ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢༢ རེས་གཟའ་མིག་དམར།

༄༅། །བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་གི་ནང་ལས་བྱེད་ས་མིག་སྟོང་པ་ཐོན་པར་ཁ་སྐོང་ཆེད་གསར་འདེམས་བསྐོ་གཞག་གནང་རྒྱུ་ཡིན་ན། གཤམ་གསལ་ས་མིག་ ༢ ཐོག་ཆ་རྐྱེན་ཚང་ཞིང་དོན་དམ་སྲི་ཞུའི་ལས་བྱེད་ཞབས་འདེགས་ཞུ་འདོད་ཡོད་རིགས་ནས་འཚང་སྙན་འབུལ་འཐུས།

བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དུ་ཁྱད་ལས་པ་དྲུང་གཞོན་ས་མིག་ ༢  ༼གཉིས། ༽ ཆེད་དགོས་ངེས་ཆ་རྐྱེན་གཤམ་གསལ།

༡༽ ལས་འགན། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་དང་ཧི་མ་ལ་ཡའི་རི་རྒྱུད། འཕགས་བོད་ས་མཚམས་སྐོར། རྒྱལ་སྤྱིའི་ཆབ་སྲིད་དང་རྒྱ་ནག་དབར་གྱི་འབྲེལ་ལམ་སྐོར་དང་། དེ་བཞིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་ཡུ་རོབ་མཐུན་ཚོགས། ཐེ་ཝན་སོགས་ཀྱི་དབར་དམིགས་བསལ་འབྲེལ་ལམ་སྐོར། རྒྱལ་སྤྱིའི་ཆབ་སྲིད་དང་རྒྱ་ནག་དབར་འབྲེལ་ལམ། རྒྱ་ནག་གིས་བོད་ལ་འཛིན་པའི་སྲིད་བྱུས་དང་འབྲེལ་བ་བཅས་ཀྱི་ཐོག་ཉམས་ཞིབ་ཞུ་རྒྱུའི་འགན་ཁུར་བྱེད་པོ། 

༢༽ ཤེས་ཚད། ཚད་ལྡན་མཐོ་སློབ་ཞིག་ནས་རྒྱལ་སྤྱིའི་ཆབ་སྲིད་རིག་པ་དང་རྒྱ་ནག་གི་སློབ་ཚན་ཐོག་འབུམ་རམས་པ་ (PhD) ཐོན་པའམ་ཡང་ན། (M. Phil) ལག་འཁྱེར་ཐོག་ལོ་ ༤ ལས་ཀའི་ཉམས་མྱོང་ཡོད་པ།

༤༽ ལོ་ཚད། ༢༠༢༠།༡༠།༢༣ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་ ༣༥ ལས་མ་བརྒལ་བ་དགོས།

༽ རྒྱུགས་གཞི། ཆ་རྐྱེན་ཚང་བའི་མི་འགྲོ་རྣམས་ལ་ངག་རྒྱུགས་ཀྱི་ལམ་ནས་འདེམས་སྒྲུག་གནང་རྒྱུ།

གོང་གསལ་ས་མིག་ཐོག་ཆ་རྐྱེན་ལྡན་རིགས་ནས་འདི་ག་ལས་ཁུངས་དང་། ས་གནས་འགོ་འཛིན་ལས་ཁུངས། གཞུང་འབྲེལ་དྲ་རྒྱ་ (www.tibet.net) ནས་བོད་ཡིག་ཐོག་གཏན་འབེབས་ཡོད་པའི་འཚང་སྙན་འགེངས་ཤོག་ཕབ་ལེན་གྱིས་དོན་ཚན་རྣམས་འཚེམས་ལུས་མེད་པ་བཀང་ཟིན་རྗེས།

༡༽ རང་ཉིད་ཀྱི་ད་ལྟའི་ཕྱེད་པར་ཚོན་ལྡན་ ༢ རེ། (One passport & one stamp size photo)

༢༽ འཛིན་རིམ་བཅིུས་ཡན་གྱི་སློབ་ཐོན་ལག་འཁྱེར་ཆ་ཚང་དང་། ཤེས་ཚད་ལག་འཁྱེར་ཨང་ཤོག་ (Marks Card & Degree Certificate) བཅས་ཀྱི་ངོ་བཤུས།

