་དུས་ཚོད་གཏན་འབེབས་བྱས་པའི་དུས་ཚོད་ནང་སོ་སོའི་མིང་གཞུང་དེབ་འགོད་བྱ་མ་ཐུབ་མཁན་རྣམས་སྔོན་འགྲོའི་འོས་ཤོག་བླུག་རྒྱུའི་གོ་སྐབས་བྱུང་མེད་ཀྱང་སྒྲིག་གཞིའི་དགོངས་དོན་འོས་འཕེན་པའི་ཆ་རྐྱེན་ཚང་བ་རྣམས་ལ་དངོས་གཞི་འོས་བསྡུ་ཉིན་དེབ་འགོད་དང་འོས་ཤོག་བླུག་རྒྱུའི་གོ་སྐབས་ཆབས་ཅིག་ཏུ་ཐོབ་རྒྱུ་སྤྱི་འཐུས་ལྷན་ཚོགས་སུ་ཞུས་ཟིན་པར་དགོངས་བཞེས་ཆོག་མཆན་ཐོབ་རེ་ཡོད། ༦༽ སྤྱི་ཁྱབ་འོས་བསྡུ་ལས་ཁང་ནས་དེབ་འགོད་བྱེད་ཕྱོགས་སྐོར་ས་གནས་འོས་བསྡུ་འགན་འཛིན་སོ་སོར་ཕྱི་ལོ་ ༢༠༡༠ ཟླ་ ༥ པའི་ཚེས་ ༡༥ དང་། ཟླ་ ༦ པའི་ཚེས་ ༤ དང་། ཚེས་ ༡༡ ཚེས་ ༢༡ བཅས་ལ་བཀའ་ཁྱབ་བཏང་ཟིན་པར་སླར་ཡང་གསལ་བཤད་བྱ་རྒྱུ་ཞིག་ལ། ས་གནས་ཁག་སོ་སོ་ནས་དེབ་འགོད་བྱ་ཕྱོགས་ཐོག་དཀའ་ངལ་འཕྲད་བཞིན་པའི་གནས་ཚུལ་ཁ་ཤས་སྤྱི་ཁྱབ་འོས་བསྡུ་ལས་ཁང་ལ་རིམ་པར་འབྱོར་བ་ན། ས་གནས་འོས་བསྡུ་འགན་འཛིན་སོ་སོ་ནས་དེབ་འགོད་བྱ་རྒྱུ་དེ་བཞིན་གལ་ཆེན་ཡིན་པར་བརྩི་འཇོག་གིས་དེབ་འགོད་བྱ་རྒྱུ་དེ་འོས་བསྡུའི་སྒྲིག་གཞི་ནང་གསལ་ལྟར་ངེས་པར་དུ་ལག་ལེན་བསྟར་དགོས་པ་འོས་བསྡུ་ཆེན་མོ་འདི་བཞིན་གཞིས་བྱེས་བོད་མིའི་རྩ་དོན་དམིགས་ཡུལ་སྒྲུབ་ཐབས་ཀྱི་ལས་འགུལ་གལ་གནད་ཆེ་གྲས་ཤིག་ཡིན་པ་ཚང་མས་མཁྱེན་གསལ་ཡིན་སྟབས་རྒྱ་ཆེ་མང་ཚོགས་ངོས་ནས་དྲང་པོ་དང་། རང་དབང་། གསང་བ་བཅས་ཀྱི་ཐོག་ནས་འོས་འཕེན་པའི་ལས་འགན་འཐུས་ཚང་འགྲུབ་ཐུབ་པ་ངེས་པར་དགོས་གལ་ཆེ་བ་དགོངས་འཇགས་ཞུ། སྤྱི་ཁྱབ་འོས་བསྡུ་ལས་ཁང་ནས་ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༢༩ ལ། རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་གསལ་བསྒྲགས།
    ཟླ་བ་ ༦ ཚེས ༢༨ ༢༠༡༠
     
    ༄༅། །བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་དྲྭ་བརྙན་ཚན་པ་ནས་འདས་པའི་དུས་ཡུན་ཟླ་དྲུག་ལྷག་ཙམ་རིང་བཞུགས་སྒར་རྡ་རམ་ས་ལའི་ཉེ་འཁོར་དུ་བཞུགས་བཞིན་པའི་རང་རིགས་མང་ཚོགས་ལ་གཙོ་ཆེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གསང་གསུམ་གྱི་མཛད་འཕྲིན་སྐོར་དང་། དེ་བཞིན་བོད་ཀྱི་ཆོས་དང་རིག་གཞུང་། ཆབ་སྲིད་བཅས་ཀྱི་སྐོར་བརྙན་འཕྲིན་བརྒྱུད་ལམ་ནས་རྒྱང་སྲིང་ཞུ་བཞིན་པ་འདིས་མང་ཚོགས་ཀྱི་ཤེས་བྱའི་གོ་རྟོགས་གོང་འཕེལ་གཏོང་རྒྱུར་ཕན་ཐོགས་ཅི་ཆེ་ཡོང་བཞིན་པར་སོོང་། སླད་མར་རྒྱང་སྲིང་ཞུ་ཡུལ་གྱི་རྒྱ་ཁྱོན་རྡ་ས་ཙམ་མིན་པར་ས་གནས་གཞན་ཁག་ཏུའང་རྒྱ་སྐྱེད་གཏོང་འཆར་ཡོད་པས་སྐུ་ཚབ་དོན་གཅོད་དང་ས་གནས་འགོ་འཛིན་རྣམ་པ། དེ་བཞིན་ཁྱེད་རྣམས་ཀྱི་ཁྱབ་ཁོངས་ཆོས་ཚོགས་དང་སློབ་གྲྭ་ཁག