ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༣༠ རེས་གཟའ་པ་སངས།  

༄༅། །འདི་ཕྱི་གཉིས་ཀྱི་སྐྱབས་གནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་འཛམ་གླིང་ཁྱོན་ཡོངས་ནང་བོད་ཀྱི་ཆོས་དང་རིག་གཞུང་དར་ཁྱབ་ཧ་ཅང་ཤུགས་ཆེ་འགྲོ་མུས་བཞིན། བོད་ཀྱི་ཟློས་གར་ཚོགས་པའི་གནས་བབ་དང་བསྟུན་ནས་བོད་ཀྱི་རྩ་ཆེའི་རིག་གཞུང་རྒྱུན་འཁྱོངས་དར་སྤེལ་སྔར་ལྷག་འབྱུང་ཐབས་སུ་སྒྱུ་རྩལ་བ་སློབ་ཕྲུག་བུ་གྲངས་ ༦ དང་། བུ་མོ་ ༦ བཅས་སློབ་ཡོན་ཆག་ཡང་ཐོག་གསར་འཇུག་ཞུ་རྒྱུའི་ཆ་རྐྱེན་གཤམ་གསལ།

ཀ༽   འཚང་རྒྱུགས་ཆ་རྐྱེན།

༡།      བོད་ཀྱི་འཁྲབ་སྟོན་སྒྱུ་རྩལ་ལ་དོ་དབྱིངས་ཡོད་པ།

༢།      རང་ལོ་ ༢༠ ལས་མ་བརྒལ་བ།

༣།     གཟུགས་པོའི་རིང་ཚད་ 4.10ft – 5.6ft བར་དགོས་པ།

༤།     སྒྲ་གདངས་དང༌མི་བབས་གང་ལེགས་ཡོད་པ།

༥།      ཤེས་ཚད་ཉུང་མཐར་འཛིན་རིམ་ ༨ ཐོན་པའི་ལག་འཁྱེར་ངོ་བཤུས།

༦།      དྭང་བླངས་དཔྱ་དངུལ་གཙང་ཕུལ་ཟིན་པའི་ངོ་བཤུས།

༧།      གཟུགས་ཁམས་བདེ་ཐང་ཡིན་པའི་སྨན་པ་ཚད་ལྡན་གྱི་ངོས་སྦྱོར།

ཁ༽    འདེམས་རྒྱུགས།

༡།    སྔོན་འགྲོའི་འདེམས་རྒྱུགས་ཚོད་བལྟ་འདི་ཉིད་སྒྱུ་རྩལ་བ་རང་ཉིད་ནས་བརྙན་དཔར་བཅོས་སྒྲིག་གང་ཡང་མེད་པར་བོད་གཞས་དང་། རོལ་ཆ། ཞབས་བྲོ་སོགས་འཁྲབ་སྟོན་གནང་བའི་བརྙན་ཐུང་འདི་གར་བསྐུར་དགོས་རྒྱུ།

༢།    དྲྭ་ཐོག་ནས་འདེམས་སྒྲུག་བྱུང་རིགས་དངོས་གཞི་འདེམས་རྒྱུགས་བོད་ཀྱི་ཟློས་གར་དུ་གནང་རྒྱུ།

ཁ༽    ཐུགས་སྣང༌།

༡།      ལོ་གསུམ་རིང་རྐང་བྲོ་གླུ་གཞས་དང་། གཏམ་བརྗོད། ལྷ་མོ་སོགས་ཀྱི་སྦྱོང་བརྡར་དང་། ལོ་གཉིས་མཚམས་སྦྱོར་ཐོན་རྗེས་བྲོ་པ་གཞོན་པར་འདེམས་སྒྲུག་བྱ་རྒྱུ།

༢།      དགོས་མཁོའི་ཡིག་ཆའི་ངོ་བཤུས་ཁག་ལ་ས་གནས་འགོ་འཛིན་ནམ་ཟུང་སྦྲེལ་དྲུང་ཆེ་ཡན་གྱི་དག་མཆན་འཁོད་དགོས།

༣༽    ལོ་ལྔ་རིང་གི་སྦྱོང་བརྡར་དུས་ཡུན་རིང་ནད་མནར་སྨན་བཅོས་ཁོངས་སོ་སོས་གཏོང་དགོས་རྒྱུ་དང་། བོད་ཀྱི་ཟློས་གར་ཚོགས་པའི་སྒྲིག་གཞི་གཞིར་བཟུང་དུས་ཡུན་མ་ཟིན་གོང་དགོངས་ཞུས་བྱ་དགོས་བྱུང་ཚེ། དུས་ཡུན་དེ་དག་རིང་གི་སློབ་ཡོན་ཆ་ཚང་གཏན་འབེབས་ལྟར་ཕྱིར་སློག་དགོས་རྒྱུ།

བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་སློབ་ཕྲུག་ཁོངས་འཛུལ་ཞུགས་བྱ་བློ་ཡོད་རིགས་ནས་ཕྱི་ལོ་ ༢༠༢༠ ཟླ་བ་ ༡༡ ཚེས་ ༣༠ ནང་ཚུད་དྲྭ་ཚིགས་ཁ་བྱང། [email protected] ཐོག་སྙན་ཤོག་དང་ཡིག་ཆ་ཁག་གི་ངོ་བཤུས། འཁྲབ་སྟོན་བརྙན་ཐུང་བཅས་ཕུལ་འབྱོར་ཟིན་པ་དགོས་རྒྱུའི་གསལ་བསྒྲགས་སུ།   བོད་ཀྱི་ཟློས་གར་ཚོགས་པའི་ཡིག་ཚང་ནས། ཕྱི་ལོ་ ༢༠༢༠ ཟླ་བ་ ༡༠ ཚེས་ ༣༠ ལ།

འབྲེལ་གཏུགས་ཁ་པར་ཨང། ༧༦༥༠༠༥༦༦༥༤  ༩༤༡༨༧༩༧༥༢༩