ཟླ་བ་ ༧ ཚེས ༣ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༣ རེས་གཟའ་པ་སངས།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༣ རེས་གཟའ་པ་སངས་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས་རྡ་ས་ཁུལ་གྱི་བོད་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་སེར་སྐྱ་མི་མང་སོགས་ལ་ཁ་རས་གྲངས་ ༡༠༠༠༠ ལྷག་ཙམ་བགོ་འགྲེམས་གནང་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་དབུས་ཀྱི་ལས་ཁུངས་ཁག་དང་། དབུས་བོད་ཀྱི་སྨན་རྩིས་ཁང་། བདེ་ལེགས་སྨན་ཁང་། བོད་ཀྱི་དཔེ་མཛོད་ཁང་བཅས་ལའང་ཁ་རས་ ༡༥༠༠ ལྷག་བགོ་འགྲེམས་གནང་ཡོད། 

སྐབས་དེར་འཕྲོད་བསྟེན་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་དྲུང་གཞོན་ཉི་མ་རྒྱལ་མཚན་ལགས་ཀྱིས་ཐེངས་འདིར་ཁ་རས་བགྲོ་འགྲེམས་གནང་དགོས་དོན་གཙོ་བོ་ནི། ཏོག་དབྱིབས་གཉན་རིམས་སྔོན་འགོག་སླད་ཡིན་སྐོར་སོགས་གསུངས།