ཟླ་བ་ ༧ ཚེས ༡ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡ རེས་གཟའ་ལྷག་པ།

 

༄༅། །བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་ལོ་འདི་ཧྲིལ་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་ལོར་སྲུང་བརྩི་ཞུ་རྒྱུར་གཏན་འབེབས་གནང་བ་ལྟར། ༸རྒྱལ་བའི་བཀའ་དྲིན་རྗེས་དྲན་དང་༸སྐུའི་འཁྲུངས་སྐར་བསུ་བའི་རྟེན་འབྲེལ་མཚོན་ཕྱིར་བོད་ཀྱི་ཟློས་གར་ཚོགས་པས་འདི་ལོའི་དབྱར་སྐྱིད་རྐང་བྲོ་གླུ་གཞས་འགྲན་བསྡུར་འདི་བཞིན་ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡ ཉིན་རྒྱ་གར་ནང་གི་ཕྱི་དྲོའི་ཆུ་ཚོད་ ༥ ཐོག་ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་བརྒྱུད་ཐད་སྲིང་ཞུ་རྒྱུ།

བོད་ཀྱི་ཟློས་གར་ཚོགས་པའི་དབྱར་སྐྱིད་ནི། ལོ་རབས་དྲུག་ཅུའི་སྨད་ཙམ་ནས་འགོ་འཛུགས་ཞུས་ཏེ། བྲོ་པ་རྒན་གཞོན་བར་གསུམ་གྱིས་རྣམ་དཔྱོད་ཀྱི་རྩལ་འདོན་སའི་གར་སྟེགས་ཤིག་དང་། སྲོལ་རྒྱུན་བོད་ཀྱི་ཡུལ་ལུང་ཁག་གི་རྐང་བྲོ་གླུ་གཞས་འཁྲབ་སྲོལ་བཅས་ལ་ཉམས་ཞིབ་དང་དཔྱད་བསྡུར་གནང་སྟེ། རྒྱལ་ལུ་རུ་ཁག་དང་རྔོན་པ་རུ་ཁག་བར་རྟིང་རྩོད་ཀྱིས་འགྲན་སྡུར་གནང་གི་ཡོད་ལ། གདོད་མ་ནས་བརྒྱུད་པའི་བོད་ཀྱི་བཞད་གད་གཏམ་གླེང་དང་གཏམ་བརྗོད་ཟློས་གར་སོགས་ཀྱང་འཁྲབ་ཀྱིན་ཡོད། །

Share with your friends










Submit