ཟླ་བ་ ༡༠ ཚེས ༡༩ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༩ རེས་གཟའ་ཟླ་བ། 

༄༅། །ནིའུ་ཛི་ལན་ཌིའི་ New Zealand འོས་བསྡུ་ཆེན་མོའི་ཁྲོད་སྲིད་བློན་ལྕམ་སྐུ་ཇེ་སིན་ཌ་ཨར་ཌན་ Rt. Hon. Jacinda Ardern མཆོག་གི་ངལ་རྩོལ་ཆབ་སྲིད་ཚོགས་པར་ centre-left Labour Party ཚད་མཐོའི་རྒྱལ་ཁ་ཐོབ་པའི་གནས་ཚུལ་གསན་མ་ཐག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༧ ཉིན་ནིའུ་ཛི་ལན་ཌིའི་སྲིད་བློན་ལྕམ་སྐུ་ཇེ་སིན་ཌ་ཨར་ཌན་མཆོག་ལ་དགའ་བསུའི་གསུང་འཕྲིན་ཞིག་སྩལ་བའི་ནང་འཁོད་དོན།

དུས་ཚོད་གཉན་འཕྲང་ཅན་གྱི་སྐབས་འདིར་སྐུ་ཉིད་ཀྱིས་སྙིང་སྟོབས་དང་རྣམ་དཔྱོད་ལྡན་པའི་ཐོག་སྣེ་ཁྲིད་གནང་བར་ངོས་ཀྱིས་ཡིད་སྨོན་བྱེད་ཀྱི་ཡོད། ལྷག་པར་མི་གཞན་ལ་རྐྱེན་ངན་འབྱུང་སྐབས་སྐུ་ཉིད་ཀྱིས་ཞི་བ་དང་བརྩི་བཀུར། སྙིང་རྗེའི་སྒོ་ནས་དཀའ་ངལ་སེལ་ཐབས་གནང་བཞིན་པར་ཡི་རང་ཞུ་གི་ཡོད། འདས་པའི་ལོ་ཤས་གོང་ངོས་རང་སྐུ་ཉིད་མཆོག་གི་རྒྱལ་ཁབ་ནང་ཐེངས་ཁ་ཤས་བཅར་སྐབས། མི་མང་མཆོག་དམན་ཚང་མས་ངོས་ལ་མཛའ་བརྩེའི་རྣམ་འགྱུར་ཤུགས་ཆེ་བཏོན་པར་སེམས་ཚོར་ཧ་ཅང་བྱུང་།  ལྷག་པར་ངོས་ཀྱིས་འགྲོ་བ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་དང་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུར་འབད་བརྩོན་བྱེད་བཞིན་པ་དེར། ནིའུ་ཛི་ལན་ཌིའི་མི་མང་ཚོས་དོ་སྣང་དང་རྒྱབ་སྐྱོར་ཤུགས་ཆེ་གནང་བ་མཐོང་སྐབས་ངོས་ལ་སེམས་འགུལ་ཤུགས་ཆེ་ཐེབས་བྱུང་།

སྐུ་ཉིད་ཀྱིས་འགལ་རྐྱེན་སྣ་ཚོགས་ལ་གདོང་ལེན་གནང་སྟེ་ནིའུ་ཛི་ལན་ཌིའི་མི་མང་གི་མངོན་འདོད་དང་རེ་བ་བསྒྲུབ་ཐུབ་པ་དང་། བྱ་གཞག་ཐམས་ཅད་ལམ་ལྷོངས་འབྱུང་བའི་ཐུགས་སྨོན་དང་བཅས། ཞེས་འཁོད།།