ཟླ་བ་ ༩ ཚེས ༢༨ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢༨ རེས་གཟའ་ཟླ་བ།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢༨ རེས་གཟའ་ཟླ་བ་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་དབུས་འོས་བསྡུ་ལས་ཁང་ནས་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༦༧ ནང་གསེས་ ༤ དགོངས་དོན། སྲིད་སྐྱོང་གི་དངོས་གཞིའི་འོས་གཞི་གྲངས་ཚད་གཏན་འབེབས་སྐོར་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་འོས་བསྡུ་ཆེན་མོའི་དུས་ཚོད་དང་ལས་རིམ་གཏན་འབེབས་སྐོར་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་སོང་།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༠༠ ཐོག་དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་མཆོག་དབུ་བཞུགས་ཐོག་འོས་བསྡུའི་འགན་འཛིན་ལས་འཕར་དགེ་བཤེས་མ་བདེ་ལེགས་དབང་མོ་ལགས་དང་། ལོ་རྒྱུས་སློབ་དཔོན་རྒན་པ་སྤྱི་ཟུར་བསོད་ནམས་རྒྱལ་མཚན་ལགས། ཟུང་དྲུང་བསྟན་འཛིན་ནོར་བུ་ལགས། ཕྱི་ནང་གི་གསར་འགོད་པ་བཅས་ལྷན་འཛོམས་ཐོག་དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་མཆོག་གིས་གསར་འགོད་གསལ་བསྒྲགས་གནང་དོན། དེ་རིང་དབུས་འོས་བསྡུ་ལས་ཁང་ནས་གལ་ཆེ་གནད་དོན་ཁག་གཅིག་གི་ཐོག་གསར་འགོད་གསལ་བསྒྲགས་ཞུ་རྒྱུ་ཡིན། གནད་དོན་དང་པོ་ནི། དབུས་འོས་བསྡུ་ལས་ཁང་ནས་ཤེས་གསལ་ལྟར་ན། ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢༠ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༧།༠༥ ཐོག་ཚུལ་ཁྲིམས་བསྟན་པ་ཞེས་པས་ངོ་དེབ་བརྒྱུད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་ཤོག་དང་སྦུག་ཐམ་རྫུན་བཟོས་དང་བརྐུས་པའི་གནད་དོན་ཐབས་སྡུག་དང་འཚབ་ཆེན་བྱུང་ཡོད། དབུས་འོས་བསྡུ་ལས་ཁུངས་ནས་ངོ་རྒོལ་མཐའ་གཅིག་ཏུ་ཡོད། ཅེས་ཞུ་རྒྱུ་ཡིན།

ང་ཚོས་ངོ་རྒོལ་ཡོད་ཅེས་ཞུ་པ་ཙམ་གྱི་གནད་དོན་འགྲིག་ཐབས་མེད་སྟབས། ཕྱི་ཚེས་ ༢༡ ཉིན་གྱི་སྔ་དྲོར་དཔལ་ལྡན་དགའ་ལྡན་ཕོ་བྲང་དུ་ཆེད་བཅར་ཞུས་པ་དང་། དེ་བཞིན་དེ་ཉིན་གྱི་ཕྱི་དྲོར་དཔལ་ལྡན་བཀའ་ཤག་ལ་སྙན་གསང་ཞུས་ནས་གནད་དོན་འདི་བོད་མི་ཞིག་ཡིན་པ་དང་། ལྷག་པར་འཛམ་གླིང་ཁྱོན་ཡོངས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་མཐོང་ཇི་ཙམ་ཡོད་པ་ང་ཚོ་ཚང་མས་ཤེས་གསལ་རེད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་ཤོག་དང་སྦུག་ཐམ་རྫུན་བཟོས་དང་བརྐུས་པའི་གནད་དོན་ལས་ལས་ཀ་ཚབས་ཆེ་བ་ང་ཚོས་མཐོང་གི་མི་འདུག དེར་བརྟེན་བྱེད་གཏེ་སུ་ཡིན་ནའང་རྩད་གཅོད་མཐིལ་ཕྱིན་པ་གནང་དགོས་ཀྱི་འདུག ཅེས་སྙན་གསང་ཞུ་རྒྱུ་བྱུང་། དབུས་འོས་བསྡུ་ལས་ཁུངས་ནས་ཀྱང་བྱ་ར་བྱེད་མུས་ཡིན། བོད་རྒྱལ་ཁབ་ཀྱི་ལོ་རྒྱུས་ནང་ད་བར་ཕལ་ཆེར་བྱུང་མ་མྱོང་བའི་གནད་དོན་ཐབས་སྐྱོ་བོ་ཞིག་བྱུང་བ་དེ་ལ་བློ་ཕམ་དང་ངོ་རྒོལ་ཡོད་ཅེས་ཞུ་རྒྱུ་ཡིན། 

