ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༤ རེས་གཟའ་མིག་དམར།

༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༣༠ དང་ ༣༡ བཅས་ཉིན་གྲངས་གཉིས་རིང་བོད་ཀྱི་རིག་གཞུང་དང་སྒྱུ་རྩལ་མ་དངུལ་ཐེངས་བཞི་པའི་ལས་འཆར་དུ་འདེམས་སྒྲུག་ཆེད་རྡ་ས་ཉེ་འཁྲིས་སུ་ཡོད་པའི་སྙན་འབུལ་བ་རྣམས་ལ་ངོ་འཕྲད་འདྲི་གླེང་དང་། ཕྱོགས་མཐའི་སྙན་འབུལ་བ་རྣམས་ལ་དྲ་ལམ་བརྒྱུད་འདྲི་གླེང་བྱས་ནས་མཐའ་མའི་གྲུབ་འབྲས་སུ་ཚོགས་སྒེར་ཁག་ ༡༧ ཐེངས་འདེའི་ལས་འཆར་ནང་འདེམས་ཐོན་བྱུང་ཡོད།