ཟླ་བ་ ༧ ཚེས ༢༧ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༢༧ རེས་གཟའ་ཟླ་བ།

 ༄༅། །ཕྱི་ལོ་༢༠༢༠ ཟླ་༧ ཚེས་༢༣ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཝུ་ཧན་ COVID-19 ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་བཅུ་བདུན་སྤེལ་ཡོད། 

གསལ་བསྒྲགས་ཞུ་མཁན་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ལས་ཚེ་རིང་ལགས་དང་ཕྱི་ལུགས་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས། སྨན་པ་ཚེ་རིང་མཚམས་གཅོད་ལགས་བཅས་ཡིན། ཐོག་མར་འཕྲོད་བསྟེན་ལས་ཁུངས་ཀྱི་འཆར་སྡེ་ཚན་པའི་ལས་བྱེད་ཚེ་རིང་ལགས་ནས་གནད་དོན་གཉིས་ཐོག་གསལ་བསྒྲགས་གནང་རྒྱུར། དང་པོ་དེ་འཕྲོད་བསྟེན་ལས་ཁུངས་ནས་དེ་སྔ་ནད་ཁྱབ་གདལ་འགོ་འཛུགས་སྐབས་ནས་སྔོན་འགོག་ལས་དོན་མང་དག་ཅིག་སྤེལ་དང་སྤེལ་མུས་ལ་ད་ལྟའི་ཆར་ས་གནས་ལ་ལས་དོན་ཚགས་ཚུད་གང་ལེགས་འགྲོ་བཞིན་ཡོད། ད་ལན་དམིགས་བསལ་ཐུགས་སྣང་དགོས་རྒྱུར་ལག་པ་གཙང་མ་ཡང་སེ་འཁྲུ་དགོས་ཡས། དེ་བཞིན་མི་དང་མིའི་དབར་རྒྱང་ཐག་འཇོག་ཡས། གཞན་ཡང་གལ་ཆེ་དོན་ཆེན་ཡིན་ན་མ་གཏོགས་ཕྱིར་འགྲུལ་བསྐྱོད་མ་བྱེད་ཡས་མི་མང་ལ་སླར་དྲན་སྐུལ་ཞུ་བ་དང་། ཆབས་ཅིག་ཉེ་ཆར་རྒྱ་གར་དབུས་གཞུང་ནས་ཁ་རས་གྱོན་རྒྱུའི་ཐད་ལམ་སྟོན་ཕེབས་པའི་ནང་ཁ་རས་ N-95 དབུགས་འགྲོའི་བུ་ག་ཡོད་པ་དེ་མི་མང་དཀྱུས་མས་གྱོན་མི་དགོས་པར་དེའི་ཚབ་ཏུ་རས་ཀྱིས་བཟོས་པའི་ཁ་རས་དཀྱུས་མ་དེ་དང་ཡང་ན་སྨན་ཁང་ནང་སྨན་པས་བཤགས་ལས་བྱེད་སྐབས་གྱོན་རྒྱུའི་ཁ་རས་དེ་གྱོན་དགོས་པའི་ལམ་སྟོན་ཕེབས་ཡོད་ན་མི་མང་ནས་དེའི་ཐོག་དགོངས་བཞེས་ཕྱག་བསྟར་ཡོང་བ་ཞུ་བ་དང་། དོན་གནད་གཉིས་པ་དེ་འདི་ལོ་བོད་མིའི་སྒྲིག་འཛུགས་ནས་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ལོ་སྲུང་བརྩི་ཞུ་བཞིན་ཡོད་ན། འཕྲོད་བསྟེན་ལས་ཁུངས་ནས་ལས་འཆར་འདི་དང་འབྲེལ་ལས་གཞི་ཁག་གཉིས་སྤེལ་རྒྱུ་གཏན་འཁེལ་ཡོད་ན་ལས་གཞི་དང་པོ་དེ་འཕྲོད་བསྟེན་སྨན་ཁང་ཡོད་སའི་ས་གནས་ཁག་༡༡ ལ་རིན་མེད་སྨན་སྒར་ཆེད་ས་གནས་རེར་ཧིན་སྒོར་༡༥༠,༠༠༠ གཏན་འབེབས་དང་འབྲེལ་ཉེ་འཁོར་དུ་ཡོད་པའི་ཡུལ་མིའི་སྨན་ཁང་ངམ་ལས་ཁུངས་སུ་ཁ་རས་དང་། ལག་ཤུབས། སྨན་ཆུ་ལ་སོགས་པའི་ནད་ཡམས་སྔོན་འགོག་དང་འབྲེལ་བའི་ཅ་དངོས་རིགས་བགོ་འགྲེམས་བྱ་རྒྱུའི་ལས་འཆར་དང་། ལས་འཆར་གཉིས་པ་དེ་བོད་རིགས་རང་ལོ་༤༠ ཡན་ཉམས་ཐག་ཨང་ཐོབ་ཅན་དང་། དེ་བཞིན་དགོན་སྡེ་ཁག་གི་མཁན་པོ་དང་། དཔེ་འཁྲིད་སློབ་དགེ་བཅས་མི་རེར་ཧིན་སྒོར་༡༦༠༠ བྱེད་ནས་ཁྱོན་མི་གྲངས་༥༡༡༣ ལ་ནད་རིགས་སྔོན་འགོག་ཆེད་སྐུ་གཟུགས་ཆ་ཚང་བརྟག་དཔྱད་བྱ་རྒྱུའི་ལས་འཆར་སྤེལ་རྒྱུ་ཡིན་པ་བཅས་འཕྲོད་བསྟེན་ལས་ཁུངས་ནས་གསལ་བསྒྲགས་བསྐྱངས། 

