ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡༣ རེས་གཟའ་ཟླ་བ།

༄༅། །བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྐབས་བསྟུན་དགོས་མཁོ་གཞི་བཟུང་ལས་བྱེད་ས་མིག་སྟོང་པ་ཐོན་པར་ཁ་སྐོང་ཆེད་གསར་འདེམས་བསྐོ་གཞག་གནང་རྒྱུ་ཡིན་ན། གཤམ་གསལ་ས་མིག་སོ་སོའི་ཆ་རྐྱེན་ཚང་ཞིང་དོན་དམ་སྲི་ཞུའི་ལས་བྱེད་ཞབས་འདེགས་ཞུ་འདོད་ཡོད་རིགས་ནས་འཚང་སྙན་འབུལ་འཐུས།

ཤེས་རིག་ལས་ཁུངས་ཀྱི་རྩོམ་སྒྲིག་དང་འབྲེལ་བའི་ལས་དོན་ཆེད་དམིགས་བཀར་དྲུང་གཞོན་ལས་རོགས་ས་མིག་ ༣ ཆེད་དགོས་ངེས་ཆ་རྐྱེན་གཤམ་གསལ།

༡༽ ལས་འགན། གཞི་རིམ་འོག་མ་དང་བར་མའི་བོད་ཡིག་སློབ་དེབ་རྩོམ་སྒྲིག་པ་དང་། ཚན་རིག་སློབ་དེབ་རྩོམ་སྒྲིག་པ། སྤྱི་ཚོགས་ཚན་རིག་སློབ་དེབ་རྩོམ་སྒྲིག་པ་དང་སྦྱོང་དེབ་རྩོམ་སྒྲིག་བྱ་རྒྱུ། གོང་གསལ་སློབ་ཚན་ཁག་གི་དགེ་རྒན་ རྣམས་ལ་རྒྱུས་སྟོན་ཞུ་རྒྱུ།

༢༽ ཤེས་ཚད། ཉུང་མཐར་ཚད་ལྡན་མཐོ་སློབ་ཁང་ཞིག་ནས་ཉེ་བའི་གཙུག་ལག་རབ་འབྱམས་ཐོན་པའམ། ཡང་ན་དེ་དང་མཉམ་པའི་ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ངོས་ལེན་རྩ་འཛིན་འཕེར་བའི་ཤེས་ཚད་ལག་འཁྱེར་ཡོད་པ་ དགོས། ཀམ་པུ་ཊར་ཤེས་ཚད་ཡོད་པ་དང་། དགེ་རྒན་འོས་སྦྱོང་ཐོན་རིགས་ལ་དམིགས་བསལ་འདམ་ཀ་བཟང་བ་ཡོད། 

༣༽ ལོ་ཚད། ༢༠༢༠།༨།༡༠  ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་ ༣༥ ལས་མ་བརྒལ་བ་དགོས།

༤༽ རྒྱུགས་གཞི། བོད་ཡིག་དང་།  ཨིན་ཡིག་སོ་སོའི་ནང་འབྲི་རྒྱུགས་དང་ངག་རྒྱུགས་ལེན་རྒྱུ་དང་། བོད་ཡིག་ནང་འབྲེལ་ཡོད་སློབ་ཚན་དང་འབྲེལ་བའི་འབྲི་རྒྱུགས་ལེན་རྒྱུ།

༥༽ འདེམས་རྒྱུགས་འཕྲོད་པར་འབྲེལ་ཡོད་སློབ་ཚན་དེར་བརྒྱ་ཆ་ ༧༠% དང་། བོད་ཨིན་སོ་སོར་བརྒྱ་ཆ་ ༣༣% རེ་བཅས་ལོན་དགོས་པ་ཡིན།

གོང་གསལ་ས་མིག་ཐོག་ཆ་རྐྱེན་ལྡན་རིགས་ནས་འདི་ག་ལས་ཁུངས་དང་། ས་གནས་འགོ་འཛིན་ལས་ཁུངས། གཞུང་འབྲེལ་དྲ་རྒྱ་ (www.tibet.net) བཅས་གང་རུང་ནས་བོད་ཡིག་ཐོག་གཏན་འབེབས་ཡོད་པའི་འཚང་སྙན་འགེངས་ཤོག་ཕབ་ལེན་གྱིས་དོན་ཚན་རྣམས་འཚེམས་ལུས་མེད་པ་བཀང་ཟིན་རྗེས།

༡༽ རང་ཉིད་ཀྱི་ད་ལྟའི་ཕྱེད་པར་ཚོན་ལྡན་ ༢ རེ། (One passport & one stamp size photo)

