༄༅། །བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་རྒྱ་གར་དབུས་གཞུང་གི་གྲངས་ཉུང་མི་རིགས་ཀྱི་གནད་དོན་དང་འབྲེལ་བའི་བློན་ཆེན་སྐུ་ཞབས་ཀི་རེན་རི་ཇི་ཇུ་ (Kiren Rijiju) མཆོག་དང་མཇལ་འཕྲད་ཀྱིས་བཙན་བྱོལ་བོད་མིའི་གནད་དོན་ཐོག་བཀའ་བསྡུར་གནང་འདུག
དེ་ཡང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་རྒྱ་གར་དབུས་གཞུང་གི་གྲངས་ཉུང་མི་རིགས་ཀྱི་གནད་དོན་དང་འབྲེལ་བའི་བློན་ཆེན་སྐུ་ཞབས་ཀི་རེན་རི་ཇི་ཇུ་ (Kiren Rijiju) མཆོག་དང་མཇལ་འཕྲད་ཀྱིས་བཙན་བྱོལ་བོད་མིའི་གནད་དོན་ཐོག་བཀའ་བསྡུར་གྱིས་བློན་ཆེན་མཆོག་ནས་མཐུན་འགྱུར་རྒྱབ་སྐྱོར་དང་ལམ་སྟོན་ཡོང་བའི་ཞུ་སྐུལ་གནང་འདུག་ལ། འདས་པའི་ལོ་ངོ་བཅུ་ཕྲག་མང་པོའི་རིང་གནས་ཡུལ་རྒྱ་གར་གཞུང་མང་གཉིས་ནས་བཙན་བྱོལ་བོད་མི་རྣམས་ལ་མཐུན་འགྱུར་རམ་འདེགས་རྒྱུན་མཐུད་གནང་བཞིན་པར་བཀའ་དྲིན་རྗེས་དྲན་ཞུས་འདུག