གནད་དོན་གཉིས་པ་ནི། དེ་སྔོན་སྙན་གསང་ཞུས་པ་ནང་བཞིན་ཕྱི་ལོ་ ༢༠༢༡ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་འོས་བསྡུ་ཆེན་མོའི་ཆེད་འོས་འཕེན་པའི་མིང་གཞུང་དེབ་འགོད་ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༡ ནས་ཕྱི་ཟླ་ ༡༠ ཚེས་ ༡༥ བར་གནང་རྒྱུ་གཏན་འཁེལ་ཡོད་པ་ལྟར། ས་གནས་འོས་བསྡུའི་འགན་འཛིན་རྣམ་པ་དང་། ས་གནས་འོས་བསྡུའི་ཚོགས་མི། དེ་བཞིན་དེབ་འགོད་འགན་འཛིན་རྣམ་པ་བཅས་ནས་ཏོག་དབྱིབས་གཉན་རིམས་ཀྱི་དཀའ་ངལ་ཡོད་ནའང་དེབ་འགོད་ཚ་ཚ་འུར་འུར་ངང་གནང་བཞིན་པའི་གནས་སྟངས་ཆགས་ཡོད། ཟླ་འདིའི་ཕྱི་ཚེས་ ༢༤ བར་ས་གནས་ཁག་སུམ་ཅུ་ཙམ་ནས་འོས་འཕེན་པའི་མིང་གཞུང་དེབ་འགོད་ཟིན་པ་མི་གྲངས་ ༣༦༣༦༧ བྱུང་འདུག ད་དུང་ཡིན་ནའང་ཕྱི་ཟླ་ ༡༠ ཚེས་ ༡༥ བར་འོས་འཕེན་པའི་མིང་གཞུང་དེབ་འགོད་ཆོག་པ་ཡིན། ཕྱི་ཟླ་ ༡༠ ཚེས་ ༡༦ ནས་ ༣༠ བར་མིང་གཞུང་སྣོན་འཕྲི་སོགས་ཀྱི་སླད་དུས་ཚོད་ཕུལ་ཡོད།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། བོད་མི་མང་སྤྱི་འཐུས་རྣམ་པའི་འོས་བསྡུ་ཆེན་མོ་འདི་ཧ་ཅང་གནད་འགག་ཆེན་པོ་དང་གལ་ཆེན་པོ་ཡིན་པར་བརྟེན་དེའི་ནང་མཉམ་ཞུགས་སླད་མིང་གཞུང་དེབ་འགོད་ནི་མེད་དུ་མི་རུང་བ་ཆགས་ཡོད། ཅེས་ཞུ་རྒྱུ་ཡིན། ཞེས་གསུངས་ཏེ་གསར་འགོད་གསལ་བསྒྲགས་སྒྲོགས་སྦྱང་གནང་དོན། 

 

བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༦༧ པའི་ནང་གསེས་ ༤ དགོངས་དོན། སྲིད་སྐྱོང་གི་དངོས་གཞིའི་འོས་གཞི་གྲངས་ཚད་གཏན་འབེབས་ཞུས་སྐོར་གསར་འགོད་གསལ་བསྒྲགས།

