
དེ་ཡང་སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་ལགས་ཕྱི་ཟླ་ ༡༡ ཚེས་ ༦ ཉིན་དྷ་ས་ནས་ལྡི་ལིར་ཕེབས་ཐོན་དང་། ཕྱི་ཚེས་ ༧ ཉིན་ལྡི་ལི་ནས་གྷོ་ཝ་ཧ་ཀྲི་བརྒྱུད་བསྟན་འཛིན་སྒང་གཞིས་ཆགས་སུ་ཕེབས་ཐོན་གནང་སྟེ་སྤྱི་འཐུས་དགེ་བཤེས་ལྷ་རམས་ཨ་ཀྲུག་ཚེ་བརྟན་ལགས་དང་ལྷན་འཛོམས་ཀྱིས་ཕྱི་ཚེས་ ༨ ཉིན་བསྟན་འཛིན་སྒང་ས་གནས་སུ་ལས་རིམ་བསྐྱང་རྒྱུ་དང་། ཕྱི་ཚེས་ ༩ ཉིན་འབུམ་སྡེ་ལར་ཕེབས་ཐོན་གྱིས་ས་གནས་སུ་ལས་རིམ། ཕྱི་ཚེས་ ༡༠ ཉིན་མོན་དཔལ་སྤུངས་བྱང་ཆུབ་ཆོས་གླིང་དུ་ལས་རིམ། ཕྱི་ཚེས་ ༡༡ ཉིན་མོན་རྟ་དབང་དུ་ཕེབས་ཏེ་ཕྱི་ཚེས་ ༡༢ ནས་ ༡༣ བར་ས་གནས་སུ་ལས་རིམ། ཕྱི་ཚེས་ ༡༧ ནས་ ༡༨ བར་ཤིས་ལོངས་སུ་ལས་རིམ། ཕྱི་ཚེས་ ༡༩ ཉིན་གྷོ་ཝ་ཧ་ཀྲི་ནས་རྒྱལ་ས་ལྡི་ལིར་ཕྱིར་ཕེབས་དང་། ཕྱི་ཚེས་ ༢༠ ཉིན་ལྡི་ལི་ནས་བཞུགས་སྒར་རྡ་སར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། །