ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༨ རེས་གཟའ་ཕུར་བུ།

༄༅། །བོད་མིའི་དྭང་བླངས་འཕྲོད་བསྟེན་ཚོགས་པའི་ཁྱབ་ཁོངས་མོན་གྷོ་འདོད་རྒུ་གླིང་དང་། འབིར། སྦན་ད་ར་ནོར་རྒྱས་གླིང་། མེའོ་ཆོས་འཕེལ་གླིང་ས་གནས་འཕྲོད་བསྟེན་སྨན་ཁང་དུ་སྨན་པའི་ས་མིག་ཡོད་ན། རང་རེའི་སྤྱི་ཚོགས་ཁྲོད་གོང་གསལ་ས་མིག་ཐོག་ཞབས་ཞུ་གནང་འདོད་ཡོད་རིགས་ནས་གཤམ་གསལ་ཆ་རྐྱེན་ཚང་ཐོག་འཚང་སྙན་འབུལ་དགོས། 

དགོས་མཁོའི་ཆ་རྐྱེན་ཁག 

༡། སྨན་པའི་སློབ་ཐོན་ཟིན་པའི་ལག་འཁྱེར་ངོ་བཤུས། 

༢། གཟུགས་གཞི་བདེ་ཐང་ལས་འཕེར་ཡིན་པའི་ངོས་སྦྱོར་སྟེང་རང་ཉིད་ཀྱི་ཕྱེད་པར་མཉམ་སྦྱར་ཐོག་ཚད་ལྡན་སྨན་པའི་ལས་དམ་དང་མཚན་རྟགས་འཁོད་པ་ངོ་མ། 

༣། རང་ཉིད་གཏན་སྡོད་བྱ་ཡུལ་ས་གནས་འགོ་འཛིན་ནས་རྒྱུན་དུ་བྱ་སྤྱོད་ཉེས་སྐྱོན་མེད་པའི་ངོས་སྦྱོར་ངོ་མ།

༤། སྤྱི་སྒེར་གང་རུང་ལས་ཀ་བྱེད་མུས་ཡིན་ཚེ་ལས་ཡུལ་དེ་ནས་དགག་བྱ་མེད་པའི་ངོས་སྦྱོར།

 དོ་བདག་ལ་འབྲེལ་བ་ཞུ་བདེའི་སླད་ཁ་དཔར་ཨང།  གློག་འཕྲིན། (Email) སོགས་ཁ་གསལ་བཀོད་དེ་གཤམ་གསལ་དྲུང་ཆེའི་མཚན་བྱང་ཐོག་ཕུལ་དགོས་རྒྱུ་བཅས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་སུ། འཕྲོད་བསྟེན་ལས་ཁུངས་ནས་ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༨ ལ།།

 

༼འཚང་སྙན་འབུལ་ཡུལ།༽  

Secretary,

Department of Health, CTA 

Gangchen Kyishong, Dharamsala 176215

Distt Kangra H.P

Email:     [email protected] /   [email protected]