ཕྱོགས་མཚུངས་མི་སྒེར་པ་སོགས་ལ་༸གོང་ས་མཆོག་གི་ཆིབས་སྒྱུར་གྱི་མཛད་འཕྲིན་བསྐྱངས་སྐོར་དང་། དེ་མིན་བོད་ཀྱི་ཆོས་དང་རིག་གཞུང་། ཁོར་ཡུག འགྲོ་བ་མིའི་ཐོབ་ཐང་དང་སློབ་གསོའི་སྐོར་སོགས་བརྙན་འཕྲིན་གྱི་རྒྱུ་ཆ་གང་ཡོད་བོད་གཞུང་ཕྱི་དྲིལ་ལས་ཁུངས་སུ་ངེས་པར་གཏོང་ཐབས་ཡོང་བ་ཞུ་རྒྱུ་དང་། བརྙན་འཕྲིན་གྱི་རྒྱུ་ཆ་སྦྲག་བརྒྱུད་གཏོང་གླ་སོགས་ཇི་གནད་འདི་ནས་ངེས་པར་ཕྱིར་འབུལ་ཞུ་འཐུས་ཆོག་པ་བཅས་འདི་སྐོར་ཡོངས་ཁྱབ་གསལ་བསྒྲགས་མཐིལ་ཕྱིན་གནང་སྐྱོང་ཡོང་བ་དེ་དོན་དགོངས་འཇགས་ཞུ། བོད་གཞུང་ཕྱི་དྲིལ་ལས་ཁུངས་ནས་ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༢༨ ཉིན། ། རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    གསལ་བསྒྲགས།
    ཟླ་བ་ ༦ ཚེས ༢༧ ༢༠༡༠
     
    ༄༅། །མཁྱེན་ལྡན་གསར་ཤོག་གཟིགས་པ་པོ་རྣམས་ཀྱི་སྙན་ལམ་དུ། ཆེད་ཞུ། དེ་སྔ་གསར་ཤོག་རྒྱུན་མངགས་ཀྱི་རིན་འབབ་ Cheque འམ་ Draft Department of Information and International Relations, Dharamsala མཚན་ཐོག་གནང་བཞིན་ཡོད་ཀྱང་། ཕྱི་ལོ་ ༢༠༡༠ ཟླ་ ༧… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    བོད་གཞུང་ཤེས་རིག་དཔར་ཁང་ནས་དམིགས་བསལ་དཔེ་དེབ་ཆག་ཡང་གསལ་བསྒྲགས།
    ཟླ་བ་ ༦ ཚེས ༢༥ ༢༠༡༠
     
    ༄༅། །ལྷར་བཅས་སྲིད་ཞིའི་གཙུག་རྒྱན་གངས་ལྗོངས་སྐྱེ་འགྲོ་ཡོངས་ཀྱི་ཕན་བདེའི་སྲོག་རྩ་༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་དགུང་གྲངས་ ༧༥ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་བོད་གཞུང་ཤེས་དཔར་འགོ་ལས་ཡོངས་ནས། མཚུངས་པ་མེད་པའི་མགོན་པོ་གང་ཉིད། འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱི་མགོན་དང་དཔུང་གཉེན་དམ་པར་མགོན་པོ་ཚེ་མཐའ་ཡས་པའི་ངོ་བོར་སྐུ་ཚེ་༸ཞབས་པད་མཆོག་ཏུ་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་མྱུར་དུ་འགྲུབ་པ་དང་། བོད་གཞིས་བྱེས་མཉམ་འཛོམས་ཀྱི་ཉིན་མོར་མྱུར་དུ་བསུས་ཏེ་རང་དབང་བདེ་སྐྱིད་ཀྱི་དཔལ་ཡོན་ལ་ལོངས་སྤྱོད་པའི་སྨོན་འདུན་དང་བཅས་པའི་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ། དེ་དང་ཆབས་ཅིག་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་ཕྱི་ལོ་ ༢༠༡༠།༧།༦ ནས། ཕྱི་ལོ་ ༢༠༡༠།༩།༣༠ བར། བོད་གཞུང་ཤེས་དཔར་དཔེ་དེབ་ཁག་དམིགས་བསལ་ཆག་ཡང་ཐོག་སྤས་ཚོང་ཞུ་རྒྱུ་གཤམ་གསལ། ཀ༽ ཤེས་དཔར་དཀར་ཆག་སྡེ་ཚན་ཏ་དང་ཐ ལ་བརྒྱ་ཆ་ ༦། ཁ༽ ཤེས་དཔར་དཀར་ཆག་སྡེ་ཚན་ཉ བརྒྱ་ཆ་ ༡༠། ག༽ དེ་བྱིངས་ཤེས་དཔར་དཀར་ཆག་སྡེ་ཚན་ཁག་ལ་བརྒྱ་ཆ་ ༡༥། གོང་གསལ་དམིགས་བསལ་ཆག་ཡང་ཐོབ་ཁུངས་ཞལ་བྱང་གཤམ་གསལ། Tibetan Cultural & Religious Publication Centre R-27,Ramesh Park,Laxmi Nagar,Delhi:-110092 Telefax:0091-11-22455634,Tel;22453672,Director;22013260(R)… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    གཞི་རིམ་འོག་མའི་དགེ་རྒན་འོས་སྦྱོང་གི་འཚང་སྙན་འབུལ་དུས་ཕར་འགྱང་གསལ་བསྒྲགས།
    ཟླ་བ་ ༦ ཚེས ༢༠ ༢༠༡༠
     
    ༄༅། །བོད་གཞུང་ཤེས་རིག་ལས་ཁུངས་ནས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་དང་མཐུན་པའི་གཞི་རིམ་འོག་མའི་དགེ་རྒན་འོས་སྦྱོང་ (PRT) ཞིག་ཕྱི་ལོ་ ༢༠༡༠ ཟླ ༩ ཚེས་ ༡ ནས་ ༢༠༡༢ ཟླ་ ༣ ཚེས་ ༣༠ བར་རྡ་རམ་ས་ལའི་ཉེ་འདབས་ས་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་གོ་སྒྲིག་ཞུ་རྒྱུ་ཡིན། འོས་སྦྱོང་བཞུགས་བློ་ཡོད་རིགས་རྣམས་ནས་འཚང་སྙན་ཞུ་འབུལ་ཚེས་ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༥ བར་ཕར་འགྱང་ཞུས་པ་ཡིན་པས་གཤམ་གསལ་ཁ་བྱང་ཐོག་དགོས་ངེས་ཡིག་ཆ་ཁག་དང་བཅས་སྙན་ཞུ་འབུལ་དགོས་ཤིང་། དུས་བཀག་རྗེས་སུ་འབྱོར་བའི་སྙན་ཞུ་རྣམས་རང་བཞིན་གྱིས་རྩིས་མེད་གཏོང་རྒྱུ་ཡིན། དགོས་ངེས་ཆ་རྐྱེན། 1༽ ཉུང་མཐའི་ཤེས་ཚད་ཉེ་བའི་གཙུག་ལག་རབ་འབྱམས་པ་(B.A/B.Com/B.Sc.)ཡང་ན་གཞི་རིམ་སློབ་གྲྭའི་འཛིན་རིམ་བཅུ་གཉིས་ཐོན་རྗེས་ཤེས་རིག་ལས་ཁུངས་ནས་ངོས་འཛིན་ཡོད་པའི་མཐོ་རིམ་རིག་གནས་རབ་འབྱམས་པའི་ལག་འཁྱེར་ཕྱོགས་བསྡོམས་བརྒྱ་ཆ་ ༥༠ ཡན་ལོན་པའི་ངོ་བཤུས། ༢༽ གཞི་རིམ་སློབ་གྲྭའི་འཛིན་རིམ་བཅུ་པ་དང་བཅུ་གཉིས། སློབ་ཐོན་ལག་འཁྱེར་དང་བརྒྱ་ཆའི་ཨང་ཤོག་བཅས་ཀྱི་ངོ་བཤུས། ༣༽ གཟུགས་ཐང་ལས་འཕེར་ཡིན་པར་སྨན་པའི་ངོས་སྦྱོར་ངོ་མ། ༤༽ འབུལ་འབབ་གཙང་འབུལ་ཟིན་པའི་དཔྱ་ཁྲལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང་མཐའ་མའི་ངོ་བཤུས། ༥༽ གནས་ཡུལ་རྒྱལ་ཁབ་ཏུ་ཁྲིམས་མཐུན་གནས་སྡོད་ཆོག་པའི་ལག་འཁྱེར། (R.C) ཤོག་གྲངས་དང་པོ་དང་མཐའ་མའི་ངོ་བཤུས། 6༽ ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༥ ལ་རང་ལོ་ཉི་ཤུ་རྩ་བདུན་མ་བརྒལ་བ་དགོས་རྒྱུ། ཐུགས་སྣང་དགོས་པ། ༡༽… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་ ༢༠༡༠
    ཟླ་བ་ ༦ ཚེས ༡༨ ༢༠༡༠
     
    ༄༅། བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་ ༢༠༡༠ རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་ ༢༠༡༠ ཟླ་ ༨ ཚེས་ ༢༦ ནས་ཚེས་ ༣༡ བར་ཚོགས་གཏན་འཁེལ་བའི་རྒྱ་ཁྱབ་གསལ་བསྒྲགས་དང་། ཚོགས་མི་ཡོང་ཁུངས་སོ་སོ་བཅས་ལ་ཚོགས་བརྡ་སྔོན་སོང་ལྟར་བློ་མངའ་ཡོད་པ་དེ་ལྟར་དང་། ཚོགས་འདུ་གྲུབ་རྗེས་མང་གཙོ་དབུ་བརྙེས་ཏེ་མི་ལོ་ ༥༠ འཁོར་བའི་དུས་དྲན་སྲུང་རྩིའི་ལས་རིམ་གྱི་ཐོག་མར་ཕྱི་ལོ་ ༢༠༡༠ ཟླ་ ༩… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ཚོགས་དྲུང་ལས་ཁུངས་ཀྱི་གསལ་བསྒྲགས།
    ཟླ་བ་ ༦ ཚེས ༡༧ ༢༠༡༠
     
    ༄༅། །བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་ ༢༠༡༠ ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་ཕྱི་ལོ་ ༢༠༡༠ ཕྱི་ཟླ་ ༨ ཚེས་ ༢༦ ནས་ཚེས་ ༣༡ བར་ཚོགས་གཏན་འཁེལ་ཡོད་པ་བཞིན་ཚོགས་བཅར་བའི་འབྱོར་ཐོ་འགོད་ཕྱོགས་ཐད་ ༢༠༡༠ ཕྱི་ཟླ་ ༨ ཚེས་ ༢༤ དང་ཚེས་ ༢༥ གཉིས་སུ་སྔ་དྲོ་ཚོུད་ ༩ ནས་དགོང་དྲོ་ཚོུད་ ༥ བར་སྦེལ་ཀོབ་མཉམ་སྦྲེལ་མགྲོན་ཁང་དུ་ཚོགས་ཆེན་གྱི་ཚོགས་དྲུང་ལས་ཁུངས་སུ་འགོད་དགོས་པས་དེ་དོན་དགོངས་འཇགས་ཞུ། ཚོགས་དྲུང་ལས་ཁུངས་ནས་ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༡༧ ཉིན།། རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    གཞུང་དངུལ་སྒེར་ཟས་བྱེད་པོའི་གསལ་བསྒྲགས།
    ཟླ་བ་ ༦ ཚེས ༡༥ ༢༠༡༠
     
