ཟླ་བ་ ༦ ཚེས ༢༩ ༢༠༢༠
 གསར་ལས་ཁང་གི་གསར་འགོད་པས།

 ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༢༩ རེས་གཟའ་ཟླ་བ། 

༄༅། །རྒྱ་ནག་གྲོང་ཁྱེར་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་འཛམ་གླིང་ས་ཕྱོགས་གང་སར་ཁྱབ་བརྡལ་འགྲོ་བཞིན་ཡོད་པ་མ་ཟད། ནད་ཡམས་དེ་བཞིན་རྒྱ་གར་ནང་དུའང་གློ་བུར་དུ་ཁྱབ་བརྡལ་བྱུང་བའི་ཛ་དྲག་གནས་སྟངས་ལ་བརྟེན་ནས་རྒྱ་གར་གཞུང་གི་ཏོག་དབྱིབས་གཉན་རིམས་སྔོན་འགོག་སླད། ཕྱི་ཟླ་ ༣ ནང་རྒྱ་གར་རྒྱལ་ཡོངས་ཐེམ་སྤང་བཀའ་རྒྱ་བསྡམས་ཡོད་པ་ལྟར་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ལམ་སྟོན་བཞིན་ནང་སྲིད་ཁྱབ་ཁོངས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ས་གནས་འགོ་འཛིན་རྣམས་ནས་ཀྱང་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ནང་དུའང་ཐེམ་སྤང་བཀག་རྒྱ་བསྡམས་གནང་ཡོད།

ཉེ་ཆར་རྒྱ་གར་རྒྱལ་ཡོངས་ནང་འགྲུལ་སྐྱོད་གུ་ཡངས་བཏང་སྟབས། བོད་མི་མང་པོ་ཞིག་ས་གནས་དང་བོད་མིའི་སྒྲིག་འཛུགས་ཀྱི་ལམ་སྟོན་གཞིར་བཟུང་རང་རང་སོ་སོའི་གཞིས་ཆགས་སུ་བདེ་འབྱོར་ཐུབ་པ་བྱུང་ཡོད་པ་མ་ཟད། གཞིས་ཆགས་སོ་སོར་ཐོ་འགོད་ཀྱིས་བོད་མིའི་སྒྲིག་འཛུགས་ནས་གོ་སྒྲིག་གནང་བའི་འགོག་དབྱེ་ཟུར་འཇོག་ཁང་དུ་ཟུར་བཀག་ནང་བཞུགས་ཡོད། 

ད་བར་བོད་མི་གྲངས་ ༡༡༡༩ ཐམ་པ་རང་གནས་སུ་བདེ་འབྱོར་ཐུབ་པ་བྱུང་ཡོད་པ་བཅས། །