
དེ་ཡང་ཁྱད་པར་ཅན་གྱི་ཉིན་དེར་སྐུ་མགྲོན་གྱི་གཙོ་བོ་ (Dr.Karthikeyan Gokulachandran,IPS (Superintendent of Police Kullu) ལགས་དང་། དམིགས་བསལ་སྐུ་མགྲོན་དུ་དཔལ་ལྡན་འོན་མངའ་རིས་དགོན་པའི་མཁྱེན་ཚབ་དགེ་བཤེས་ལྷ་རམས་པ་དགེ་འདུན་ཕུན་ཚོགས་ལགས། གཞན་ཡང་རྒྱ་གར་གྱི་སྣེ་ཡོད་མི་སྣ་མི་ཉུང་བ་ཞིག་གདན་ཞུས་ཀྱིས་སྲུང་བརྩི་ཟབ་རྒྱས་ཞུས་ཡོད།

མདོར་ན་འདི་ལོ་༸རྒྱལ་བའི་༸སྐུའི་འཁྲུངས་ལྷ་དབྱར་གསོལ་འདི་བཞིན་ཀུ་ལླུ་རྫོང་ཁོངས་བོད་མིའི་འཁྲུངས་སྐར་གོ་སྒྲིག་ཚོགས་ཆུང་གི་གོ་སྒྲིག་འོག་ཆོས་ཕྱོགས་དང་འཇིག་རྟེན་པའི་ལུགས་ཟུང་ཐོག་སྲུང་བརྩི་ཟབ་རྒྱས་ཞུས་ཐུབ་པ་བྱུང་ཡོད་པ་བཅས། །