༄༅། །བོད་རྒྱལ་ལོ་ ༢༡༥༢ རབ་གནས་ཤིང་སྦྲུལ་ལོའི་ལོ་གསར་སྐབས་བསྟན་འཛིན་སྒང་ས་གནས་འགོ་འཛིན་རབ་བརྟན་ཚེ་རིང་ལགས་ཀྱིས་ནུབ་ཀ་མེང་རྫོང་གི་དཔོན་རིགས་ཁག་དང་མཇལ་འཕྲད་གནང་ཡོད།
དེ་ཡང་བསྟན་འཛིན་སྒང་ས་གནས་འགོ་འཛིན་རབ་བརྟན་ཚེ་རིང་ལགས་ཀྱིས་འབུམ་ལ་རྫོང་དཔོན་ཨ་ཀི་རི་ཏི་ས་གར་ (Akriti Sagar) ལགས་དང་། རུ་པའི་རྫོང་དཔོན་གཞོན་པ་བློ་བཟང་ཚེ་བརྟན་ལགས། འབུམ་ལ་སྐོར་སྲུང་སྤྱི་ཁྱབ་སུ་དྷན་ཤུ་དྷ་མ་ (Sudhanshu Dhama) ལགས། ཉེན་རྟོག་པ་ཨན་ཇ་ལི་སི་ག་ (Anjali Siga) ལགས། ཀ་ལཀ་ཐང་སྨན་ཁང་གི་འཛིན་སྐྱོང་འགན་འཛིན་སྨན་པ་ཨར་ཨེན་ཐོན་ཆི་ (Dr. R.N Thonchi) ལགས་སོགས་དང་མཇལ་འཕྲད་གནང་ཡོད།
བསྟན་འཛིན་སྒང་ས་གནས་འགོ་འཛིན་རབ་བརྟན་ཚེ་རིང་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་བོད་མི་ཚོར་མཐུན་འགྱུར་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་མ་འོངས་པར་མུ་མཐུད་ནས་རྒྱབ་སྐྱོར་དང་རོགས་རམ་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་ཡོད། །