ཟླ་བ་ ༦ ཚེས ༡༦ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡༧ རེས་གཟའ་མིག་དམར། 

༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡༧ རེས་གཟའ་ལྷག་པའི་ཉིན་དྲ་ལམ་བརྒྱུད་ཇཻ་པུར་རྩོམ་རིག་དུས་སྟོན་གྱི་དཔའ་ངར་ལྡན་པའི་འཛམ་གླིང་ JLF Brave New World  ཞེས་པ་དང་འབྲེལ་སྔ་དྲོ་ཆུ་ཆོད་ ༩ ནས་ ༡༠ བར་རྩོམ་པ་པོ་དང་གསར་འགོད་པ་གྲགས་ཅན་ཕི་ཀོ་ཨ་ཡར་ Pico Iyer ལགས་དང་ལྷན་དུ་གྲོས་མོལ་གནང་གཏན་འཁེལ་འདུག

དེ་ཡང་མཛད་རིམ་འདི་བཞིན་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་སྐད་རིགས་སོ་སོའི་དྲ་ལམ་ནས་ཐད་གཏོང་ཞུ་རྒྱུ་ཡིན་འདུག་པ་བཅས། །