དེ་རྗེས་ཚོགས་ཆུང་གི་ལས་དོན་ཁག་སྙན་བསྒྲོན་ཞུས་པའི་ཐོག་མར་འཛམ་གླིང་ཁྱོན་ཡོངས་ནང་ཏོག་དབྱིབས་གཉན་རིམས་༡༩ ནད་གཞི་ཕོག་པའི་གནས་སྟངས་ཞུ་རྒྱུར། འཛམ་གླིང་ཁྱོན་ཡོངས་ནང་ད་བར་ནད་གཞི་ཕོག་པ་གྲངས།  ༡༤༧༦༥༢༥༦༼ས་ཡ་བཅུ་བཞི་དང་བདུན་འབུམ་དྲུག་ཁྲི་ལྔ་སྟོང་ཉི་བརྒྱ་ལྔ་བཅུ་ང་དྲུག༽ནད་པ་འདས་གྲོངས་སོང་བའི་གྲངས། ༦༡༢༠༥༤ ༼དྲུག་འབུམ་ཆིག་ཁྲི་ཉིས་སྟོང་བརྒྱ་མེད་ལྔ་བཅུ་ལྔ་བཞི།༽

གནས་ཚུལ་ཁུངས་བཅོལ། https://www.who.int/emergencies/diseases/novel-coronavirus-2019 Last update: 22 July 2020, 05:30 GMT+5:30

བྱེ་བྲག་རྒྱ་བལ་འབྲུག་གསུམ་གཙོས་བཙན་བྱོལ་བོད་མིའི་ནང་གནས་སྟངས།

རྒྱ་གར་ནང་གི་ཡུལ་མིའི་གནས་སྟངས། 

ཁྱོན་ནད་གཞི་ཕོག་པ་ར་འཕྲོད་བྱུང་བ་མི་གྲངས། ༡༢༣༨༦༣༥  ༼དགུ་འབུམ་དྲུག་ཁྲི་བརྒྱད་སྟོང་བརྒྱད་བརྒྱ་བདུན་ཅུ་དོན་དྲུག༽

དྲག་སྐྱེད་བྱུང་བ་གྲངས།༧༨༢༦༠༦ ༼བདུན་འབུམ་བརྒྱད་ཁྲི་ཉིས་སྟོང་དྲུག་བརྒྱ་དྲུག།༽ 

ནད་པ་འདས་གྲོངས་སོང་བ་གྲངས། ༢༩༨༦༡ ༼ཉིས་ཁྲི་དགུ་སྟོང་བརྒྱད་རྒྱ་དྲུག་ཅུ་རེ་གཅིག༽

ད་ལྟ་ནད་མནར་བཞིན་པ་གྲངས། ༤༢༦༡༦༧ ༼བཞི་འབུམ་ཉིས་ཁྲི་དྲུག་སྟོང་བརྒྱ་དང་དྲུག་ཅུ་རེ་བདུན།༽  

མངའ་སྡེ་གྲངས་ཇི་ཙམ་ལ་ཁྱབ་གདལ་སོང་བའི་གྲངས། ༣༥ ༼སུམ་ཅུ་སོ་ལྔ་༽

གནས་ཚུལ་ཁུངས་བཅོལ། https://www.mohfw.gov.in/  as on :  23 July 2020, 08:00 IST (GMT+5:30)

བོད་མི་འདུས་སྡོད་ཆེ་སའི་མངའ་ཁུལ་གྱི་གནས་སྟངས་ཞུ་ན། 

ཧི་མཱ་ཅལ། ༦༠༩ ལྡི་ལི།༡༤༩༥༤ ལྷོ་ཕྱོགས་ཀར་ཎ་ཊ་ཀ ༤༧༠༧༥ ཨོ་ཌི་ཤ།༤༣༤༥ ལ་དྭགས། ༡༧༧  བཅས།

