ཟླ་བ་ ༡༡ ཚེས ༡༩ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༡༩ རེས་གཟའ་ཕུར་བུ། 

༄༅། །ཉེ་ཆར་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་འོས་བསྡུའི་སྐབས་སྦི་ཇེ་པི་ཆབ་སྲིད་ཚོགས་པར་རྒྱལ་ཁ་ཐོབ་པ་དང་། ཕྱོགས་མཚུངས་གྲོས་ཚོགས་འཐུས་མི་སྐུ་ཞབས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་ལ་དྭགས་སྦི་ཇེ་པི་ཆབ་སྲིད་ཚོགས་པའི་ཚོགས་གཙོར་བསྐོ་གཞག་གནང་བར་ལ་སྤྱི་ཚེ་བརྟན་དབང་ཕྱུག་ལགས་ཀྱིས་འཚམས་འདྲི་ཞུས་ཡོད།

སྐབས་དེར་ལ་སྤྱི་ཡིས་གནད་དོན་ལྔའི་ཐོག་གྲོས་བསྡུར་ཞིབ་ཕྲ་གནང་ཡོད་པ་དང་སྐུ་ཞབས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་ཀྱིས་གནད་དོན་དེའི་ཐོག་གང་མགྱོགས་གཟིགས་རྒྱུ་ཡིན་སྐོར་གསུངས་ཡོད་པ་བཅས།