༡། འོས་བསྡུའི་སྒྲིག་གཞི་དོན་ཚན་ ༦༧ པའི་ནང་གསེས་ ༤ པའི་ནང་ དབུས་འོས་བསྡུ་ལས་ཁང་ནས་སྔོན་འགྲོའི་འོས་གཞིར་སྒྲིག་གསལ་འོས་ཆོས་ཚང་ཡོད་མེད་དང་། དཔྱ་དངུལ་འབུལ་ཆད་ཡོད་མེད་བརྟག་ཞིབ་རྩད་གཅོད། དགོངས་ཞུའི་རིགས་བཅས་གྲུབ་རྗེས་སྲིད་སྐྱོང་གི་དངོས་གཞིའི་འོས་གཞི་གཉིས་ལས་མ་ཉུང་བ་གསལ་བསྒྲགས་བྱེད་དགོས་ཞེས་པའི་དགོངས་དོན་བཞིན། དབུས་འོས་བསྡུའི་ལྷན་ཚོགས་ནས་འོས་གཞི་འདོན་ཕྱོགས་དང་འབྲེལ་བའི་སྒྲིག་གཞིའི་དོན་ཚན་ཁག་ལ་ཞིབ་འཇུག་གིས་ཕྱི་ལོ་ ༢༠༢༡ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གི་དངོས་གཞིའི་འོས་གཞི་གྲངས་གཉིས་ལ་གཏན་འབེབས་ཐག་གཅོད་ཞུས་པ་ཡིན།

༢། གལ་ཏེ་གྲངས་ཚད་གཅིག་གྱུར་གྱི་དངོས་གཞིའི་འོས་གཞི་གཉིས་པ་གཉིས་ཐོན་ཚེ། འོས་གཞི་གསུམ་འདོན་རྒྱུ།

༣། གལ་ཏེ་དངོས་གཞིའི་འོས་གཞི་དང་པོ་གྲངས་ཚད་གཅིག་གྱུར་གཉིས་ཐོན་ཚེ་དེ་གཉིས་ལ་འོས་གཞིར་ཐག་གཅོད་ཞུས་པའི་གསར་འགོད་གསལ་བསྒྲགས་སུ། དབུས་འོས་བསྡུ་ལས་ཁང་ནས་ ༢༠༢༠ ཟླ་ ༩ ཚེས་ ༢༨ ལ།།

བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་གི་འོས་བསྡུ་ཆེན་མོའི་དུས་ཚོད་དང་ལས་རིམ་གཏན་འབེབས།

 

