ཟླ་བ་ ༡༠ ཚེས ༡༥ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༥ རེས་གཟའ་ཕུར་བུ། 

༄༅། །ཉེ་ཆར་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཇ་ཡཱ་རཱམ་ཋཱ་ཀུར་ Sri Jai Ram Thakur མཆོག་ལ་ཏོག་དབྱིབས་གཉན་རིམས་ཕོག་པའི་གནས་ཚུལ་ཐོན་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་ནད་གཞི་མགྱོགས་མྱུར་དྲག་སྐྱེད་ཡོང་བའི་གསུང་འཕྲིན་སྩལ་བའི་ནང་འཁོད་དོན། ངོས་ཀྱིས་བློན་ཆེན་མཆོག་མགྱོགས་མྱུར་དྲག་སྐྱེད་ཡོང་བའི་ཐུགས་སྨོན་བྱེད་བཞིན་ཡོད། ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་འཛམ་གླིང་གི་རྒྱལ་ཁབ་ཚང་མར་ཉེན་ཁ་ཆགས་ཡོད་སྟབས། ང་ཚོས་ནད་ཡམས་འདི་མགྱོགས་མྱུར་ཞི་བའི་རེ་བ་བྱེད། ཅེས་ཐུགས་སྨོན་གྱི་གསུང་འཕྲིན་བསྩལ་བར། ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཇ་ཡཱ་རཱམ་ཋཱ་ཀུར་མཆོག་གིས་ཐུགས་རྗེ་ཆེ་ཞུས་ཡོད།།