ཨ་རི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་ནས་བོད་རྒྱའི་དབར་བོད་བཙན་བཟུང་བྱུང་བ་ནས་བཟུང་གཞུང་དང་གཞུང་ཁོངས་མིན་པའི་འབྲེལ་མོལ་བྱུང་ཡོད་པའི་འཕེལ་རིམ་ངོ་སྤྲོད་གནང་བ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་བོད་དཀའ་རྙོག་སེལ་བའི་གཉིས་ཕན་གྱི་ཐབས་ལམ་སྔར་ནས་གསལ་སྟོན་མཛད་ཡོད་པ་ཤེས་རྟོགས་དགོས་པའི་གལ་འགངས་དང་། དམིགས་གསལ་བོད་རྒྱའི་གཞོན་སྐྱེས་མི་རབས་གསར་བའི་དབར་གྲོས་མོལ་གང་མང་ཡོང་ཐུབ་དགོས་པའི་བསམ་ཚུལ་སྤེལ་གནང་ཡོད་པ་རེད།
ཚོགས་འཛོམས་ཀྱི་སྐབས་བོད་རྒྱའི་ཚོགས་བཅར་བ་རྣམས་ཚོགས་ཆུང་སོ་སོར་བགོས་ནས་བསམ་ཚུལ་གང་ཡོད་ཕན་ཚུན་བརྗེ་ལེན་བྱས་པ་དང་། མ་འོངས་པར་བོད་རྒྱ་འབྲེལ་མཐུད་ཀྱི་ལས་དོན་སྔར་ལྷག་ཡོང་ཐབས་ལ་ཚོགས་བཅར་བ་རྣམས་ནས་ལས་འཆར་གྱི་བསམ་ཚུལ་སོགས་ཀྱང་བཏོན་གནང་ཡོད། ཚོགས་འཛོམས་ཐོག་བྱང་ཀེལ་ཁུལ་དུ་ཡོད་པའི་རྒྱ་རིགས་དང་བོད་རིགས་མཐོ་སློབ་སློབ་མ་འགས་མཐོ་སློབ་ནང་བོད་རྒྱའི་གནད་དོན་དང་འབྲེལ་བའི་འགྲོ་གླེང་བསྐོང་ཚོགས་གནང་ཐབས་སོགས་ལ་ཡང་བཀའ་མོལ་ལྷུག་པོ་བྱུང་བ་དང་བཅས་ཚོགས་འཛོམས་དེ་བཞིན་ལེགས་འགྲུབ་བྱུང་འདུག