ཟླ་བ་ ༨ ཚེས ༡ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༡ རེས་གཟའ་སྤེན་པ།

༄༅། །བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་ནས་བྱམས་བརྩེའི་བདག་ཉིད་ཅེས་པའི་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་དང་འབྲེལ་བའི་དངོས་བྱུང་གློག་བརྙན་ཞིག་དབུ་འབྱེད་གནང་གཏན་འཁེལ་ཡོད།
དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་དང་འབྲེལ་བའི་དངོས་བྱུང་བརྙན་ནང་སྲིད་འཛིན་ཟུར་པ་དང་། ཆེད་ལས་པ། དེ་བཞིན་བྱང་ཨ་རི་ཁུལ་གྱི་མི་སྒེར་པ་སོགས་ནས་སོ་སོའི་མི་ཚེ་དང་ཆེད་ལས་གཉིས་ཀར་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཟང་པོའི་ཤུགས་རྐྱེན་ཐེབས་པའི་སྐོར་དཔྱད་བརྗོད་གནང་བ་ཁག་ཚུད་ཡོད་པ་དང་། དངོས་བྱུང་གློག་བརྙན་དེ་བཞིན་ཕྱི་ལོ་ ༢༠༢༠ ཟླ་ ༩ པའི་བདུན་ཕྲག་དང་པོའི་ནང་དབུ་འབྱེད་གནང་གཏན་འཁེལ་ཡོད།
འབྱུང་འགྱུར་གློག་བརྙན་དང་འབྲེལ་བའི་གནས་ཚུལ་གསར་པ་ཁ་སྣོན་ཞུ་དགོས་ཚེ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་ནས་དུས་ཐོག་ཏུ་ཞུ་རྒྱུ་ཡིན་འདུག་པ་བཅས། །