    ༄༅། །ཕྱི་ལོ་ ༡༩༩༡ ལོ་ནས་རྒྱ་བལ་འབྲུག་གསུམ་གྱི་བོད་མི་ཆིག་སྟོང་ཐམ་པ་ཨ་རིར་གཞུང་འབྲེལ་གཞིས་བསྐྱོད་སྐབས་བོད་གཞུང་དཔལ་འབྱོར་ལས་ཁུངས་ནས་གནམ་གྲུའི་གླ་ཆ་དང་ཐོངས་མཆན་དོད་བཅས་འབྱོར་མེད་ཚོའི་བདེ་རྩར་དགོངས་བཞེས་ཀྱིས་བུན་གཡར་གནང་ཁོངས་ནས། ༡༽ སྦན་རྡ་ར་གཞིས་ཁོངས་བཀྲིས་ཕུན་ཚོགས། ཕ་མིང་བསྟན་འཛིན་རྣམ་དག ཁག་ཐེག དར་རྒྱས་དང་ཉི་མ། གཞིས་ཀེམ་༢།༤༢ PRATAPGARH,BHANDARA ཨ་རིར་སྡོད་ཡུལ་མི་ནི་སོ་ཀྲ། MINNESOTA ནས་ཕྱི་ལོ་ ༢༠༠༨།༧།༣༡། བར་ལམ་གྲོན་བུན་གཡར་མ་སྐྱེད་བསྡོམས་སྒོར་ ༡༤༩༩༥༥།༦༨ དང་། ༢༽… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    བོད་གཞུང་ཆོས་རིག་ལས་ཁུངས་ཀྱི་གསལ་བསྒྲགས།
    ཟླ་བ་ ༦ ཚེས ༡༤ ༢༠༡༠
     
    ༄༅། །ཀུན་གྱིས་མཁྱེན་གསལ་ལྟར། འདས་ལོ་བཅུ་ཕྲག་ལྔ་ལྷག་རིང་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གིས་དབུས་བོད་བརྒྱུད་ནང་བསྟན་རིས་མེད་བླ་ཆེན་རྣམ་པས་མཚོན་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་ཀྱི་རླབས་ཆེན་གྱི་མཛད་འཕྲིན་ལ་བརྟེན་འཛམ་གླིང་ཤར་ནུབ་ཀུན་ཏུ་ནང་བསྟན་དར་ཁྱབ་རླབས་ཆེན་བྱུང་བ་དང་། ལྷག་པར་རྒྱ་གར་ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་སྲོལ་རྒྱུན་ནང་པ་རྣམས་དང་རྒྱ་ཐང་གི་ནང་པའི་སྤྱི་ཚོགས་གསར་པ་རྣམས་ཀྱི་ཁྲོད་དུའང་ནང་ཆོས་སློབ་གཉེར་གྱི་འདུན་པ་ཇེ་ཆེར་སོང་སྟེ་དེང་སྐབས་བཙན་བྱོལ་བོད་མིའི་ཆོས་སྡེ་དང་སློབ་གྲྭ་ཁག་ཏུ་གྲྭ་བཙུན་སློབ་གཉེར་བ་ཕོན་ཆེ་ཡོང་བཞིན་པ་སོགས་ཕྱི་ནང་གི་རྒྱུ་རྐྱེན་དུ་མ་ལ་བརྟེན་ནས་བོད་ཀྱི་སྐད་ཡིག་མི་ཤེས་པའི་རྒྱ་གར་ཁྱིམ་པ་ཕོ་མོ་མང་པོས་ཀྱང་ནང་ཆོས་སློབ་གཉེར་བྱེད་འདོད་ཡོད་མཁན་ཇེ་མང་སོང་བར་བརྟེན། རྒྱ་གར་གྱི་གཙུག་ལག་སློབ་ཁང་ཁག་ཏུ་ནང་པའི་སློབ་སྡེ་སྔར་ཡོད་ཡར་རྒྱས་དང་། གསར་འཛུགས་གནང་མཁན་ཇེ་མང་དུ་འགྲོ་བཞིན་པ་མ་ཟད། ཉེ་ཆར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨོ་རི་ས་དང་། གུ་ཇ་རཏ་མངའ་སྡེ་སོ་སོར་༸ཞབས་སོར་འཁོད་སྐབས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དབུས་ཆེས་མཐོའི་དབུ་ཁྲིད་དང་གཞུང་ཞབས་རྣམ་པས་མངའ་སྡེ་དེ་གཉིས་ཀྱི་ནང་གནའ་དུས་ནང་པའི་གཙུག་ལག་ཁང་དང་། བཤད་སྒྲུབ་ཀྱི་བསྟི་གནས་མང་པོ་ཡོད་པ་ད་ཆ་ས་འོག་ནས་གནའ་རྫས་སྔོག་འདོན་སྐབས་ཇེ་མང་འཐོན་བཞིན་པ་བཅས་ལ་བརྟེན་མངའ་སྡེ་དེ་གཉིས་ཀྱི་ནང་དུའང་གཙུག་ལག་སློབ་ཁང་ཁག་ཏུ་ནང་པའི་ལྟ་གྲུབ་དང་རིག་གཞུང་སློབ་གཉེར་གཞི་རྒྱ་ཆེ་རུ་གཏོང་རྒྱུའི་འཆར་གཞི་ངེས་ཅན་ཡོད་པ་དང་། བི་ཧར་མངའ་སྡེའི་རྒྱལ་ས