ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡༠ རེས་གཟའ་པ་སངས། 

 ༄༅། །བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ནས་རང་རེ་སྤྱི་ཚོགས་ཁྲོད་ཚོང་ལས་གསར་དུ་འགོ་འཛུགས་གནང་འཆར་ཡོད་པ་དང་། ད་ཡོད་ཚོང་ལས་རྒྱ་སྐྱེད་གནང་འཆར་ཡོད་པ་རྣམས་ལ་ཧིན་སྒོར་འབུམ་ ༡༠ བར་ཐོག་སྐྱེད་ཀ་བརྒྱ་ཆ་ ༡༠ བྱེད་པ་དང་ཧིན་སྒོར་འབུམ་ ༢༠ བར་ཐོག་སྐྱེད་ཀ་བརྒྱ་ཆ་ ༡༢  བྱེད་པ་བཅས་རིམ་པ་གཉིས་ཡོད་པའི་བུན་གཡར་གཏོང་རྒྱུ་ཡིན་ན། འདོད་བློ་ཡོད་མཁན་རྣམས་ནས་གཤམ་གསལ་གློག་འཕྲིན་ཁ་བྱང་ཐོག་ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༡༤ འགྱངས་མེད་འཚང་སྙན་འབུལ་ཐུབ་པ་དགོས་རྒྱུ།

གོང་གསལ་བུན་གཡར་དང་འབྲེལ་བའི་ཞིབ་ཕྲའི་ལས་རིམ་དང་ཆ་རྐྱེན་ཇི་དགོས་སོགས་འབྲེལ་ཡོད་ས་གནས་འགོ་འཛིན་བརྒྱུད་ཤེས་རྟོགས་ཡོང་རྒྱུ། དཔལ་འབྱོར་ལས་ཁུངས་ནས་ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡༠ ལ།།

གློག་འཕྲིན་ཁ་བྱང་། [email protected]

འབྲེལ་ཡོད་ལས་བྱེད་ཀྱི་ཞལ་པར་ཨང་གྲངས། ༨༢༡༩༦༧༥༩༣༢