༄༅། །བོད་རྒྱལ་ལོ་ ༢༡༤༩ རབ་གནས་ཆུ་སྟག་
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་གོ་ལ་སྤྱི་ཡོངས་སུ་ཏོག་དབྱིབས་
མཛད་སྒོའི་ཐོག་མར་སྐུ་མགྲོན་རྣདེ་ནས་དཔལ་ལྡན་སྲིད་སྐྱོ
གྲུབ་ཐོབ་ཐང་སྟོང་རྒྱལ་པོ་དགུང་ལོ་ ༡༢༥ བར་བཞུགས་པའི་ལོ་རྒྱུས་ཡོད་པ་དང་། ༸སྐྱབས་རྗེ་ཞིང་བཤེགས་འཁྲུལ་ཞིག་རིན་པོ་ཆེ་མཆོག་གིས་སྤྱི་ནོར་༧གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་ལ་དགུང་ལོ་ ༡༢༥ བར་བཞུགས་ཐུབ་པའི་ཐུགས་རེ་དང་སྨོན་ལམ་ཞུས་ཡོད་པ་ལྟར། ང་ཚོས་ཀྱང་དེ་ལྟར་སྨོན་ལམ་ཞུ་དགོས། བོད་མི་རྣམས་བཙན་བྱོལ་དུ་འབྱོར་བའི་ཉག་ཕྲ་བའི་དུས་སྐབས་སུ་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་འོག་བོད་ཀྱི་ཟློས་གར་ཚོགས་པ་གསར་འཛུགས་གནང་སྟེ་ད་བར་རྒྱུན་འཁྱོངས་ཐུབ་པ་དེ་གཙོ་བོ་མགོན་པོ་གང་ཉིད་ཀྱི་ཐུགས་རྗེ་བཀའ་དྲིན་དང་། མི་ཐོག་རྒན་པ་རྣམས་ཀྱིས་དཀའ་ངལ་ལ་གདོང་ལེན་བྱས་པ་ལ་བརྟེན་ནས་བྱུང་བ་ཞིག་ཡིན།
དེ་སྔ་བོད་མིའི་སྤྱི་ཚོགས་ནང་ལྷ་མོ་འཁྲབ་མཁན་ཚོར་དམའ་འབེབས་བྱེད་རྒྱུའི་རྣམ་པ་ཡོང་གི་ཡོད་པ་དེ་དག་རྩ་བ་ཉིད་ནས་དགོས་པ་མེད། ཟློས་གར་ནི་རིག་གནས་བཅུའི་ནང་ནས་གཅིག་ཡིན་སྟབས། རིག་རྩལ་གྱི་བརྒྱུད་ནས་བོད་ཀྱི་སྲོལ་རྒྱུན་གཞུང་དེ་དག་རྒྱུན་སྐྱོང་བྱ་རྒྱུ་སོགས་ལ་ཕན་ཐོགས་ཆེན་པོ་ཡོད། ལྷ་མོའི་གཞུང་དེ་དག་ལྟད་མོ་ལྟ་རྒྱུ་ཙམ་མིན་པར་དེ་དག་གི་ནང་བཟང་ངན་དང་དགེ་སྡིག་གི་བསླབ་བྱ་བླང་རྒྱུ་གལ་ཆེན་པོ་ཡིན། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་མཐུན་འགྱུར་གང་ཐུབ་ཞུ་རྒྱུའི་འབད་བརྩོན་ཞུ་རྒྱུ་ཡིན། མཐུན་རྐྱེན་གང་ཡོད་པའི་ནང་ནས་གང་ཐུབ་ཞུ་རྒྱུ་དང་། རང་རེའི་སྤྱི་ཚོགས་ཀྱི་དཔལ་འབྱོར་གནས་སྟངས་ཧ་ཅང་ཡར་རྒྱས་ཕྱིན་ཡོད་སྟབས། མང་ཚོགས་ངོས་ནས་ཀྱང་བོད་ཀྱི་རིག་གཞུང་གཅེས་འཛིན་གྱི་ཐོག་ལ་འགན་ཆེ་ཙམ་བཞེས་དགོས། ས་གནས་ཁག་ལ་མཐུན་རྐྱེན་ཞན་པོ་དང་དཀའ་ངལ་ཡོད་པ་ཤེས་ཀྱི་ཡོད། འོན་ཀྱང་དཀའ་ངལ་ལ་གདོང་ལེན་གནང་སྟེ་མུ་མཐུད་འགན་བཞེས་དགོས། ལྷག་པར་ད་རེས་གཞོན་སྐྱེས་མང་དག་ཅིག་མཉམ་ཞུགས་གནང་འདུག་པ་འདི་དགའ་སྤོབས་བྱེད་དགོས་པའི་གནས་སྟངས་ཤིག་རེད། སློབ་གྲྭ་ཁག་གི་ནང་ནས་ད་རེས་མ་སུ་རི་བོད་ཁྱིམ་མ་གཏོགས་ཕེབས་ཐུབ་མི་འདུག མ་འོངས་པར་སློབ་གྲྭ་གཞན་རྣམས་ཀྱང་མཉམ་ཞུགས་ཐུབ་ན་ཡག་པོ་ཡོད་པ་རེད་བསམ་གྱི་ཡོད། གང་ཡིན་ཞེ་ན་སློབ་གྲྭའི་ནང་སློབ་ཕྲུག་ཚོས་ལྷ་མོའི་གཞུང་དེ་དག་ཕྲན་བུ་སྦྱང་པ་ཡིན་ན། མ་འོངས་པར་སྤྱི་ཚོགས་ནང་ལྷག་གི་རེད། ད་རེས་མཉམ་ཞུགས་གནང་མཁན་ལྷ་མོ་ཚོགས་པ་ཡོངས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་།
སྤྱིར་ཟླ་འདིའི་ཕྱི་ཚེས་ ༠༧ ནས་ ༡༣ བར་ཕྱོགས་མཐའ་ཁག་ནས་ཕེབས་པའི་