ཨང་།

ལས་རིམ།

ཕྱི་ལོ་ཟླ་ཚེས།

ཉིན་གྲངས།

འོས་བསྡུའི་ལས་དོན་བྱེད་ཕྱོགས་དང་ལས་རིམ་གཏན་འབེབས་རེའུ་མིག་ས་གནས་ཁག་ལ་གཏོང་རྒྱུའི་དུས་ཚེས། ༢༠༢༠།༡༢།༠༡
གོང་གསལ་བཀོད་རྒྱ་ས་གནས་སུ་འབྱོར་རྒྱུའི་ལམ་འགོར་དུས་ཚོད། ༢༠༢༠།༡༢།༠༢ ནས་ ༢༠༢༠།༡༢།༡༢ ༡༡
ས་གནས་སུ་མང་ཚོགས་འདུ་འཛོམས་དང་དྲིལ་བསྒྲགས་བྱ་རྒྱུའི་དུས་ཚོད། ༢༠༢༠།༡༢།༡༣ ནས་ ༢༠༢༠།༡༢།༢༢ ༡༠
བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་གི་སྔོན་འགྲོའི་འོས་བསྡུ་ཆེན་མོའི་དུས་ཚེས། ༢༠༢༡།༠༡།༠༣
ས་གནས་སུ་སྔོན་འགྲོའི་འོས་ཤོག་གྲངས་བཤེར་བྱ་རྒྱུའི་དུས་ཚོད། ༢༠༢༡།༠༡།༠༥ ནས་ ༢༠༢༡།༠༡།༡༡
སྔོན་འགྲོའི་འོས་ཤོག་བྱུང་སོང་བསྡད་གསུམ་གྱི་གནས་སྟངས་དང་གྲངས་བཤེར་ཕྱོགས་བསྡོམས་དབུས་འོས་བསྡུ་ལས་ཁང་དུ་དུས་བཀག་ནང་ཚུན་འབུལ་འབྱོར་ཐུབ་པ་དགོས་རྒྱུའི་དུས་ཚོད། ༢༠༢༡།༠༡།༡༢ ནས་ ༢༠༢༡།༠༡།༢༢ ༡༡
ས་གནས་ཁག་ནས་འོས་དམིགས་ཕྱོགས་བསྡོམས་འབྱོར་བསྡད་ཆེད་དབུས་ནས་ངང་བསྒུག་བྱ་རྒྱུའི་དུས་ཚོད། ༢༠༢༡།༠༡།༢༣ ནས་ ༢༠༢༡།༠༡།༢༨
དབུས་འོས་བསྡུ་ལས་ཁང་ནས་སྔོན་འགྲོའི་འོས་ཤོག་གྲངས་བཤེར་ཕྱོགས་བསྡོམས་བྱ་རྒྱུའི་དུས་ཚོད། ༢༠༢༡།༠༡།༢༩ ནས་ ༢༠༢༡།༠༢།༠༧ ༡༠
སྒྲིག་གསལ་འོས་དམིགས་དྲུག་ལས་མ་མང་བ་སྔོན་འགྲོའི་འོས་གཞིར་གསལ་བསྒྲགས་བྱ་རྒྱུའི་དུས་ཚེས། ༢༠༢༡།༠༢།༠༨
༡༠ དབུས་འོས་བསྡུ་ལས་ཁང་ནས་སྔོན་འགྲོའི་འོས་གཞི་གསལ་བསྒྲགས་ས་གནས་ཁག་ཏུ་གཏོང་ཚེས་དང་དངོས་གཞིའི་འོས་དམིགས་གསལ་བསྒྲགས་མ་བྱས་བར་གྱི་དུས་ཡུན་དེའི་རིང་ས་གནས་འོས་བསྡུ་ལས་ཁང་སོ་སོའི་ཁྱབ་ཁོངས་སུ་དངོས་གཞིར་ཞུགས་མཁན་རྣམས་ཀྱི་ངོ་སྤྲོད་ལོ་རྒྱུས་སྙིང་བསྡུས་དང། ཉེ་ཆར་བརྒྱབ་པའི་ཕྱེད་དཔར་ཚོན་ཁྲ་ཅན་རེ་བསྡུ་ལེན་གྱིས་དབུས་འོས་བསྡུ་ལས་ཁང་དུ་འབུལ་དགོས་པ་དང། འོས་གཞིར་ཞུགས་འདུན་མེད་རིགས་ནས་དགོངས་ཤོག་འབུལ་རྒྱུའི་དུས་ཚོད། ༢༠༢༡།༠༢།༠༩ ནས་ ༢༠༢༡།༠༢།༢༨ ༢༠
༡༡ དབུས་འོས་བསྡུ་ལས་ཁང་ནས་དངོས་གཞིའི་འོས་གཞི་གྲ་སྒྲིག་བྱ་རྒྱུའི་དུས་ཚོད། ༢༠༢༡།༠༣།༠༡ ནས་ ༢༠༢༡།༠༣།༢༠ ༢༠
༡༢ དབུས་འོས་བསྡུ་ལས་ཁང་ནས་དངོས་གཞིའི་འོས་གཞི་གསལ་བསྒྲགས་བྱ་རྒྱུའི་དུས་ཚེས། ༢༠༢༡།༠༣།༢༡
༡༣ དངོས་གཞིའི་འོས་གཞི་གསལ་བསྒྲགས་བྱས་ཉིན་ནས་སྒྲིག་གསལ་ཉིན་གྲངས་ ༢༠ འཇོག་རྒྱུའི་དུས་ཚོད། ༢༠༢༡།༠༣།༢༢ ནས་ ༢༠༢༡།༠༤།༡༠ ༢༠
༡༤ བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་གི་དངོས་གཞི་འོས་བསྡུ་ཆེན་མོའི་དུས་ཚེས། ༢༠༢༡།༠༤།༡༡
༡༥ ས་གནས་སོ་སོའི་དངོས་གཞིའི་འོས་བསྡུ་མཇུག་བསྒྲིལ་གྱིས་འོས་ཤོག་གྲངས་བཤེར་ཕྱོགས་བསྡོམས་བྱ་རྒྱུའི་དུས་ཚོད། ༢༠༢༡།༠༤།༡༣ ནས་ ༢༠༢༡།༠༤།༡༩
༡༦ ས་གནས་ནས་འོས་ཤོག་བྱུང་སོང་བསྡད་གསུམ་གྱི་གནས་སྟངས་དང། འོས་ཤོག་གྲངས་བཤེར་མཐའ་མའི་གྲུབ་འབྲས་བཅས་དབུས་འོས་བསྡུ་ལས་ཁང་དུ་དུས་བཀག་ནང་ཚུན་འབུལ་འབྱོར་ཐུབ་པ་དགོས་རྒྱུའི་དུས་ཚོད། ༢༠༢༡།༠༤།༢༠ ནས་ ༢༠༢༡།༠༥།༠༤ ༡༥
༡༧ དབུས་འོས་བསྡུ་ལས་ཁང་ནས་དངོས་གཞིའི་འོས་ཤོག་གྲངས་བཤེར་ཕྱོགས་བསྡོམས་བྱ་རྒྱུའི་དུས་ཚོད། ༢༠༢༡།༠༥།༠༥ ནས་ ༢༠༢༡།༠༥།༡༣
༡༨ བོད་མིའི་སྒྲིག་འཛུགས་ཀྱི་འདེམས་ཐོན་སྲིད་སྐྱོང་གསར་འགོད་གསལ་བསྒྲགས་བྱ་རྒྱུ་བཅས། ༢༠༢༡།༠༥།༡༤

