
དུས་ཐུང་ཟབ་སྦྱོང་ཐོག་བཞུགས་སྒར་དྷ་སར་རྟེན་གཞི་བྱས་པའི་དབུས་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་ཆོས་འཕེལ་ལགས་དང་། དྲུང་ཆེ་བསྟན་འཛིན་བཤེས་གཉེན་ལགས་གཉིས་ཕེབས་འདུག་པ་དང་། ཟབ་ཁྲིད་པ་གཙོ་བོ་སྦར་སིལ་སྐུ་ཚབ་དོན་ཁང་གི་དྲུང་ཆེ་འཕྲིིན་ལས་དབང་འདུས་ལགས་གདན་ཞུས་གནང་ཡོད།
མཛད་སྒོའི་ཐོག་མར་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་གྲུབ་མཚམས་རྒྱལ་གཅེས་པ་རྣམས་ལ་མྱ་ངན་གུས་འདུད་མཚོན་ཕྱིར་ངག་བཅད་སྐར་མ་གཅིག་རིང་གནང་རྗེས་བེལ་ཇི་ཡམ་ས་གནས་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་འགན་འཛིན་ཚེ་རིང་དོན་གྲུབ་ལགས་ནས་ཚོགས་པའི་ལས་བསྡོམས་སྙིང་བསྡུས་ངོ་སྤྲོད་དང་། ཟབ་སྦྱོང་དངོས་གཞི་འགོ་འཛུགས་མ་ཞུས་གོང་དབུས་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་ཆོས་འཕེལ་ལགས་དང་དྲུང་ཆེ་བསྟན་འཛིན་བཤེས་གཉེན་ལགས་གཉིས་ནས་དབུ་མའི་ལམ་གྱི་འཕེལ་རིམ་དང་གྲུབ་འབྲས་སྙིང་བསྡུས་ཤིག་མང་ཚོགས་ལ་ངོ་སྤྲོད་གནང་གྲུབ་མཚམས་སྦར་སིལ་དོན་ཁང་གི་དྲུང་ཆེ་འཕྲིན་ལས་དབང་འདུས་ལགས་ནས་བོད་མིའི་སྒྲིག་འཛུགས་སྐོར་ངོ་སྤྲོད་དང་། བཙན་བྱོལ་བོད་མིའི་རྒྱལ་དོན་རང་དབང་གཅེས་འཛིན་དང་བླངས་དཔྱ་དངུལ་ལག་དེབ་ཀྱི་གལ་གནད་སྐོར་ལ་ཟབ་ཁྲིད་དང་དྲི་བ་དྲི་ལན་གནང་སོང་།
མཇུག་ཏུ་ས་གནས་ཚོགས་གཙོ་ཚེ་རིང་དོན་གྲུབ་ལགས་ཀྱི་གཙོ་སྐྱོང་འགོ་བོད་ཀྱི་སྐད་ཡིག་དང་། བོད་མིའི་སྒྲིག་འཛུགས་བཅས་ཀྱི་སྐོར་ལ་ངག་བརྩད་འགྲན་བསྡུར་འགོ་འཛུགས་དང་འབྲེལ་མཐར་དྲུང་ཆེ་བློ་བཟང་ཚུལ་ཁྲིམས་ལགས་ནས་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་དང་བཅས་ཟབ་སྦྱོང་མཇུག་བསྒྲིལ་གནང་སོང་། །