ཟླ་བ་ ༡༡ ཚེས ༢༦ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༢༦ རེས་གཟའ་ཕུར་བུ། 

 

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༢༥ ཉིན་ལ་དྭགས་གྲོས་ཚོགས་འཐུས་མི་རྣམ་པ་དང་ལ་དྭགས་ཁུལ་གྱི་བོད་མིའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ་དབར་ལོ་རྒྱུས་རང་བཞིན་ལྡན་པའི་གཞུང་འབྲེལ་ཚོགས་འདུ་ཐེངས་དང་པོ་ཚོགས་ཡོད།  

དེ་ཡང་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ (LAHDC) ཀྱི་སྡེ་དཔོན་བཀྲ་ཤིས་རྒྱལ་མཚན་ལགས་ཀྱིས་གཙོ་སྐྱོང་འོག་ཚོགས་གཞོན་ཚེ་རིང་དབང་ཕྱུག་ལགས་དང་། ཚོགས་གཞོན་འཕར་མ་བསོད་ནམས་ཆོས་འབྱོར་ལགས། དེ་བཞིན་ལ་སྤྱི་ཚེ་བརྟན་དབང་ཕྱུག་ལགས་སོགས་ཚོགས་འདུར་མཉམ་ཞུགས་གནང་ཡོད་པ་དང་།

ཚོགས་འདུའི་ཐོག་རྒྱ་གར་གྲོས་ཚོགས་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་མཆོག་གིས། ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་ངོས་ནས་ལ་དྭགས་ཁུལ་གྱི་བཙན་བྱོལ་བོད་མི་རྣམས་ལ་དགོས་ངེས་རོགས་རམ་ཆ་ཚང་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ཅེས་གསུངས།

དཔལ་ལྡན་བཀའ་ཤག་ནས་ཕྱི་ལོ་ ༢༠༢༠ དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་རྒྱུའི་གསལ་བསྒྲགས་སྔོན་སོང་ལྟར། ལ་སྤྱི་ཚེ་བརྟན་དབང་ཕྱུག་ལགས་ཀྱིས་གྲོས་ཚོགས་འཐུས་མི་རྣམས་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་པའི་ ( Book of Joy) ཞེས་པའི་དཔེ་དེབ་རེ་དྲན་རྟེན་དུ་ཕུལ་ཡོད།། 

  •  
  •  
  •  
  •  
  •