

སྐབས་དེར་སྤོན་ཊ་ཆོལ་གསུམ་ས་གནས་འགོ་འཛིན་དགེ་ལེགས་འཇམ་དབྱངས་ལགས་ནས་གསུང་དོན། དེ་རིང་མཆོད་འབུལ་སྨོན་ལམ་ཞུས་དགོས་དོན་གཙོ་བོ་ནི་ཉེ་ལམ་ཇམྨུ་དང་ཀཤ་མཱིར་མངའ་སྡེའི་ནང་མི་མང་པོ་འཇིགས་སྐུལ་གྱིས་རྐྱེན་ལམ་དུ་ཕྱིན་པ་རྣམས་ལ་གསོལ་འདེབས་དང་མཆོད་འབུལ་སྨོན་ལམ་མཚོན་བྱེད་ཆེད་དུ་ཡིན། དེ་བཞིན་ངེས་ཅག་ནས་རྨས་སྐྱོན་ཕོག་པ་རྣམས་ལ་མྱུར་དུ་དྲག་སྐྱེད་ཡོང་བའི་གསོལ་བ་སྨོན་འདུན་ཞུས་ཡོད་པ་བཅས།།

