གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༧ རེས་གཟའ་མིག་དམར།

༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཀྱི་ཝུ་ཧན་ཏོག་དབྱིབས་གཉན་རིམས་ཛ་དྲག་ངལ་སེལ་ཚོགས་ཆུང་ནས་བཏང་གནས་ནང་འཁོད་དོན། རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ ༡༩ ཁྱབ་གདལ་འགོ་འཛུགས་སྐབས་འདི་གའི་ཁྱབ་ཁོངས་མང་ཚོགས་ལ་རིན་ཆེན་རིལ་སྲུངས་སྨན་རྩིས་ཁང་བརྒྱུད་མང་ཚོགས་ལ་ཁུངས་འགྲེམས་ཞུས་ཐུབ་པ་བྱུང་ཡོད།

འདི་གའི་ཚོགས་པ་འགའ་ཞིག་ནས་ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༣༡ ཉིན་ཁྱབ་ཁོངས་ཁ་འཐོར་གནས་སྡོད་ཉམ་ཐག་གྲངས་ ༡༢ དང་། དབང་པོ་སྐྱོན་ཅན་ ༡༧ རྒས་ཕོགས་བཞེས་བཞིན་པ་རྒས་འཁོགས་གྲངས་ ༥ དེ་བཞིན་བོད་མི་དཀའ་ངལ་ཅན་གྲངས་ ༨ བཅས་ལ་སྐམ་ཟས་རིགས་བགོས་འགྲེམས་ཞུས་ཡོད། གཞན་ཡང་ཁང་གླ་སྤྲོད་མ་ཐུབ་རིགས་གྲངས་ ༥ ལ་ཁང་གླའི་མཐུན་འགྱུར་ཞུས་ཡོད།

འདི་ག་མཆོད་འཇོར་ཉེ་འཁྲིས་སུ་རྟེན་གཞི་བྱས་པའི་རེ་བ་དང་གདོང་ལེན་ཚོགས་པའི་ (Hope & Challenge) འགན་འཛིན་དགེ་བཤེས་བསོད་ནམས་དབང་ཆེན་ལགས་ཀྱིས་མཆོད་མཇོར་དང་འཇོ་ཁེལ་ཁུལ་གྱི་བོད་མི་དངོས་ཡོད་དཀའ་ངལ་ཅན་རྣམས་དང་བལ་པོའི་མི་སེར་སྒོ་གྲངས་བཞི་བརྒྱ་ལྷག་ཙམ་ལ་ཟས་རིགས་ཀྱི་མཐུན་འགྱུར་གནང་ཐུབ་པ་བྱུང་འདུག

དཔལ་ལྡན་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་ཏོག་དབྱིབས་ནད་ཡམས་རྐྱེན་པས་ཁ་ཐོར་མི་མང་ཁྲོད་ནས་ལས་ཀ་ཤོར་བ་དང་། ཁང་གླ་དཀའ་ངལ་ཡོད་རིགས་ལ་ད་རེས་ཐེངས་གཅིག་རིང་ངལ་སེལ་གུན་སྐྱོབ་གནང་རྒྱུ་ལས་གཞིའི་ཁོངས་ཁྱབ་ཁོངས་ཁ་འཐོར་མི་གྲངས་ ༡༣༡ ལ་ས་གནས་ནས་རྒྱབ་གཉེར་ཞུས་དོན་བཞིན་རོགས་དངུལ་བལ་སྒོར་ ,༠༠༠ རེར་བསྡོམས་བལ་སྒོར་ ,༠༤༨,༠༠༠ གནང་སོན་བཞིན་དོ་བདག་སོ་སོར་ཁུངས་འགྲེམས་ཞུས་ཡོད་བཅས། །