 

དབུས་འོས་བསྡུ་ལས་ཁང་ནས་ ༢༠༢༠ ཟླ་ ༩ ཚེས་ ༢༨ ལ།

བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་འོས་བསྡུ་ཆེན་མོའི་དུས་ཚོད་དང་ལས་རིམ་གཏན་འབེབས།

 

ཨང་། ལས་རིམ། ཕྱི་ལོ་ཟླ་ཚེས། ཉིན་གྲངས།
འོས་བསྡུའི་ལས་དོན་བྱེད་ཕྱོགས་དང་ལས་རིམ་གཏན་འབེབས་རེའུ་མིག་ས་གནས་ཁག་ལ་གཏོང་རྒྱུའི་དུས་ཚེས། ༢༠༢༠།༡༢།༠༡
གོང་གསལ་བཀོད་རྒྱ་ས་གནས་སུ་འབྱོར་རྒྱུའི་དུས་ཚོད། ༢༠༢༠།༡༢།༠༢  ནས་ ༢༠༢༠།༡༢།༡༢ ༡༡
ས་གནས་སུ་མང་ཚོགས་འདུ་འཛོམས་དང་དྲིལ་བསྒྲགས་བྱ་རྒྱུའི་དུས་ཚོད། ༢༠༢༠།༡༢།༡༣ ནས་ ༢༠༢༠།༡༢།༢༢ ༡༠
དང་བླངས་འོས་གཞིར་འཛུལ་ཞུགས་བྱ་རྒྱུའི་འགེངས་ཤོག་དང་ཞུ་སྙན་བཅས་ས་གནས་འོས་བསྡུ་ལས་ཁང་ནས་ཞུ་ལེན་དང་ཕྱིར་འབུལ་བྱ་རྒྱུའི་དུས་ཚོད། ༢༠༢༠།༡༢།༢༣ ནས་ ༢༠༢༠།༡༢།༢༦
ས་གནས་འོས་བསྡུ་ལས་ཁང་ནས་དང་བླངས་འོས་གཞི་རྣམས་སྒྲིག་གསལ་ཆ་རྐྱེན་ཚང་མིན་ཞིབ་འཇུག་བྱ་རྒྱུའི་དུས་ཚོད། ༢༠༢༠།༡༢།༢༧ ནས་ ༢༠༢༠།༡༢།༣༠
སྐྱེ་བོ་གང་ཞིག་དང་བླངས་འོས་གཞིར་འཛུལ་ཞུགས་བྱས་རྗེས་རང་མོས་ཕྱིར་འཐེན་བྱ་རྒྱུའི་དུས་ཚོད། ༢༠༢༠།༡༢།༣༡ ནས་ ༢༠༢༡།༠༡།༠༡
དང་བླངས་འོས་གཞི་ཁག་གི་ཡིག་ཆ་དབུས་འོས་བསྡུ་ལས་ཁང་དུ་འབུལ་རྒྱུའི་དུས་ཚེས། ༢༠༢༡།༠༡།༠༢
བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་སྔོན་འགྲོའི་འོས་བསྡུ་ཆེན་མོ་བྱ་རྒྱུའི་དུས་ཚེས། ༢༠༢༡།༠༡།༠༣
ས་གནས་སུ་སྔོན་འགྲོའི་འོས་ཤོག་གྲངས་བཤེར་བྱ་རྒྱུའི་དུས་ཚོད། ༢༠༢༡།༠༡།༠༥ ནས་ ༢༠༢༡།༠༡།༡༡
༡༠ སྔོན་འགྲོའི་འོས་ཤོག་བྱུང་སོང་བསྡད་གསུམ་གྱི་གནས་སྟངས་དང་མཐའ་མའི་གྲུབ་འབྲས་དབུས་འོས་བསྡུ་ལས་ཁང་དུ་དུས་བཀག་ནང་ཚུན་འབུལ་འབྱོར་ཐུབ་པ་དགོས་རྒྱུའི་དུས་ཚོད། ༢༠༢༡།༠༢།༡༢ ནས་ ༢༠༢༡།༠༡།༢༢ ༡༡
༡༡ ས་གནས་ཁག་ནས་འོས་དམིགས་ཕྱོགས་བསྡོམས་འབྱོར་བསྡད་རྣམས་དབུས་ནས་ངང་བསྒུག་བྱ་རྒྱུའི་དུས་ཚོད། ༢༠༢༡།༠༡།༢༣ ནས་ ༢༠༢༡།༠༡།༢༨
༡༢ དབུས་འོས་བསྡུ་ལས་ཁང་ནས་སྔོན་འགྲོའི་འོས་ཤོག་གྲངས་བཤེར་ཕྱོགས་བསྡོམས་བྱ་རྒྱུའི་དུས་ཚོད། ༢༠༢༡།༠༡།༢༩ ནས་ ༢༠༢༡།༠༢།༠༧ ༡༠
༡༣ སྒྲིག་གསལ་ཐོབ་ཁུངས་སོ་སོའི་ཐོབ་ཆའི་གྲངས་ཚད་ཀྱི་གསུམ་ལྡབ་ལས་མི་ཉུང་བའི་སྔོན་འགྲོའི་འོས་གཞི་གསལ་བསྒྲགས་བྱ་རྒྱུའི་དུས་ཚེས། ༢༠༢༡།༠༢།༠༨
