ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༡༥ རེས་གཟའ་ཉི་མ།

༄༅། །ལྡི་ལི་ཤེས་རིག་དཔར་ཁང་བསམ་ཡས་གླིང་དུ་ཤེས་དཔར་ཚོང་ལས་ཀྱི་ལས་བྱེད་ཆོད་གན་ཐོག་ས་མིག་སྟོང་པ་ཡོད་པའི་ཆ་རྐྱེན་ཚང་ཞིང་ཞུགས་བློ་ཡོད་རིགས་སོ་སོའི་ལག་འཁྱེར་ཡིག་ཆ་ཁག་དང་སྦྲགས་གཤམ་གསལ་ཁ་བྱང་ཐོག་ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡༥ འགྱངས་མེད་སྙན་ཞུ་དང་དོ་བདག་སོ་སོའི་ལོ་རྒྱུས་མདོར་བསྡུས་ཞིག་སྦྲག་ཐོག་གམ་གློག་འཕྲིན་བརྒྱུད་ཡང་ན་ལྡི་ལི་ཤེས་དཔར་དབུས་ལས་ཁུངས་ལ་ཐད་ཀར་འབུལ་དགོས་རྒྱུ། སྙན་ཞུ་ནང་སོ་སོའི་ཁ་བྱང༌། ཞལ་པར་ཨང༌། གློག་འཕྲིན་ཨང་བཅས་ཁ་གསལ་བཀོད་དགོས་རྒྱུ། གོང་གསལ་དུས་བཀག་རྗེས་སྙན་ཞུ་འབུལ་འབྱོར་རིགས་རང་བཞིན་གྱིས་རྩིས་མེད་ཡིན། ལག་འཁྱེར་ངོ་མ་ཞིབ་བཤེར་ཆེད་དངོས་གཞིའི་རྒྱུགས་སྤྲོད་སྐབས་མཉམ་འཁྱེར་དགོས། ཆ་རྐྱེན་ཚང་བའི་སྙན་འབུལ་ཁག་ལ་ཡིག་རྒྱུགས་དང་ངག་རྒྱུགས་ཀམ་སྤུ་ཌར་བཅས་འདེམས་རྒྱུགས་ཀྱི་ལམ་ནས་གདམ་རྒྱུ་ཡིན། འདེམས་རྒྱུགས་བྱ་ཡུལ་དང་ཚེས་གྲངས་སྙན་ཞུ་དུས་གཙང་རྗེས་དོ་བདག་སོ་སོར་བརྡ་ལན་སྤྲོད་རྒྱུ་ཡིན།

དགོས་མཁོའི་ཆ་རྐྱེན་གཤམ་གསལ།

༡༽ གཙུག་ལག་སློབ་ཐོན་པ། B. COM ཐོན་པའི་ལག་འཁྱེར་དགོས་རྒྱུ།

༢༽ ཕྱི་ལོ་ ༢༠༢༠།༠༣།༣༡ བར་དྭངས་བླངས་དཔྱ་དངུལ་ཆ་ཚང་འབུལ་ཟིན་པའི་ཤོག་ངོས་དང་པོ་དང་མཐའ་མའི་འདྲ་བཤུས།

༣༽ རྒྱ་གར་སྐྱབས་བཅོལ་ལག་དེབ་དུས་འགྱངས་ཞུས་པའི་ངོ་བཤུས་དགོས་རྒྱུ

༤༽ ཕྱི་ལོ་ ༢༠༢༠།༡༢།༣༠ བར་རང་ལོ་ ༤༠ ལས་མ་བརྒལ་བ་དགོས་རྒྱུ།

༥༽ ངོས་འཛིན་ཡོད་པའི་སྨན་ཁང་ཞིག་ནས་གཟུགས་ཐང་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར།

༦༽ ལས་ཀ་བྱེད་བཞིན་པ་ཡིན་ན་ལས་ཡུལ་ནས་དགག་བྱ་མེད་པའི་ངོ་སྦྱོར་དགོས།

༧༽ གོང་གསལ་ལག་འཁྱེར་དང་ཡིག་ཆའི་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཁག་གི་ཟུང་དྲུང་ཡན་དང་ཡང་ན་ས་གནས་འགན་འཛིན་གང་རུང་གི་དག་མཆན་འཁོད་དགོས་རྒྱུ།

ལས་བྱེད་བསྐོ་བཞག་གི་ཡིག་རྒྱུགས་ཐད། གོང་གསལ་དགོས་མཁོའི་ཆ་རྐྱེན་ཚང་བའི་སྙན་འབུལ་ཁག་ལ་རྩིས་ཀྱི་ཡིག་རྒྱུགས། དབྱིན་བོད་གཉིས་དང་ངག་རྒྱུགས་ཀམ་སྤུ་ཌར་བཅས་འདེམས་རྒྱུགས་ཀྱི་ལམ་ནས་གདམ་རྒྱུ་ཡིན།
རྒྱུགས་སྤྲོད་དུ་ཕེབས་སྐབས་ཀྱི་འགྲོ་གྲོན་རྣམས་དོ་བདག་རང་ཉིད་ནས་གཏོང་དགོས་པ་ཡིན།

གསོལ་ཕོགས་དང་མཐུན་རྐྱེན། དོ་བདག་ལ་ཕོགས་རིམ་བདུན་པ། ཟླ་རེར་ཧིན་སྒོར། ༢༥༥༨༤།༠༠ དང་ལས་ཤག་གོ་སྒྲིག་ཡོད། ཆོད་གན་ལོ་གཉིས་རིང་ཡིན། དེ་ནས་དོ་བདག་གི་ལས་དོན་དང་འཇོན་ཐང་འབབ་གཟིགས་ཀྱིས་ལག་བསྟར་བྱ་རྒྱུ་ཡིན། ཤེས་དཔར་སྒྲིག་གཞི་དང་གཉིས་མོས་ཆོད་གན་ལྟར་སྤྱི་མཚུངས་ཐོབ་རྒྱུ། བཅས་ལྡི་ལི་ཤེས་དཔར་དབུས་ཡིག་ཚང་ནས་ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༡༢ ལ།།

དོགས་འདྲི་དང་འཚང་སྙན་འབུལ་ཡུལ།
The Director
Sherig  Parkhang  Trust,
R- 28 & 27, Ramesh Park, Laxmi Nagar, Delhi- 110092
Tele Fax:- 011-22455634 & 011-22453672 (O)
E-mail- [email protected]
website: htt://sherigparkhang.com