རྒྱ་གར་ནང་ཚབས་ཆེ་ཤོས་ ༡།  མཱ་ཧཱ་རས་ཏྲ་ – ༡༣༧༢༨༢ ༢། ཏ་མིལ་ནཱ་ཌུ། – ༥༡༧༦༥ ༣། ལྷོ་ཕྱོགས་ཀར་ཎ་ཊ་ཀ ༤༧༠༧༥ ༤། ལྡི་ལི།༡༤༩༥༤  ༥། ཏེ་ལངྒ་གཱ་ན། ༡༡༡༥༥ བཅས་ད་ལྟ་ནད་གཞི་རྩད་གཅོད་བྱུང་ཞིང་ནད་མནར་བཞིིན་པའི་གྲངས། 

གནས་ཚུལ་ཁུངས་བཅོལ། https://www.mohfw.gov.in/ as on : 23 July 2020, 08:00 IST (GMT+5:30)

ནད་གཞི་ཡོད་མེད་བརྟག་དཔྱད་མི་གྲངས། རྒྱ་གར་ནང་ཁྱོན་མི་གྲངས་༡༥༠༧༥༣༦༩༼ས་ཡ་བཅོ་ལྔ་དང་བདུན་ཁྲི་ལྔ་སྟོང་སུམ་བརྒྱ་དྲུག་ཅུ་རེ་དགུ།༽  ལ་ད་བར་ནད་གཞི་ཡོད་མེད་བརྟག་དཔྱད་ཟིན། འདི་ཟླའི་ཚེས་༢༢ ཉིན་ཁྱོན་མི་གྲངས་༣༥༠༨༢༣༼སུམ་འབུམ་ལྔ་ཁྲི་སྟོང་མེད་བརྒྱད་བརྒྱ་ཉི་ཤུ་རྩ་གསུམ།༽ བརྟག་དཔྱད་བྱས་པ། https://www.icmr.gov.in/ རྒྱ་གར་ནང་ཁྱོན་གཞུང་དང་སྒེར་གྱི་བརྟག་དཔྱད་ཁང་བསྡོམས་གྲངས་༡༢༨༤ ཡོད་འདུག ༼གཞུང་། ༨༩༥ དང་སྒེར་༣༨༩༽ https://www.icmr.gov.in/pdf/covid/labs/COVID_Testing_Labs_22072020.pdf

བལ་ཡུལ་ནང་གི་ཡུལ་མིའི་གནས་སྟངས།

ཁྱོན་ནད་གཞི་རྩད་ཆོད་པ་མི་གྲངས། ༡༨༠༩༤ དྲག་སྐྱེད་བྱུང་བ། ༡༢༦༨༤ འདས་གྲོངས་སོང་བ། ༤༢ ད་ལྟ་ནད་མནར་བཞིན་པ་མི་གྲངས། ༥༣༦༨ ཁྱོན་ནད་པ་བརྟག་དཔྱད་བྱས་པ་གྲངས།༣༢༧༦༡༤ བཅས་ཀྱི་གནས་སྟངས། 

གནས་ཚུལ་ཁུངས་བཅོལ། https://covidnepal.org/ As on 23rd July 2020, 11.00 am

འབྲུག་ནང་གི་ཡུལ་མིའི་གནས་སྟངས།

ཁྱོན་ནད་གཞི་རྩད་ཆོད་པ་མི་གྲངས། ༩༢  དྲག་སྐྱེད་བྱུང་བ། ༨༣ འདས་གྲོངས་སོང་བ། ༠  ད་ལྟ་མནར་བཞིན་པ་ནད་པའི་གྲངས། ༩ བཅས་ཀྱི་གནས་སྟངས།

གནས་ཚུལ་ཁུངས་བཅོལ། https://www.gov.bt/covid19/   As on 23rd July 2020, 11.00 am

དེ་རྗེས་སྨན་པ་ཚེ་རིང་མཚམས་གཅོད་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་གནས་སྟངས་ཇི་ཆགས་ཐད་འགྲེལ་བརྗོད་གནང་དོན།

