ཟླ་བ་ ༩ ཚེས ༡ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༡ རེས་གཟའ་མིག་དམར། 

༄༅། །འདི་གར་དབུས་འོས་བསྡུ་ལས་ཁང་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ཀྱི་འོས་བསྡུ་ཆེན་མོའི་ལས་རིམ་འགོ་འཛུགས་ཟིན་པར་བརྟེན་། དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་མཆོག་གིས་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཁག་ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༡༧ ནས་ ༢༤ ཕྱེད་ཡོལ་ཆུ་ཚོད་ ༣ ནས་ ༥ བར་ས་གནས་འོས་བསྡུ་འགན་འཛིན་རྣམས་ལ་དྲྭ་ཐོག་ནས་རྒྱུས་སྟོན་ཟབ་སྦྱོང་ཞིག་གནང་ཡོད་པ་དང་། 

ཕྱི་ཚེས་ ༣༡ རེས་གཟའ་ཟླ་བ་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ནས་ ༡༡་༣༠ བར་ས་གནས་འོས་བསྡུའི་དེབ་འགོད་འགན་འཛིན་རྣམས་ལ་དབུས་འོས་བསྡུ་ལས་ཁང་ནས་འོས་འཕེན་པའི་མིང་གཞུང་དེབ་འགོད་དང་འབྲེལ་རྒྱུས་སྟོན་ཟབ་སྦྱོང་ཞིག་ཚོགས་ཡོད་པ་བཅས། །

  •  
  •  
  •  
  •  
  •