༡༤ དབུས་འོས་བསྡུ་ལས་ཁང་ནས་སྔོན་འགྲོའི་འོས་གཞི་གསལ་བསྒྲགས་ས་གནས་སོ་སོར་གཏོང་ཚེས་དང་དངོས་གཞིའི་འོས་དམིགས་གསལ་བསྒྲགས་མ་བྱས་བར་སྒྲིག་གསལ་ཉིན་གྲངས་ ༣༠ འཇོག་རྒྱུའི་དུས་ཚོད་དང། དུས་ཡུན་དེའི་རིང་ས་གནས་འོས་བསྡུ་ལས་ཁང་སོ་སོའི་ཁྱབ་ཁོངས་སུ་འོས་གཞིར་ཞུགས་མཁན་རྣམས་ཀྱི་ལོ་རྒྱུས་དང། ཉེ་ཆར་བརྒྱབ་པའི་ཕྱེད་དཔར་ཚོན་ཁྲ་ཅན་རེ་བསྡུ་ལེན་གྱིས་དབུས་འོས་བསྡུ་ལས་ཁང་དུ་འབུལ་དགོས་པ་དང། འོས་གཞིར་ཞུགས་འདུན་མེད་རིགས་ནས་དགོངས་ཤོག་འབུལ་རྒྱུའི་དུས་ཚོད། ༢༠༢༡།༠༢།༠༩ ནས་ ༢༠༢༡།༠༣།༡༠ ༣༠
༡༥ དབུས་འོས་བསྡུ་ལས་ཁང་ནས་དངོས་གཞིའི་འོས་གཞི་གྲ་སྒྲིག་བྱ་རྒྱུའི་དུས་ཚོད། ༢༠༢༡།༠༣།༡༡ ནས་ ༢༠༢༡།༠༣།༢༠ ༡༠
༡༦ དབུས་འོས་བསྡུ་ལས་ཁང་ནས་དངོས་གཞིའི་འོས་གཞི་ཁག་གསལ་བསྒྲགས་བྱ་རྒྱུའི་དུས་ཚེས། ༢༠༢༡།༠༣།༢༡
༡༧ དངོས་གཞིའི་འོས་གཞི་གསལ་བསྒྲགས་བྱས་ཉིན་ནས་སྒྲིག་གསལ་ཉིན་གྲངས་ ༢༠ འཇོག་རྒྱུའི་དུས་ཚོད། ༢༠༢༡།༠༣།༢༢ནས༢༠༢༡།༠༤།༡༠ ༢༠
༡༨ བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་དངོས་གཞི་འོས་བསྡུ་ཆེན་མོའི་དུས་ཚེས། ༢༠༢༡།༠༤།༡༡
༡༩ ས་གནས་སོ་སོའི་དངོས་གཞིའི་འོས་བསྡུ་མཇུག་བསྒྲིལ་གྱིས་འོས་ཤོག་གྲངས་བཤེར་ཕྱོགས་བསྡོམས་བྱ་རྒྱུའི་དུས་ཚོད། ༢༠༢༡།༠༤།༡༣ ནས་ ༢༠༢༡།༠༤།༡༩
༢༠ ས་གནས་ནས་འོས་ཤོག་བྱུང་སོང་བསྡད་གསུམ་གྱི་གནས་སྟངས་དང་།འོས་ཤོག་གྲངས་བཤེར་མཐའ་མའི་གྲུབ་འབྲས་བཅས་དབུས་འོས་བསྡུ་ལས་ཁང་དུ་དུས་བཀག་ནང་ཚུན་འབུལ་འབྱོར་ཐུབ་པ་དགོས་རྒྱུའི་དུས་ཚོད། ༢༠༢༡།༠༤།༢༠ ནས་ ༢༠༢༡།༠༥།༠༤ ༡༥
༢༡ དབུས་འོས་བསྡུ་ལས་ཁང་ནས་དངོས་གཞིའི་འོས་ཤོག་གྲངས་བཤེར་ཕྱོགས་བསྡོམས་བྱ་རྒྱུའི་དུས་ཚོད། ༢༠༢༡།༠༥།༠༥ ནས་ ༢༠༢༡།༠༥།༡༣
༢༢ འདེམས་ཐོན་སྤྱི་འཐུས་རྣམས་ཀྱི་མཚན་གཞུང་གསར་འགོད་གསལ་བསྒྲགས་བྱ་རྒྱུ་དང་། དོ་བདག་སོ་སོར་བཀོད་རྒྱ་གཏོང་རྒྱུ། སྒྲིག་གསལ་ཉིན་གྲངས་ ༡༥ འཇོག་རྒྱུའི་དུས་ཚོད། ༢༠༢༡།༠༥།༡༤ ནས་ ༢༠༢༡།༠༥།༢༨ ༡༥
༢༣ འདེམས་ཐོན་སྤྱི་འཐུས་རྣམས་དམ་འབུལ་ཆེད་བཞུགས་སྒར་དུ་འབྱོར་ཚེས། ༢༠༢༡།༠༥།༢༩
༢༤ བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་དམ་བཅའ་འབུལ་བཞེས་མཛད་སྒོ་གནང་རྒྱུ་བཅས། ༢༠༢༡།༠༥།༣༠

 

དབུས་འོས་བསྡུ་ལས་ཁང་ནས་ ༢༠༢༠ ཟླ་ ༩ ཚེས་ ༢༨ ལ།།