འདས་པའི་བདུན་ཕྲག་ཅིག་གི་ནང་རྒྱ་གར་ནང་གི་བོད་མིའི་གཞིས་ཆགས་ཏུ་ནད་གཞི་ཕོག་པ་ར་འཕྲོད་བྱུང་བ་མི་གྲངས་བྱུང་། དེ་ཡང་མེའོ་ཆོས་འཕེལ་གླིང་གཞིས་ཆགས་ནས་༢ ༼སྐྱེས་པ་རང་ལོ་༣༧ རང་ལོ་༣༤༽ལ་ནད་གཞི་ཕོག་པ་རྩད་གཅོད་བྱུང་འདུག་ཅིང་ཁོང་གཉིས་ལ་དམིགས་བསལ་ནད་རྟགས་གང་ཡང་མིན་འདུག་ལ་ད་ཆ་ས་གནས་རྫོང་གི་སྨན་ཁང་ནང་གསོ་བཅོས་བྱེད་བཞིན་པའི་གནས་སྟངས་ཞུ། 

དེ་ནས་ལྡི་ལི་ཁུལ་ནས་བུད་མེད་རང་ལོ་༣༤ བྱེད་པ་གཅིག ཁོང་མོར་གློ་ཚད་ལྟ་བུའི་ནད་མངོན་བཞིན་འདུག་པར་ད་ཆ་རང་ཁྱིམ་དུ་ཟུར་བཀག་གནས་བཞིན་པའི་གནས་སྟངས། དེ་ནས་ལ་དྭགས་ཁུལ་ནས་སྐྱེས་པ་རང་ལོ་༤༧ སོན་པ་ཞིག་ལ་ནད་གཞི་ཕོག་པ་ར་འཕྲོད་བྱུང་ཞིང་། ཁོང་ལ་དམིགས་བསལ་ནད་རྟགས་གང་ཡང་མིན་འདུག་ལ་ད་ཆ་ཀོ་ཝིཌ་སྨན་ཁང་ནང་གནས་བཞིན་པའི་གནས་སྟངས་ཞུ།

ད་བར་ཁྱོན་རྒྱ་གར་དང་བལ་ཡུལ་ནང་བོད་མི་གྲངས་༦༦ ལ་ནད་གཞི་ཕོག་པ་ར་ཕྲོད་བྱུང་ཞིང་མི་གྲངས་༢ ཚེ་འདས་སོང་ཡོད་པ་དང་། མི་གྲངས་༥༥ དྲག་སྐྱེད་བྱུང་ཡོད་པ་དང་། ད་ཆ་མི་གྲངས་༩ ནད་མནར་བཞིན་པའི་གནས་སྟངས་ཞུ། 

ནད་གཞི་ཕོག་པའི་མི་གྲངས་༦༦ ལས་ཐོག་མར་ཌལ་ཧོར་གཞིས་ཆགས་སུ་མི་བྱུང་བ་དེ་དྲག་སྐྱེད་སོང་ཡོད་པ་དང་། དེ་ནས་སྦེལ་ཀོབ་ནང་༢ བྱུང་བ་དྲག་སྐྱེད་སོང་། བདེ་སྐྱིད་གླིང་ནས་༡ བྱུང་བ་དྲག་སྐྱེད་སོང་། ཊུ་ཊིང་ནས་༡ དྲག་སྐྱེད་སོང་། ཊེ་ཛུ་ནས་༡ བྱུང་བ་དྲག་སྐྱེད་སོང་། རྡ་ས་ནས་༢ བྱུང་བ་དྲག་སྐྱེད་སོང་། བལ་ཡུལ་ནས་༡ བྱུང་བ་དྲག་སྐྱེད་སོང་། ལྡི་ལི་ནས་༢༠ བྱུང་བ་ལས་༢ འདས་གྲོངས་སོང་ཡོད་པ་དང་། ༡༤ དྲག་སྐྱེད་སོང་། ༤ ད་ལྟ་ནད་མནར་བཞིན་པའི་གནས་སྟངས་དང་། དེ་བཞིན་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ནས་༡༥ བྱུང་བ་ཚང་མ་དྲག་སྐྱེད་བྱུང་ཡོད་དང་། ལ་དྭགས་བསོད་ནམས་གླིང་གཞིས་ཆགས་ནས་༡༩ བྱུང་ཁོངས་༡༦ དྲག་སྐྱེད་སོང་ཞིང་མི་གྲངས་༣ ནད་མནར་བཞིན་པའི་གནས་སྟངས་བཅས་ད་བར་བོད་མིའི་གཞིས་ཆགས་ཁག་ལ་ནད་གཞི་ཕོག་པ་ཇི་བྱུང་དང་དྲག་སྐྱེད་སོང་བའི་གནས་སྟངས་གསལ་འགྲེལ་ཞུས། ནད་གཞི་ཕོག་པའི་མི་རྣམས་ལ་ས་གནས་འཕྲོད་བསྟེན་ཚོགས་ཆུང་ནས་གསོ་རིག་གསོ་བཅོས་སྨན་ཕུལ་ཡས་དང་དེ་བཞིན་འདི་ག་འཕྲོད་བསྟེན་ལས་ཁུངས་ཀྱི་སེམས་ཁམས་འཕྲོད་བསྟེན་ཆེད་ལས་པའི་ངོས་ནས་གནས་སྟངས་བརྒྱུད་ལོན་དང་སློབ་གསོ་ལམ་སྟོན་རིགས་གནང་ཐུབ་པ་བྱུང་།