༣༽ འབུལ་འབབ་གཙང་འབུལ་ཟིན་པའི་དཔྱ་དངུལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང་། གཉིས་པ། མཐའ་མ་བཅས་ཀྱི་ངོ་བཤུས།

༤༽ སྐྱེས་ཚེས་ལག་འཁྱེར་ཡོད་ན་དང་། དེ་མིན་རང་ལོའི་ཁུངས་སྐྱེལ་ཆེད་འཛིན་རིམ་ ༡༠ པའི་ལག་འཁྱེར་གྱི་ངོ་བཤུས།

༥༽ བོད་མིའི་སྒྲིག་གཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་རྒྱ་བོད་སྨན་ཁང་ཡོད་ན་དང་། དེ་མིན་སྨན་ཁང་ཚད་ལྡན་གང་རུང་ནས་ནད་རིགས་མེད་པར་གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་ཁ་གསར་སྟེང་རང་ཉིད་ཀྱི་འདྲ་པར་མཉམ་སྦྱར་ཐོག་དག་མཆན་ལས་དམ་འཁོད་པ་ངོ་མ།

༦༽ རང་ཉིད་གཏན་སྡོད་བྱ་ཡུལ་སྐུ་ཚབ་དོན་གཅོད་དམ་ས་གནས་འགོ་འཛིན་གྱི་བྱ་སྤྱོད་ཐལ་སྐྱོན་མེད་པའི་ངོས་སྦྱོར་ (Character Certificate) ངོ་མ།

༧༽ གལ་སྲིད་སྒེར་གྱི་སྡེ་ཚན་གང་རུང་ནང་གཏན་འཇགས་ལས་ཀ་བྱེད་མུས་རིགས་ཡིན་ན་སྡེ་ཚན་དེའི་འགན་འཛིན་ནས་དགག་ཆ་མེད་པའི་ངོས་སྦྱོར་ངོ་མ་དང་བཅས་གོང་གསལ་ཡིག་ཆའི་ངོ་བཤུས་ཁག་ལ་འབྲེལ་ཡོད་ས་གནས་འགོ་འཛིན་ནམ། ལས་བྱེད་འདེམས་ལྷན་ནས་བསྐོ་གཞག་བྱས་པའི་ཟུང་དྲུང་གནས་རིམ་ཡན་སུ་རུང་གི་དག་མཆན་ལས་དམ་ (Attestation) ཞུས་ཏེ། ༢༠༢༠ ཟླ ༡༠ ཚེས་ ༢༣ ཉིན་རྒྱབ་ཚོུད་ ༤ པ་འགྱངས་མེད་རང་ཉིད་ཀྱི་ཁྱིམ་གཞིས་དང་། ད་ལྟའི་སྡོད་གནས་སུ་འབྲེལ་བ་གནང་བདེའི་ཁ་བྱང་། ཁ་དཔར་ཨང་།  གློག་འཕྲིན། (E-mail) སོགས་ཁ་གསལ་བཀོད་དེ་གཤམ་གསལ་དྲུང་ཆེའི་མཚན་བྱང་ཐོག་ཕུལ་འབྱོར་ཟིན་པ་དགོས་རྒྱུ། གོང་གསལ་དུས་བཀག་རྗེས་འཚང་སྙན་ཕུལ་འབྱོར་རིགས་རྩིས་མེད་ཡིན། དུས་ཐོག་འབྱོར་རིགས་རྣམས་ལ་ཞིབ་འཇུག་ཚོགས་ཆུང་ནས་ཞིབ་འཇུག་དང་འབྲེལ་འོས་ཆོས་ལྡན་པ་ཚོར་དུས་ཐོག་འབོད་བརྡ་བྱ་རྒྱུར་སྐབས་བསྟུན་ལག་འཁྱེར་སོགས་ཡིག་ཆ་ངོ་མ་ཁག་མཉམ་འཁྱེར་གྱིས་འབྱོར་ཐོ་འགོད་བཅར་དགོས་པ་བཅས་ཀྱི་གསལ་བསྒྲགས་སུ། ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ ༢༠༢༠ ཟླ་ ༠༩ ཚེས་ ༢༢ ལ།། 

Secretary

Public Service Commission

Central Tibetan Administration

Gangchen Kyishong, Dharamsala-176215

Distt.Kangra(H.P)

E-mail:[email protected]