ཟླ་བ་ ༡ ཚེས ༤ ༢༠༢༡
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༤ རེས་གཟའ་ཟླ་བ། 

༄༅། །ལྕམ་སྐུ་ནེན་སི་པི་ལོ་སི་མཆོག་ལོ་བཞི་བསྟུད་མར་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོར་བདམས་ཐོན་བྱུང་བར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགའ་བསུའི་འཚམས་འདྲི་དང་སྦྲགས་ཕྱི་ལོ་གསར་ཚེས་ལ་འཚམས་འདྲི་མཛད་འདུག

དེ་ཡང་འཚམས་འདྲིའི་ནང་འཁོད་དོན། ལྕམ་སྐུ་མཆོག་གིས་ཨ་རིའི་མི་མང་གི་རེ་བ་དང་མངོན་འདོད་མུ་མཐུད་བསྒྲུབ་རྒྱུ་ཡིན་པ་མ་ཟད། འཛམ་གླིང་འདི་བཞིན་ཞི་བདེ་དང་འཆམ་མཐུན་ལྡན་པའི་སྤྱི་ཚོགས་ཤིག་ཏུ་བསྐྲུན་རྒྱུ་ཡིན་པ་ངོས་ལ་ཡིད་ཆེས་གཙང་མ་ཡོད།  ལྕམ་སྐུ་མཆོག་གིས་ཆོད་སེམས་བརྟན་པོའི་སྒོ་ནས་བོད་མི་རྣམས་ལ་རྒྱབ་སྐྱོར་དང་། དེ་བཞིན་ངོས་ལ་མཛའ་བརྩེ་ལྡན་པའི་སྒོ་ནས་གྲོགས་པོའི་འདུ་ཤེས་འཛིན་བཞིན་ཡོད་པར་ངོས་ཀྱིས་ཐུགས་རྗེ་ཆེ་ཞུ་གི་ཡོད།  

མཐའ་དོན་སྐུ་ཉིད་མཆོག་གི་བྱ་གཞག་ཐམས་ཅད་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་འཁོད་ཡོད།

གསུང་འཕྲིན་ངོ་མ་ཨིན་ཡིག་ནས་འདི་ག་ཕྱི་དྲིལ་བོད་ཡིག་ཚན་པས་ཕབ་སྒྱུར་ཞུས་པས་ཨིན་ཡིག་དེར་རྩ་འཛིན་ཡོང་བ་ཞུ།

  •  
  •  
  •  
  •  
  •