ཟླ་བ་ ༦ ཚེས ༢༣ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༢༣ རེས་གཟའ་མིག་དམར།

༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༢༢ ཉིན་ཡུ་རོབ་སྤྱི་མཐུན་ཚོགས་པ་དང་རྒྱ་ནག་ལྷན་ཚོགས་ EU-China Summit ཐེངས་ ༢༢ དེ་བརྙན་འཕྲིན་བརྒྱུད་ཚོགས་ཡོད་པ་དང་། སྤྱིར་བཏང་བྱས་ན་ལྷན་ཚོགས་དེ་བཞིན་འདི་ལོར་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འཚོགས་རྒྱུ་ཡིན་འདུག 

དེ་ཡང་ཡུ་རོབ་སྤྱི་མཐུན་ལྷན་ཁང་གི་གཙོ་འཛིན་ Charles Michel མཆོག་དང་། ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོ་ Ursula von der Leyen མཆོག ཡུ་རོབ་སྤྱི་མཐུན་ཚོགས་པའི་ཕྱི་འབྲེལ་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་་ Josep Borrell མཆོག རྒྱ་ནག་གི་སྲིད་བློན་ལི་ཁི་ཆང་ Li Keqiang བཅས་མཉམ་ཞུགས་གནང་ཡོད་པ་དང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིན་དང་བསམ་ཚུལ་བརྗེ་ལེན་གནང་ཡོད། 

འགོ་ཁྲིད་རྣམ་པས་བརྗོད་གཞི་ཁག་འདྲ་མིན་ཐོག་གོ་བསྡུར་གནང་ཡོད་ནའང་། སྤྱི་ཡོངས་ནས་གཤམ་གསལ་བརྗོད་གཞི་གཙོ་ཆེ་བ་ཁག་བཞིའི་ཐོག་གོ་བསྡུར་གནང་ཡོད།

ཏོག་དབྱིབས་གཉན་རིམས་དང་དཔལ་འབྱོར་ཉམས་པ་སླར་གསོ།

ཡུ་རོབ་སྤྱི་མཐུན་ཚོགས་པ་དང་རྒྱ་ནག་འབྲེལ་ལམ།

ཧོང་ཀོང་དང་ཡུ་རོབ་སྤྱི་མཐུན་ཚོགས་པར་འགྲོ་བ་མིའི་ཐོབ་ཐང་གི་གལ་གནད།

རྒྱལ་སྤྱིའི་གནད་དོན་བཅས་ཡིན།

སྐབས་དེར་ཡུ་རོབ་སྤྱི་མཐུན་ཚོགས་པས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐོར་དང་། གཞི་རྩའི་རང་དབང་ལ་བཀག་སྡོམ་བྱེད་བཞིན་པའི་སྐོར། གཞན་ཡང་ཡུ་རོབ་སྤྱི་མཐུན་ཚོགས་པའི་འགོ་ཁྲིད་རྣམས་ནས་མ་འོངས་པར་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་དམ་བསྒྲགས་ཆུང་དུ་ཕྱིན་པ་ཡིན་ན། ལོ་འདིའི་ལོ་མཇུག་ཏུ་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་སྐོར་གྲོས་མོལ་ཡོང་རྒྱུའི་རེ་འདུན་བཅངས་བཞིན་ཡོད་སྐོར་སོགས་གླེང་སློང་གནང་ཡོད། 

སྤྱིར་འདི་ལོའི་ཕྱི་ཟླ་ ༩ ནང་ཡུ་རོབ་སྤྱི་མཐུན་ཚོགས་པའི་ཚོགས་མི་རྒྱལ་ཁབ་ ༢༧ གྱི་འགོ་ཁྲིད་དང་རྒྱ་ནག་དབར་ཇར་མན་གྱི་གྲོང་ཁྱེར་ལེབ་ཛིག་ས་གནས་སུ་ལྷན་ཚོགས་ཚོགས་གཏན་འཁེལ་བ་དེ་ཉིད་ཕྱིར་འཐེན་བྱས་ཡོད། འོན་ཀྱང་ཡུ་རོབ་སྤྱི་མཐུན་ཚོགས་པ་ངོས་ནས་འདི་ལྟ་བུའི་ལྷན་ཚོགས་འཚོགས་རྒྱུའི་གོ་སྐབས་བྱུང་ཚེ་ཚོགས་འདོད་ཡོད་སྐོར་གསུང་། །

Share with your friends










Submit