འདས་པའི་བདུན་ཕྲག་ཅིག་ནང་ལས་དོན་ཚོགས་ཆུང་གི་གྲུབ་ཐོན་ཁག་ནི།

འགོག་དབྱེ་ཟུར་འཇོག་གི་གྲངས་ཐོ།

འཕྲོད་བསྟེན་ལས་ཁུངས་ཀྱི་གྲངས་ཐོ་ཚན་པའི་སྡེ་ཚན་ནས་གནས་ཚུལ་བསྡུས་པ་གཞིར་བཟུང་ད་ལྟའི་ཆར་རྒྱ་གར་ནང་ས་གནས་གྲངས་༣ ནང་ཁྱོན་བོད་མི་གྲངས་༦༡༢ ཏེ་མི་གྲངས་༣༠༢ རང་ཁྱིམ་དུ་ཟུར་བཀག་ངང་གནས་བཞིན་ཡོད་པ་དང་མི་གྲངས་༣༡༠ བོད་མིའི་སྒྲིག་འཛུགས་ནས་མཐུན་རྐྱེན་སྦྱར་བའི་ཟུར་བཀག་ཁང་པའི་ནང་གནས་བཞིན་ཡོད་པའི་གནས་ཚུལ་ཞུ། དེའི་ནང་ནས་རྡ་ས་ཁུལ་དུ་མི་གྲངས་༨༣ ༼རང་ཁྱིམ།༣༢ དང་ཚོགས་སྡེ།༥༡༽ཡོད་འདུག 

དབུས་དང་ས་གནས་སུ་ནད་རྟགས་ཡོད་མེད་བརྟག་ཞིབ་ལས་རིམ།

རྡ་ས་ས་གནས་འགོ་འཛིན་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་གཙོས་ཚོགས་སྡེ་སོ་སོས་འགན་འཁུར་བའི་ཐོག་བདུན་ཕྲག་འདིའི་ནང་མི་གྲངས་༡༧༥༡ ༼སྒྲིག་འཛུགས་ལས་བྱེད་གྲངས་༥༢༤ རྡ་ས་ས་གནས་འགོ་འཛིན་ནས་མི་གྲངས་༢༦༣ གནས་ཆུང་གྲ་ཚང་།༨༠ དགའ་གདོང་གྲ་ཚང་།༡༣ བོད་ཀྱི་དཔེ་མཛོད་ཁང་། ༤༧ བོད་ཀྱི་སྨན་རྩིས་ཁང་།༧༦༢ གངས་སྐྱིད་ཁུང་ལོ་ན་བགྲེས་པ་སོགས་ཉེན་ཚབས་ཆེ་བའི་མི་གྲངས་༦༢ ལ་ནད་རྟགས་ཡོད་མེད་ཚོགས་སྡེ་སོ་སོ་སྟེ་བོད་མིའི་སྒྲིག་འཛུགས་གི་ལས་ཁུངས་སོ་སོ་དང་། དེ་བཞིན་གངས་སྐྱིད་དཔེ་མཛོད་ཁང་དང་། བོད་ཀྱི་སྨན་རྩིས་ཁང་། གནས་ཆུང་དང་དགའ་གདོང་གྲྭ་ཚང་སོགས་ཚོགས་སྡེ་སོ་སོའི་ལས་བྱེད་ཀྱིས་འགན་འཁྱེར་བའི་ཐོག་ཚ་བ་ཡོད་མེད་སོགས་བརྟག་དཔྱད་གནང་ཞིང་དམིགས་བསལ་ནད་རྟགས་ཐོན་པ་བྱུང་མེད། 

བདུན་ཕྲག་འདིའི་ནང་རྒྱ་གར་ནང་གི་ས་གནས་གྲངས་༣༥ བལ་ཡུལ་ནང་ས་གནས་༡ བཅས་ཁྱོན་མི་གྲངས་༧༥༢༣ ལ་ (ལོ་ན་༦༠ ཡན་མི་གྲངས་ – ༥༧༧༥ ཉེན་ཚབས་ཆེ་བ་མི་གྲངས་ – ༡༧༤༨) ཞལ་པར་བརྒྱུད་ནད་རྟགས་ཡོད་མེད་བརྟག་དཔྱད་གནང་ཐུབ་པ་བྱུང་ཡོད། དེ་བཞིན་བོད་མི་ནད་གཞི་ཕོག་པ་རྣམས་ཀྱི་གྲངས་ཐོ་དང་ཡིག་ཆ་ཁག་བཅས་མཁོ་སྒྲུབ་གནང་བཞིན་ཡོད།