༢༽ འཛིན་རིམ་བཅིུས་ཡན་གྱི་སློབ་ཐོན་ལག་འཁྱེར་ཆ་ཚང་དང་། ཤེས་ཚད་ལག་འཁྱེར་ཨང་ཤོག་ (Marks Card & Degree Certificate) བཅས་ཀྱི་ངོ་བཤུས།

༣༽ འབུལ་འབབ་གཙང་འབུལ་ཟིན་པའི་དཔྱ་དངུལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང་། གཉིས་པ། མཐའ་མ་བཅས་ཀྱི་ངོ་བཤུས།

༤༽ སྐྱེས་ཚེས་ལག་འཁྱེར་ཡོད་ན་དང་། དེ་མིན་རང་ལོའི་ཁུངས་སྐྱེལ་ཆེད་འཛིན་རིམ་ ༡༠ པའི་ལག་འཁྱེར་གྱི་ངོ་བཤུས།

༥༽ བོད་མིའི་སྒྲིག་གཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་རྒྱ་བོད་སྨན་ཁང་ཡོད་ན་དང་། དེ་མིན་སྨན་ཁང་ཚད་ལྡན་གང་རུང་ནས་ནད་རིགས་མེད་པར་གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་ཁ་གསར་སྟེང་རང་ཉིད་ཀྱི་འདྲ་པར་མཉམ་སྦྱར་ཐོག་དག་མཆན་ལས་དམ་འཁོད་པ་ངོ་མ། 

༦༽ རང་ཉིད་གཏན་སྡོད་བྱ་ཡུལ་སྐུ་ཚབ་དོན་གཅོད་དམ་ས་གནས་འགོ་འཛིན་གྱི་བྱ་སྤྱོད་ཐལ་སྐྱོན་མེད་པའི་ངོས་སྦྱོར་ (Character Certificate) ངོ་མ།

༧༽ གལ་སྲིད་སྤྱི་སྒེར་སྡེ་ཚན་གང་རུང་ནང་གཏན་འཇགས་ལས་ཀ་བྱེད་མུས་རིགས་ཡིན་ན་སྡེ་ཚན་དེའི་འགན་འཛིན་ནས་དགག་ཆ་མེད་པའི་ངོས་སྦྱོར་ངོ་མ་དང་བཅས་གོང་གསལ་ཡིག་ཆའི་ངོ་བཤུས་ཁག་ལ་འབྲེལ་ཡོད་ས་གནས་འགོ་འཛིན་ནམ། ལས་བྱེད་འདེམས་ལྷན་ནས་བསྐོ་གཞག་བྱས་པའི་ཟུང་དྲུང་གནས་རིམ་ཡན་སུ་རུང་གི་དག་མཆན་ལས་དམ་ (Attestation) ཞུས་ཏེ། ༢༠༢༠ ཟླ ༨ ཚེས་ ༡༠ ཉིན་རྒྱབ་ཚོུད་ ༥ པ་འགྱངས་མེད་རང་ཉིད་ཀྱི་ཁྱིམ་གཞིས་དང། ད་ལྟའི་སྡོད་གནས་སུ་འབྲེལ་བ་གནང་བདེའི་ཁ་བྱང། ཁ་དཔར་ཨང་།  གློག་འཕྲིན། (E-mail) སོགས་ཁ་གསལ་བཀོད་དེ་གཤམ་གསལ་དྲུང་ཆེའི་མཚན་བྱང་ཐོག་ཕུལ་འབྱོར་ཟིན་པ་དགོས་རྒྱུ། གོང་གསལ་དུས་བཀག་རྗེས་འཚང་སྙན་ཕུལ་འབྱོར་རིགས་རྩིས་མེད་ཡིན། དུས་ཐོག་འབྱོར་རིགས་རྣམས་ལ་ཞིབ་འཇུག་ཚོགས་ཆུང་ནས་ཞིབ་འཇུག་དང་འབྲེལ་འོས་ཆོས་ལྡན་པ་ཚོར་དུས་ཐོག་འབོད་བརྡ་བྱ་རྒྱུར་སྐབས་བསྟུན་ལག་འཁྱེར་སོགས་ཡིག་ཆ་ངོ་མ་ཁག་མཉམ་འཁྱེར་གྱིས་འབྱོར་ཐོ་འགོད་བཅར་དགོས་པ་བཅས་ཀྱི་གསལ་བསྒྲགས་སུ། ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ ༢༠༢༠ ཟླ་ ཚེས་ ༡༣ ལ།། 

Secretary

Public Service Commission

Central Tibetan Administration

Gangchen Kyishong, Dharamsala-176215

Distt.Kangra(H.P)

E-mail: [email protected]