་པཊ་ནཱར་སངས་རྒྱས་རྗེས་དྲན་གྱི་མཆོད་སྡོང་གསར་བཞེངས་དང་མཉམ་ནང་པའི་ལྟ་གྲུབ་དང་རིག་གཞུང་གི་སློབ་གཉེར་དང་ཉམས་ཞིབ་ཁང་གསར་འཛུགས་བྱ་འཆར་གྱིས་མཚོན་པའི་འབྱུང་འགྱུར་རྒྱ་གར་ནང་ས་གནས་གང་སར་ནང་པའི་རིག་གཞུང་དང་ལྟ་གྲུབ་སློབ་སྦྱོང་གི་བསྟི་གནས་གང་མང་འགྲོ་རྒྱུ་གདོན་མི་ཟའང་། ད་ལྟ་ཚད་ལྡན་སློབ་སྟོན་གནང་མཁན་གྱི་དགེ་རྒན་ཤིན་ཏུ་དཀོན་པར་བརྟེན་དེ་དག་ཏུ་སློབ་སྟོན་དགེ་རྒན་དགོས་གལ་ནམ་བྱུང་སྐབས་གཏོང་དམིགས་སུ་ཧིན་དཱི་སྐད་ཡིག་རང་སྐྱ་འཕེར་བ་བྱུང་ན་སྨོས་མེད་དང་། དེ་ལྟར་མ་བྱུང་ཡང་གང་འཚམས་ཤེས་པའི་གྲྭ་བཙུན་སློབ་གཉེར་བཟང་གྲས་མི་ཉུང་བ་ཞིག་ལ་ཧིན་སྐད་ཡར་རྒྱས་དང་། རྒྱ་གར་མཐོ་སློབ་ཁག་ཏུ་སློབ་ཁྲིད་བྱེད་ཕྱོགས་ཀྱི་འོས་སྦྱོང་ཟླ་བ་དྲུག་ཙམ་ཞིག་རིང་སྤྲོད་རྒྱུ་ཐུགས་གཏན་འཁེལ་བ་ལགས་ན། དེ་གའི་ཆོས་བརྒྱུད་ཀྱི་ཁོངས་ནས་བསླབ་པ་རིམ་པ་མཐར་སོན་པ་ཞལ་གྲངས་ ༥ ལས་མ་ཉུང་བའི་མི་འགྲོའི་མཚན་དང་ལོ་རྒྱུས་མདོར་བསྡུས་རེ་ཕྱི་ཟླ་ ༦ ཚེས་ ༣༠ ནས་འགྱངས་མེད་འདི་གར་ངེས་འབྱོར་ཐུབ་པ་གཏོང་གནང་ཡོད་པ་ཞུ་རྒྱུ་དང་། འདེམས་སྒྲུག་བྱུང་པའི་འོས་མི་རྣམས་ལ་འོས་སྦྱོང་རིང་བཞུགས་གནས་གསོལ་ཚིགས་དང་ལམ་གྲོན་བཅས་འདི་ལས་ནས་འབུལ་རྒྱུ་ལགས་ཤིང་། འོས་སྦྱོང་ཚོགས་ཡུལ་དང་དུས་ཚོད་ཚེས་ཆ་བཅས་སྐབས་མཚམས་བརྡ་ལན་ཕུལ་རྒྱུ་ཡིན་པའི་གསལ་བསྒྲགས་སུ། བཙན་བྱོལ་བོད་གཞུང་ཆོས་རིག་ལས་ཁུངས་ནས་ ༢༠༡༠ ཟླ་ ༦ ཚེས་ ༡༤ ཉིན།། རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    སྤྱི་ཁྱབ་འོས་བསྡུ་ལས་ཁང་གི་གསལ་བསྒྲགས།
    ཟླ་བ་ ༦ ཚེས ༡༡ ༢༠༡༠
     
    ༄༅། །མཚུངས་མེད་ས་གནས་འོས་བསྡུ་འགན་འཛིན་གང་དེར། ཆེད་ཞུ། བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོའི་ལས་རིམ་འགོ་ ཚུགས་པའི་སྐོར་བཀོད་ཁྱབ་སྔོན་དུ་སོང་དོན། ད་ཆ་ས་གནས་འོས་བསྡུ་ལས་ཁང་སོ་སོའི་ཁྱབ་ཁོངས་མི་མང་འོས་འཕེན་པའི་ཆ་རྐྱེན་ཚང་བ་རྣམས་མིང་གཞུང་དེབ་འགོད་བྱེད་དགོས་པར་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༡༨ པ་དང་། དོན་ཚན་ ༡༧ པའི་ནང་གསེས་ ༣ པ། དོན་ཚན་ ༢༡ གི་ནང་གསེས་ ༡ པོ་ནས་ ༣ པ་བར་གྱི་བརྗོད་དོན་འགལ་མེད་ཆོལ་ཁ་དང་ཆོས་ལུགས་ཁ་གསལ་དབྱེ་འབྱེད་ཀྱི་མིང་གཞུང་མ་དེབ་གཏན་འབེབས་ཟིན་པ་ཡོད་ཚེ་དེ་དག་ལ་སྣོན་འཕྲི་དག་བཤེར་བྱ་རྒྱུ་འམ། མིང་གཞུང་དེབ་འགོད་ལས་གཞི་གསར་དུ་བྱ་དགོས་པ་ཡོད་ན་དེ་བཞིན་ལག་ལེན་འཕྲལ་དུ་བསྟར་དགོས། ད་ཆ་སྤྱི་འཐུས་སྐབས་ ༡༥ པ་རྣམས་དང་། བཀའ་ཁྲི་སྐབས་ ༣ པའི་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུ་ཉིན་གཅིག་ལ་བྱ་རྒྱུ་གཏན་འཁེལ་པར་སོང་སྔོན་དུ་བཀོད་ཁྱབ་སོང་བའི་མིང་གཞུང་དེབ་འགོད་ལས་གཞི་མཇུག་བསྒྲིལ་དགོས་པའི་དུས་ཚེས་ལ་འགྱུར་བ་བཏང་སྟེ་ས་གནས་སོ་སོར་མིང་གཞུང་དེབ་འགོད་ཀྱི་ལས་གཞི་སྒྲིག་གཞིའི་དགོངས་དོན་ ༢༠༡༠ ཟླ་ ༨ པའི་ཚེས་ ༡༨ ནང་ཚུན་མཇུག་བསྒྲིལ་ཐུབ་པ་ངེས་གནང་གིས་ཟླ་ ༨ པའི་ཚེས་ ༢༥ འགྱངས་མེད་དེབ་འགོད་ཟིན་པའི་མིང་གཞུང་དཔར་བཤུས་ཆ་ཚང་སྤྱི་ཁྱབ་འོས་བསྡུ་ལས་ཁང་དུ་ངེས་འབྱོར་ཡོང་བ་གཏོང་དགོས། དེབ་འགོད་ཀྱི་ལས་དོན་དུས་བཀག་རྒྱས་སྤྱད་ནང་ལེགས་འགྲུབ་ཡོང་ཐབས་སུ་དེབ་འགོད་འགན་འཛིན་སོགས་འབྲེལ་ཡོད་ལས་བྱེད་རྣམས་ས་ཕྱོགས་ཆ་བགོས་ཀྱིས་མི་མང་འདུ་འཛོམས་ཆེ་ཁག་སོ་སོར་ཆེད་གཏོང་གནང་སྟེ་དེབ་འགོད་ལས་དོན་དུས་ཚོད་གཏན་འབེབས་ནང་ལེགས་འགྲུབ་དགོས་པ་དེ་དོན་དགོངས་འཇགས་ཞུ། སྤྱི་ཁྱབ་འོས་བསྡུ་ལས་ཁང་ནས་ ༢༠༡༠ ཟླ་ ༦ ཚེས་ ༡༡ ལ།། རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    ཆོས་བརྡ་གསལ་བསྒྲགས།
    ཟླ་བ་ ༦ ཚེས ༢ ༢༠༡༠
     
    ༄༅། །དཔལ་ལྡན་འབྲས་སྤུངས་བློ་གླིང་གྲྭ་ཚང་གི་མཁན་པོ་ལས་ཐོག་པ་བྲག་གཡབ་སྟོབས་ལྡན་རིན་པོ་ཆེ་མཆོག་ལ། སྤི་ཏིའི་དཀྱིལ་དགོན་མཁན་ཟུར་བཀྲ་ཤིས་པ་སངས་མཆོག་དང་། རང་རིགས་བཀའ་འགྱུར་ལྗགས་ལུང་ཚོགས་ཆུང་གཉིས་ནས་རྣམ་འདྲེན་ཤཀྱཱ་སེངྒེའི་གསུང་བཀའ་འགྱུར་རིན་པོ་ཆེ་ལྗགས་ལུང་གནང་སྐྱོང་ཡོང་བ་ཞེས་ཇི་ལྟར་གསོལ་བ་བཏབ་པ་བཞིན། རིན་པོ་ཆེ་མཆོག་ནས་ཞལ་བཞེས་བཀའ་བཟང་ཕེབས་པ་ལྟར་བོད་ཟླ་ ༨ ཚེས་ ༡༢ ཕྱི་ཟླ་ ༩ ཚེས་ ༢༠ ནས་ཟླ་བ་གཅིག་རིང་བཀའ་འགྱུར་ལྗགས་ལུང་གནང་གཏན་འཁེལ་བ་ལགས་ན། དེ་དོན་ཕེབས་གནང་ཡོང་བ་དང་། ཆོས་ཞུ་བ་ཡོངས་ལ་སྡོད་གནས་དང་ཉིན་གུང་གི་བཞེས་ལག་གྲ་སྒྲིག་བཅས་ཡོད་པས་ཐུགས་སྣང་ཡོད་པ་ཞུ།། འབྲེལ་གཏུགས་གནང་ཡུལ། Dhondup Tashi P.O… རྒྱས་པ་འདིར་གཟིགས་རོགས་གནང་།
  •    གསལ་སྒྲགས།
    བོད་མི་མང་སྤྱི་འཐུས་སྐབས་ ༡༥ དང་། བཀའ་ཁྲི་སྐབས་ ༣ པའི་འོས་བསྡུ་ཆེན་མོ་དུས་གཏུགས་ཡོང་ཉེར་བརྟེན་འོས་འཕེན་པའི་མིང་གཞུང་དེབ་འགོད་གནང་ཕྱོགས་གསལ་བསྒྲགས།
