
དེ་ཡང་ཕྱི་ཚེས་ ༢༣ ཉིན་གྱི་སྔ་དྲོ་སིམ་སྤྱིའི་བདག་དབང་འོག་ཡོད་པའི་ཡིག་འཕེལ་དང་ཅ་དངོས་ཁག་རྩིས་སྤྲོད་རྩིས་ལེན་ཞུས་པ་དང་། ལས་དོན་མཇུག་སྐྱོང་ཞུ་སྒོ་ཁག་ལ་འགྲེལ་བརྗོད་གྲུབ་རྗེས་ཉིན་རྒྱབ་ཏུ་མངའ་གཞུང་སྤྱི་ཁྱབ་དྲུང་ཆེའི་གཙོ་སྐྱོང་འོག་ཚོགས་འདུ་བསྐོང་ཚོགས་ལ་ཚོགས་བཅར་ཞུས། ཕྱི་ཚེས་ ༢༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ས་གནས་ཀྱི་གནད་ཡོད་མི་སྣ་ཚང་འཛོམས་ཐོག་ཞབས་སྟེགས་བརྗེ་ལེན་གྱི་མཛད་སྒོ་ཚོགས་གྲུབ་རྗེས་ཆུ་ཚོད་ ༡༠།༢༠ ཐོག་མི་མང་འདུ་འཛོམས་ཐོག་ས་གནས་འགོ་འཛིན་ཟུར་པའི་ལས་ཡུན་རིང་ལས་དོན་ཁག་དང་འབྲེལ་གསུང་བཤད་དང་། ས་གནས་འགོ་འཛིན་གསར་པའི་འཚམས་འདྲི་དང་ངོ་སྤྲོད་གསུང་བཤད། དེ་བཞིན་ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ་སྤྲོད་དཔང་ཟུང་དྲུང་བསྟན་འཛིན་མཁྱེན་རབ་ལགས་ནས་གཟིགས་ཚུལ་དང་འབྲེལ་གསུང་བཤད་གནང་ཡོད་པ་བཅས།།

