ཟླ་བ་ ༡༠ ཚེས ༡༥ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༥ རེས་གཟའ་ཕུར་བུ། 

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༣ རེས་གཟའ་མིག་དམར་ཉིན་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༢༡ ལོའི་ཨ་རི་བོད་མིའི་སློབ་ཡོན་ལས་གཞི་ Tibetan Scholarship Program ཁོངས་སུ་མི་འགྲོའི་འདེམས་རྒྱུགས་འགོ་འཛུགས་གནང་ཡོད་པ་དང་། ཐེངས་འདིར་བོད་མིའི་སློབ་ཡོན་ལས་གཞིའི་ཁོངས་སུ་སྙན་ཞུ་འབུལ་མཁན་མི་གྲངས་ ༧༤ བྱུང་ཡོད་ཁོངས་ནས་བཅུ་ཡིས་རང་མོས་ཕྱིར་འཐེན་གནང་འདུག

སྤྱིར་ཨ་རི་བོད་མིའི་སློབ་ཡོན་ལས་གཞིའི་ཁོངས་སུ་མི་འགྲོའི་འདེམས་རྒྱུགས་འདི་བཞིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་སྦེང་ལོར་དུ་གནང་གི་ཡོད་ནའང་ད་ཆ་རྒྱ་ནག་གྲོང་ཁྱེར་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་ཇེ་ཆེར་འགྲོ་བཞིན་པའི་ཛ་དྲག་གི་དུས་སྐབས་སུ་རྒྱ་བལ་འབྲུག་གསུམ་གྱི་ས་གནས་ཁག་ ༡༤ ནང་ས་གནས་འགོ་འཛིན་ལས་ཁུངས་ནས་འགན་བཞེས་པའི་ཐོག་ནས་མི་འགྲོ་འདེམས་རྒྱུགས་གནང་ཡོད། བལ་ཡུལ་ཁུལ་ནས་བོད་མི་ལྔ་འདེམས་རྒྱུགས་ནང་མཉམ་ཞུགས་གནང་འདུག

ལྡི་ལི།

GWTT ཞེས་བོད་ཀྱི་རྒྱལ་རབ་དང་ཆབ་སྲིད་སོགས་ཀྱི་ཐོག་འབྲི་རྒྱུགས་དང་ཨིན་ཇིའི་ཡིག་རྒྱུགས་ཊོ་ཕེལ་ TOEFL-ITP ཞེས་པའི་གྲུབ་འབྲས་གསལ་བསྒྲགས་གནང་བསྟུན། དེའི་གྲུབ་འབྲས་ལ་གཞིགས་པའི་སློབ་མ་རྩེ་ཏོག་ ༣༠ རྣམས་རྡ་སར་ངག་རྒྱུགས་ཆེད་ཡོང་དགོས་ཡོད།

ཧུན་སུར་རབ་རྒྱས་གླིང་།

ཨ་རི་བོད་མིའི་སློབ་ཡོན་ལས་གཞི་ནི་བཙན་བྱོལ་བོད་མིར་སློབ་ཡོན་ལས་གཞི་ཡོད་ཁོངས་ནས་ལས་གཞི་གལ་ཆེན་ཞིག་ཆགས་ཡོད། ཨ་རི་བོད་མིའི་སློབ་ཡོན་ལས་གཞི་འདི་བཞིན་ཨ་རི་གཞུང་གི་དཔལ་འབྱོར་མཐུན་འགྱུར་འོག་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་ཨ་རི་བོད་ཀྱི་ཐེབས་རྩ་གཉིས་ཟུང་འབྲེལ་ཐོག་འཛིན་སྐྱོང་འགན་ཁུར་ཞུ་བཞིན་ཡོད་པ་བཅས།

བལ་ཡུལ།

སྤོན་ཊ་ཆོལ་གསུམ།