    ཟླ་བ་ ༦ ཚེས ༡ ༢༠༡༠
     
    ༄༅། །བཞུགས་སྒར་ཁུལ་གཏན་སྡོད་རང་རིགས་སེར་སྐྱ་མི་མང་རྣམས་ཀྱི་སྙན་ལམ་དུ་ཞུ་རྒྱུར། རང་གཞུང་དབུས་འོས་བསྡུ་ལས་ཁང་ནས་འདི་གར་བཀའ་ཡིག་སྤྱི་སོན་བྱུང་བ་ནང་གསལ། བོད་མི་མངསྤྱི་འཐུས་སྐབས་ ༡༥ དང་། བཀའ་ཁྲི་སྐབས་ ༣ པ་བཅས་ཀྱི་འོས་བསྡུ་ཆེན་མོའི་ལས་རིམ་རིང་མིན་གཏན་འཁེལ་ཡོང་རྒྱུར་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༡༨ ནང་གསལ་ས་ཁུལ་སོ་སོའི་ནང་འོས་འཕེན་པའི་འོས་ཆོས་ལྡན་པ་ཇི་ཡོད་ཀྱི་མིང་གཞུང་དེབ་འགོད་སྔོན་ཚུད་ནས་གནང་དགོས་པར་སོང་ད་ལྟ་ནས་གྲ་སྒྲིག་གནང་དགོས་པའི་བཀའ་དགོངས་ལྟར། འོས་བསྡུ་ཆེན་མོའི་དུས་གཏུགས་ཡོང་ཉེར་བརྟེན། གཞུགས་སྒར་ཁུལ་གཏན་སྡོད་རང་རིགས་སེར་སྐྱ་མི་མང་རྣམས་དེ་སྔོན་དཔྱ་ཁྲལ་ལག་དེབ་རྙིང་པའི་ནང་འོས་འཕེན་པའི་མིང་གཞུང་དེབ་འགོད་ཟིན་པ་རྣམས་དཔྱ་ཁྲལ་ལག་དེབ་གསར་པའི་ནང་ཕབ་དགོས་པ་དེ་རྣམས་སོ་སོའི་ལག་དེབ་རྙིང་པ་དང་ལག་དེབ་གསར་པ་བསྣམ་དགོས་པ་དང་། དགོན་སྡེ་གྲྭ་ཚང་ཁག་དང་། ཟུར་སྐྱོང་སྡེ་ཚན་ཁག། སློབ་གྲྭ་ཁག་ལ་དེབ་འགོད་མ་བྱེད་པ་མང་པོ་ཡོད་ཚེ་ས་གནས་འགོ་འཛིན་ལས་ཁུངས་སུ་འབྲེལ་བ་གནང་ན་འོས་བསྡུ་དེབ་འགོད་ལས་བྱེད་སྡེ་ཁག་ཏུ་ངོ་བཅར་ཞུ་རྒྱུ་ཡིན་པ་དེ་དོན་དགོངས་འཇགས་ཞུ།     བཞུགས་སྒར་ཁུལ་གཏན་སྡོད་རང་རིགས་སེར་སྐྱ་ཕོ་མོ་སུ་རུང་ཕྱི་ལོ་ ༢༠༡༡ ཟླ་ ༢ ཚེས་ ༢༦ ནང་ཚུན་རང་ལོ་ ༡༨ ལོན་མཁན་སྒྲིག་དོན་ཆ་རྐྱེན་ལྡན་པ་རྣམས་དེ་སྔ་འོས་འཕེན་པའི་མིང་གཞུང་དེབ་འགོད་ཞུ་བསྡད་རྣམས་ཀྱི་ནང་མི་ངོ་ཡོད་སུ་རུང་ནས་དོ་དག་སོ་སོའི་དང་བླངས་དཔྱ་ཁྲལ་ལག་དེབ་དང་། སྐྱབས་བཅོལ་ལག་དེབ་ཨང་ཡང་ན་ལག་དེབ་དཀར་པོའི་ཨང། འདྲ་པར་ཕྱེད་པར་རེ་བསྣམ་སྟེ་ས་གནས་འགོ་འཛིན་ལས་ཁུངས་སམ་ས་གནས་འོས་བསྡུ་ལས་ཁུངས་སུ་ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༧ ནས་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༡༧ ནང་གསེས་ ༣ དགོངས་དོན་ཆོལ་ཁ་ཆོས་བརྒྱུད་སོ་སོའི་སྡེ་ཚན་འདྲེས་མེད་འོས་འཕེན་པའི་མིང་གཞུང་དེབ་འགོད་ངེས་གནང་དགོས་པའི་གལ་ཆེའི་གསལ་བསྒྲགས་སུ། རྡ་ས་ས་གནས་འོས་བསྡུ་ལས་ཁང་ནས་ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༡ ཉིན།། རྒྱས་པ་འདིར་གཟིགས་རོགས་གནང་།