ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༧ རེས་གཟའ་པ་སངས། 

༄༅། །བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་སྣར་ཐང་པར་ཁང་དུ་བུད་མེད་ལས་བྱེད་གཅིག་གི་ས་མིག་ཡོད་ན། རང་རེའི་སྤྱི་ཚོགས་ཁྲོད་གོང་གསལ་ས་མིག་ཐོག་ཞུགས་འདོད་ཡོད་རིགས་ནས་གཤམ་གསལ་ཆ་རྐྱེན་ཚང་ཐོག་འཚང་སྙན་འབུལ་འཐུས།

༡༽ ལས་འགན། ཕྱི་དྲིལ་སྣར་ཐང་པར་ཁང་གི་པར་སྐྲུན་ཆེད་ལྕགས་གླེགས་ (Plate making) བཟོ་སྐྲུན་དང། པར་གཞི་སྒྲིག་སྤྱོར་(Layout)

 དེ་མིན་དེབ་རིགས་དང་དུས་དེབ་སོགས་པར་སྐྲུན་ཇི་ཐོན་རྣམས་ལྟེབ་བཅག་(Folding)དང་། རྐྱེལ་འབྲེན། དེབ་བཟོ་(Binding)ཞུ་ཐོག་ལས་ཁུངས་གཙང་བཟོ་བྱ་རྒྱུ། 

༢༽ ཤེས་ཚད། འཛིན་རིམ་བརྒྱད་པ་ཐོན་པའི་ལག་འཁྱེར་ཡོད་པ།

༣༽ ལོ་ཚད། རང་ལོ་ ༢༡ ལས་མི་ཉུང་ཞིང་ ༤༠ ལས་མ་བརྒལ་བ་དགོས་རྒྱུ།

༤༽ འབུལ་འབབ་གཙང་འབུལ་ཟིན་པའི་དཔྱ་དངུལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང། གཉིས་པ.  མཐའ་མ་བཅས་ཀྱི་ངོ་བཤུས།

༥༽ རང་ཉིད་ཀྱི་ད་ལྟའི་ཕྱེད་པར་ ༢

༦༽ གཟུགས་གཞི་བདེ་ཐང་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར།

༧༽ གལ་ཏེ་སྤྱི་སྒེར་གང་རུང་དུ་ལས་ཀ་བྱེད་མུས་ཡིན་ཚེ་ལས་ཡུལ་དེ་ནས་དགག་བྱ་མེད་པའི་ངོས་སྦྱོར།

༨༽ ཆ་རྐྱེན་ཚང་བའི་ཞུ་སྙན་ཕུལ་མཁན་རྣམས་ལ་འདེམས་རྒྱུགས་ཀྱི་ཚེས་ཆ་སྐབས་མཚམས་བརྡ་ལན་གནང་རྒྱུ་ཡིན།

༩། དོ་བདག་ལ་འབྲེལ་བ་ཞུ་བདེའི་སླད་གློག་འཕྲིན་ཁ་བྱང་དང་ཁ་པར་ཨང་གྲངས་སོགས་འཚང་སྙན་ནང་ཁ་གསལ་བཀོད་དེ་གཤམ་གསལ་དྲུང་ཆེའི་མཚན་བྱང་ཐོག་ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༡༥ ཉིན་འགྱངས་མེད་ཕུལ་འབྱོར་ཟིན་པ་དགོས་རྒྱུ་བཅས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་སུ། 

Secretary

Department of Information & International Relations,

Central Tibetan Administration

Gangchen Kyishong, Dharamsala-176215

Distt. Kangra, H.P.