གསོ་རིག་ལུས་སེམས་ནུས་གསོའི་སྨན་དང་འབྲེལ་བ།

རྒྱ་གར་ནང་གི་ས་གནས་ཁག་༢༢ ནང་གི་འགོག་དབྱེ་ཟུར་འཇོག་ཁང་དུ་གནས་བཞུགས་བོད་མི་གྲངས་༡༣༤༤ དང་རྒྱ་གར་ནང་ས་གནས་ཁག་༣༩  དང་བལ་ཡུལ་ནང་བཅས་ནང་ལོ་ན་༦༥ ཡན་བོད་མི་གྲངས་༩༥༡༣ ཕྱི་རྒྱལ་དུ་བཏང་ཟིན་པ་བསྡོམས་༦༧༦ (ཨ་རི་མི་ནི་སོ་ཊ། སྦེལ་ཇེམ། ཁེ་ན་ཌ་)གཞན་ཡང་འཕྲོད་ལས་པ་དང་དངས་ཞབས་གྲངས་༤༦༤ བླ་གཉན་ནད་གཞི་ཡོད་པ་མི་གྲངས་༤༥༧ བཅས་ཁྱོན་ད་བར་མི་གྲངས་༡༢༤༡༦ ལ་གསོ་རིག་ལུས་སེམས་ནུས་གསོའི་སྨན་རིན་མེད་ཐོག་ཕུལ་ཟིན།

ས་གནས་ལ་ནད་ཡམས་སྔོན་འགོག་ཆེད་ལས་དོན་སྤེལ་བ།

  • འདི་ག་དབུས་ལས་ནས་ལམ་སྟོན་གནང་བ་བཞིན་བོད་མིའི་གཞིས་ཆགས་ཁག་སོ་སོའི་རྫོང་དེ་ཚོན་མདོག་དམར་རྟགས་ཅན་ནང་ཚུད་པ་རྣམས་ནས་བདུན་རེའི་ནང་གཞིས་ཆགས་ཕྱི་ནང་དང་མི་མང་འདུ་འཛོམས་ཆེ་སར་དུག་སེལ་མུ་མཐུད་གནང་བཞིན་ཡོད།
  • བདུན་ཕྲག་འདིའི་ནང་རྡ་ས་ཁུལ་དུ་ཕྱི་མི་འབྱོར་བ་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་༤༨ ལ་ནད་གཞི་ཕོག་ཡོད་མེད་བརྟག་དཔྱད་བྱས་པས་མི་གྲངས་༢༨ གྲུབ་འབྲས་ཐོན་ནས་ནད་གཞི་མེད་པ་ར་འཕྲོད་བྱུང་ཡོད་ལ་མི་གྲངས་༢༠ གྲུབ་འབྲས་ཐོན་རྒྱུ་ཡིན་པ་འགྲེལ་བརྗོད་གནང་།  
  • སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བོད་མིའི་གཞིས་ཆགས་གྲངས་༡༩ ནང་འགོག་དབྱེ་ཟུར་འཇོག་ཏུ་བཞུགས་མཁན་མི་གྲངས་༤༠༠ ལ་ཞལ་པར་ཐོག་འབྲེལ་བ་གནང་ནས་གནས་སྟངས་རྒྱུད་ལོན་དང་སློབ་གསོ་ལམ་སྟོན་གནང་ཡོད་པ་དང་དེ་བཞིན་ནད་གཞི་ཕོག་པའི་མི་གྲངས་བཞི་ལས་གཉིས་ལ་ཞལ་པར་བརྒྱུད་འབྲེལ་འདྲིས་གནང་ཐུབ་འདུག་ཅིག་མི་གཉིས་ལ་ཞལ་པར་གཏོང་རྒྱུ་ཡིན་པ་རེད། 

