གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༨ རེས་གཟའ་མིག་དམར། 

༄༅། །བོད་བླ་བྲང་ཨ་མཆོག་སྡེ་བ་ནས་སྐུ་ལུས་མེར་སྲེག་གནང་བའི་ལྷ་མོ་ཚེ་བརྟན་ལགས་དང་འབྲེལ་བ་ཡོད་པའི་ཉེས་འཛུགས་འོག་བཙོན་འཇུག་བྱས་པའི་བོད་མི་འཕགས་པ་སྐྱབས་ལགས་ཀློད་གྲོལ་བཏང་ཡོད་འདུག

དེ་ཡང་བོད་ཀྱི་དུས་བབ་ནང་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་ ༢༠༡༢ ལོར་བོད་བླ་བྲང་ཨ་མཆོག་སྡེ་བ་ནས་སྐུ་ལུས་མེར་སྲེག་གནང་བའི་ལྷ་མོ་ཚེ་བརྟན་ལགས་དང་འབྲེལ་བ་ཡོད་པའི་ཉེས་འཛུགས་འོག་བཙོན་འཇུག་བྱས་པའི་བོད་མི་འཕགས་པ་སྐྱབས་ལགས་ཀློད་གྲོལ་བཏང་ཡོད་འདུག

ཕྱི་ལོ་༢༠༡༢ ཟླ་ ༡༠ ཚེས ༢༦ ཉིན་བོད་མདོ་སྨད་བླ་བྲང་ཨ་མཆོག་སྐེད་སྡེ་བའི་རྒྱལ་གཅེས་པ་ལྷ་མོ་ཚེ་བརྟན་ལགས་ཀྱིས། རང་ལུས་མེར་སྲེག་གནང་སྐབས། ཁོང་གི་སྐུ་ལུས་འབར་འཕྲོའི་སྟེང་དུ་ས་སྣུམ་བླུག་རོགས་བྱས་ཡོད་སོགས་ཀྱི་ནག་ཉེས་གཡོགས་ཏེ། ཕྱི་ཟླ ༡༢ ཚེས ༤ ཉིན་གྱི་སྔ་དྲོར་ཨ་མཆོག་རྔ་རྒོད་ཀྱི་རང་ལོ་ ༥༧ ཡིན་པའི་བོད་མི་ཨ་འཕགས་སམ་འཕགས་པ་སྐྱབས་ལགས་འཛིན་བཟུང་བྱས་ཏེ། རྗེས་སུ་ལོ་ ༡༢ རིང་ཁྲིམས་ཐག་བཅད་ཡོད་ཀྱང་། ཉིན་གསུམ་ཙམ་གོང་དུ་གསང་བའི་ཐོག་ནས་ཀློད་གྲོལ་བཏང་ཡོད་ཀྱང་། ཁོང་གི་སྐུ་གཟུགས་ཀྱི་གནས་སྟངས་ག་འདྲ་ཡོད་མེད་སོགས་ཤེས་རྟོགས་ཐུབ་ཀྱི་མི་འདུག

བོད་མི་འཕགས་པ་སྐྱབས་ལགས་འཛིན་བཟུང་བྱས་རྗེས་གོ་ཐོས་མེད་པར་གྱུར་ཡོད་ཀྱང་ཕྱིས་སུ་ཁྲིམས་ཐག་བཅད་ཡོད་པ་དང་། ཁོང་ནི་མི་དྲང་ཚུགས་ལྡན་པ་དང་ལྷག་བསམ་ཅན་ཞིག་ཡིན་འདུག་ལ། ཁོང་གློ་བུར་དུ་འཛིན་བཟུང་བྱས་རྗེས་ཁོང་གི་ནང་མི་ཚོ་ལའང་རྒྱ་ནག་གཞུང་གིས་དཀའ་ངལ་བཟོས་ཡོད་འདུག །