བཞི་པ། ཐུགས་སྣང་ལམ་སྟོན།

  • ནད་ཡམས་ཁྱབ་གདལ་སྔོན་འགོག་ཆེད་རང་ཉིད་ནས་གང་བྱེད་ཐུབ་རྒྱུ་ཡོད་ཅེས་ན། རང་ཉིད་ནས་ནད་གཞི་འདི་མ་འགོས་ཡས་སྔོན་འགོག་སྲུང་སྐྱོབ་བྱེད་ཐུབ་ཀྱི་ཡོད་པ་དང་ཅིག གཉིས་པ་དེ་གལ་ཏེ་རང་ཉིད་ལ་ཚ་བ་འཕར་བ་ལ་སོགས་པའི་ནད་རྟགས་མངོན་ཞིང་ནད་གཞི་ཕོག་ཚེ་དེ་མི་གཞན་ལ་འགོ་མ་ཐུབ་པ་དེ་རང་ཉིད་སོ་སོས་བྱེད་ཐུབ་ཡས་ཤིག་ཡིན་པས་ཚང་མས་དགོངས་བཞེས་ཕྱག་བསྟར་ཡོང་བ་ཞུ་བ་དང་།
  • འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ནས་གཉན་རིམས་འདི་མཁའ་རླུང་བརྒྱུད་ནས་འཕེལ་བཞིན་ཡོད་པར་རྒྱབ་གཉེར་བྱེད་བཞིན་ཡོད་པས་བོད་མི་ཚང་མས་ཕྱིར་ཕེབས་སྐབས་ཁ་རས་ངེས་པར་གྱོན་གནང་ཡོང་བའི་རེ་སྐུལ་ཞུ་རྒྱུ། 
  • ཕྱི་ནས་སྔོ་ཚལ་རིགས་ཉོས་པ་རྣམས་ཆུས་གཙང་མ་འཁྲུ་ཡས་དང་། དེ་བཞིན་ཅ་དངོས་རིགས་ཉོས་པ་རྣམས་ལམ་སེང་ནང་དུ་མ་འཁྱེར་བར་ཕྱིར་དུག་སེལ་གནང་གལ་ཆེ་བ་ཞུ་བ་དང་། 
  • གཞན་ཡང་ལས་ཀ་ལས་ཡུལ་དུ་གཉན་རིམས་ཀོ་ཝིཌ་༡༩ བཀག་འགོག་ཐབས་ལམ་དེ་སྔ་འཕྲོད་བསྟེན་ལས་ཁུངས་ནས་ཟླ་༤ ཚེས་༡༩ ཉིན་དྲ་ཐོག་སྤེལ་ཟིན་ཡོད་ན་དེའི་ཐོག་སྒྲིག་འཛུགས་གཙོས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་ནས་ཐུགས་སྣང་གནང་དགོས་པའི་འབོད་སྐུལ་ཞུས་ཡོད།

དེ་རྗེས་ཕྱི་ལུགས་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་ནས་གསུངས་དོན། ས་གནས་སུ་ཕྱི་མི་ཕེབས་མཁན་འགོག་དབྱེ་ཟུར་བཀག་ཏུ་བཞུགས་མཁན་རྣམས་ལ་ཕྲལ་མར་ནད་འབུ་ཡོད་མེད་བརྟག་དཔྱད་མ་བྱེད་པའི་ཐོག་མི་མང་ལ་དོགས་འདྲི་ཡོད་འདུག་པས་དེའི་ཐད་རྒྱ་གར་གཞུང་ནས་ལམ་སྟོན་ལྟར་ན་མི་གང་ཞིང་ནད་པ་ཞིག་དང་ཐུགས་འཕྲད་བྱུང་ནས་ནད་འབུ་འགོས་ཡོད་ཀྱང་ཉིན་ལྔའི་ནང་ནད་འབུ་ཡོད་མེད་བརྟག་དཔྱད་ནང་ཐོན་གྱི་མེད་པས་རྒྱ་གར་གཞུང་གི་ལམ་སྟོན་ནང་ཉིན་གྲངས་ལྔའི་རྗེས་བརྟག་དཔྱད་གནང་དགོས་ཀྱི་ཡོད་པ་གསལ། དེའི་རྒྱབ་ལྗོངས་སུ་ཚན་རིག་པས་བརྟག་དཔྱད་བྱེད་དུས་ནད་གཞི་ཕོག་ནས་ཉིན་གྲངས་ལྔའི་ནང་ཚུད་བརྟག་དཔྱད་བྱེད་པ་རྣམས་ལས་བརྒྱ་ཆ་༧༠ མ་ཟིན་ཙམ་ལ་ནད་འབུ་ཡོད་ཀྱང་རྩད་གཅོད་མི་ཐུབ་པའི་གནས་སྟངས་ལ་གཞིར་བཞག་ནས་འགོག་དབྱེ་ཟུར་འཇོག་ཏུ་བཞུགས་ནས་ཉུང་མཐར་ཉིན་གྲངས་༥ བཞུགས་རྗེས་བརྟག་དཔྱད་བྱེད་ཀྱི་ཡོད་པའི་གསལ་བཤད་གནང་ཡོད་པ་དང་། དེ་ནས་ནད་འབུ་ཡོད་མེད་བརྟག་དཔྱད་ཟིན་ནས་ནད་འབུ་མེད་པའི་གྲུབ་འབྲས་ཐོན་ཡོད་ནའང་དེ་བརྒྱ་ཆ་༨༠ ཙམ་ལ་བརྒྱ་ཆ་༢༠ ད་དུང་གསལ་ཐོན་དཀའ་བར་སོང་ཉུང་མཐར་ཉིན་གྲངས་༡༤ རིང་ཟུར་བཀག་ཏུ་བཞུགས་དགོས་གལ་ཆེ་བ་གསུངས། དོན་གནད་གཉིས་པ་དེ་ད་ལྟའི་ཆར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཧོན་སུར་རབ་རྒྱས་གླིང་ཕན་བདེ་སྨན་ཁང་དང་། རྡ་སར་བདེ་ལེགས་སྨན་ཁང་གི་སྨན་པས་དབུས་སྣེ་ལེན་ཁང་དུ་ནད་འབུ་ཡོད་མེད་བརྟག་དཔྱད་ཆེད་མཆིལ་གཤེར་ལེན་བཞིན་ཡོད་པ་རེད། ད་ལྟའི་བརྟག་དཔྱད་དེ་ RT-PCR ཞེས་འཛམ་གླིང་ནང་བརྟག་དཔྱད་ཚད་ལྡན་དང་ཡག་ཤོས་ཤིག་ཆགས་ཀྱི་ཡོད་པ་གསུངས། གཞན་དུ་ Antibody Testing ཞེས་པ་དེ་ཁྲག་ལས་བརྟག་དཔྱད་བྱེད་རྒྱུ་ཡོད་ཀྱང་དེ་བདུན་ཕྲག་གསུམ་གྱི་རྗེས་ལ་མ་གཏོགས་ནད་འབུ་ཡོད་མེད་བརྟག་དཔྱད་ཐུབ་ཀྱི་མེད་པས་ནད་གཞི་རྩད་གཅོད་བྱ་རྒྱུར་འདི་ཕན་ཐོགས་ཞེ་དྲག་མེད། འདི་ནི་དཔེར་ན་ས་ཆ་གང་ཞིག་ལ་མི་ཞིག་བསྐྱོད་ཡོད་ན་དེའི་རྐང་རྗེས་ལས་མི་གཅིག་ཕྱིན་ཡོད་པ་ཤེས་པ་ལྟར་བརྟག་དཔྱད་འདིས་ནད་འབུ་ཡོད་པ་ཙམ་ཤེས་རྟོགས་ཡོང་རྒྱུ་ཙམ་རེད། གལ་ཏེ་མི་ཞིག་གཉན་རིམས་ཀོ་ཝིཌ་ན་ནས་དྲག་སྐྱེད་ཕྱིན་ཡང་བརྟག་དཔྱད་འདི་བྱེད་ན་ནད་འབུ་ཡོད་པ་སྟོན་གྱི་ཡོད། རྒྱུ་མཚན་འདི་ལ་རྟེན་ནས་ད་ཆ་ RT-PCR ལས་གཞན་ Antibody testing དེ་བྱེད་ཀྱི་མེད་པ་གསལ་བཤད་གནང་། ད་ཆ་བོད་མི་རང་ནས་བརྟག་དཔྱད་ཀྱི་སྔོན་འགྲོའི་ལས་གཞི་འདི་སྤེལ་ཐུབ་པ་འདིས་བོད་མི་རྣམས་རྒྱ་གར་གི་རྫོང་གི་སྨན་ཁང་དུ་བསྐྱོད་མ་དགོས་པ་དང་དེ་བཞིན་དུས་ཚོད་མང་པོ་འགོར་གྱི་མེད་པ་སོགས་ཁྱད་ཕན་ཡོད་པས་ད་ལན་གོ་སྐབས་ལེན་པའི་ཐོག་རྒྱ་གར་གཞུང་གི་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འདི་དང་འབྲེལ་ནས་ཀོ་ཝིཌ་༡༩ ནད་ཡམས་འདིར་གདོང་ལེན་གནང་མཁན་སྨན་པ། སྨན་ཞབས། དངས་བླངས་ལས་མི་བཅས་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞུ་ཞེས་ཞུས་པ་དང་སྦྲགས་གསར་འགོད་ཐེངས་༡༧ པ་དེ་མཇུག་སྒྲིལ་གནང་ཡོད་པ་བཅས། །